མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གྲོས་ཚོགས་གོང་འོག་དང་གནད་ཡོད་མི་སྣར་མཇལ་འཕྲད།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨོ་གླིང་གྲོས་ཚོགས་གོང་འོག་གཉིས་ཀྱི་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

Senator Deborah O’Neill, MP Susan Templeman, Senator Dean Smith, Former Deputy Prime Minister & MP Michael Francis McCormack, and Former Speaker of the House and MP Andrew Bruce Wallace.

ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༤ བར་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། ཚེ་རིང་སྒྲོལ་མ་ལགས། ཆོས་གྲགས་རྒྱ་མཆོ་ལགས། རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་བཅས་ཀྱི་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས། ཨོ་གླིང་དང་ནེའུ་ཛི་ལེན་ཌི་གཉིས་སུ་གཞུང་འབྲེལ་སྐོར་སྐྱོད་གནང་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་ཨོ་གླིང་ཐའེ་ཝན་གཞུང་ཚབ་ཆེན་མོ་སྐུ་ཞབས་ཞུས་ཡེས་ཐིན་(Douglas Yu-tien Hsu) ལགས་དང་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་བོད་དང་ཐའེ་ཝན་ཐུན་མོང་གི་དཀའ་ངལ་དང་། འགན་འཁྲི་སོགས་ཀྱི་གནད་དོན་སྐོར་བགྲོ་གླེང་གནང་ཡོད་འདུག ཉིན་རྒྱབ་ཨོ་གླིང་གྲོས་ཚོགས་གོང་མའི་ཕྱོགས་འགལ་ཚོགས་པའི་སྐུ་ཞབས་སི་མོན་བྷིར་མིང་གྷ་ཧམ་ (Simon Birmingham) ལགས་དང་། ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ཌེ་ཝི་ཌི་མུ་ནི་ཛི་ (David Muniz) ལགས་སོགས་ལ་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ། ཨོ་གླིང་བོད་དོན་ལྷན་ཁང་གི་འགན་འཛིན་འབུམ་རམས་པ་ཛོའི་བྷེ་ཌི་ཕོར་ཌི་ལགས་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་འབུམ་རམས་པ་ཛོའི་ལགས་ཀྱིས་ཨོ་གླིང་གི་མང་གཙོའི་འགྲོ་ལུགས་སྐོར་ངོ་སྤྲོད་གནང་ཡོད་པ་དང་། ཨོ་གླིང་རྒྱལ་སྤྱིའི་སློབ་གཉེར་ཁང་གི་འགན་འཛིན་འབུམ་རམས་པ་བྷེ་རེ་སི་ཝེག་ཧྥིལ་ཊི་ (Dr. Byrce Wakefield) ལགས་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་འདུག ཉིན་དེའི་ཉིན་རྒྱབ་ཏུ་ཨོ་གླིང་དབུས་གྲོས་ཚོགས་ཀྱི་ཚོགས་ཁང་དུ། ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌེ་བྷོ་རཱ་ཨོ་ནིལ་ (Deborah O’Neill) ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་སུ་སན་ཊེམ་པལ་མན་ (MP Susan Templeman) ལགས། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌེན་སི་མིཏི་ ( Dean Smith) ལགས། ཨོ་གླིང་གི་སྲིད་བློན་གཞོན་པ་ཟུར་པ་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མེ་ཀལ་ཧྥ་རན་སིས་མེཀ་ཀོར་མེཀ་( Michael Francis McCormack) ལགས། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨན་ཌི་རིའུ་བྷུ་རུ་སི་ཝ་ལེ་སི་(Andrew Bruce Wallace) ལགས། གྲོས་ཚོགས་འོག་མའི་འཐུས་མི་སོ་ཧྥི་ཡ་སི་ཀེམ་སི་ (Dr. Sophie Scamps) ལགས་བཅས་སུ་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྙན་དོན་ཚན་བཅུ་གཉིས་ཅན་ཞིག་ཕུལ་ཡོད་པ་དང་། ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཞུ་སྙན་གྱི་དོན་ཚན་ཁག་གི་ཐོག་གང་ཐུབ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག་ལ། དགོང་དྲོར་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་པར་ཕེབས་བསུ་དང་ཆེ་བསྟོད་སླད། གྲོས་ཚོགས་ནང་གསོལ་སྟོན་ཞིག་བཤམས་ཤིང་། སྐབས་དེར་ཨོ་གླིང་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ཤཱ་རོན་ཁེ་ལེ་ཊོན་ (Sharon Clayton) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོར་ཌོན་ཨེ་ལེག་ཛན་ཌར་སི་ཊི་ལེ་ཇོན་ (Jordon Alexander Steele-John) ལགས་སོགས་ཕེབས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨོ་གླིང་ཝིག་ཊོ་རི་ཡ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་རེ་ཨི་ཌི་ཝར་ཌ་སེ་ལགས་དབུ་བཞུགས་ཐོག བོད་ཀྱི་གནད་དོན་གལ་གནད་ཇི་ཆགས་ (Why Tibet Matters) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་།  སྐབས་དེར་ལྕམ་སྐུ་ལགས་ཀྱིས། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་མི་སྒེར་དང་། ལྷག་པར་དུ་ཨོ་གླིང་གྲོས་ཚོགས་ཀྱི་རྒྱབ་སྐྱོར་དང་གདོང་ལེན་གནང་ཕྱོགས། དེ་བཞིན་ཝིག་ཊོ་རི་ཡ་མངའ་སྡེའི་ནང་ཉེ་ལམ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བྱས་པ་མཚོན་པའི་ཨོ་གླིང་གཞུང་སྒེར་གཉིས་ཀྱིས་བོད་ནང་གི་བོད་མིའི་གནས་བབ་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱ་དགོས་སྐོར་གསུངས་འདུག་ལ། སྤྱི་འཐུས་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་གཏམ་བཤད་དང་དྲི་བ་དྲི་ལན་སོགས་གནང་ཡོད་ཅིང་། སྐབས་དེར་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་དང་། རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས། མེལ་བྷོན་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསམ་འགྲུབ་ལགས་དང་། ཚོགས་གཞོན་ཆོས་གྲགས་ལགས། མེལ་བྷོན་ས་གནས་དང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་ནོར་འཛིན་ལགས་བཅས་ཀྱིས་ཀྱང་མཉམ་ཞུགས་གནང་ཡོད་འདུག

Tibetan parliamentary delegation continues advocacy in Australia

ཉིན་དེའི་དགོང་མོར་ཨོ་གླིང་དུ་ཕེབས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་མེལ་བྷོན་ཁུལ་གྱི་བོད་རྒྱ་མཛའ་འབྲེལ་ཚོགས་པས་ཆེད་བསྟོད་གསོལ་ཚིགས་ཤིག་གོ་སྒྲིག་བྱས་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་བོད་རྒྱ་མི་རིགས་གཉིས་ལ་ཚད་ལས་འདས་པའི་དྲག་གནོན་དང་སྡུག་སྦྱོང་གཏོང་མུས་ཡིན་པ་སོགས་ཀྱི་ཐད་ལ་གྲོས་མོལ་བྱུང་ཡོད། དེ་བཞིན་ཁུལ་དེའི་གནད་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ་སོགས་ལའང་ཐུག་འཕྲད་གནང་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༢ བར་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། བསྟན་འཛིན་ཆོས་འཛིན་ལགས་བཅས་ཀྱིས་ཨ་རིའི་ཆི་ཀ་གོ་ (Chicago) གྲོང་ཁྱེར་དུ་འཚོགས་གཏན་ཁེལ་བའི་ཕྱི་ལོ་  ༢༠༢༤ ལོའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ཚོགས་འདུ་ (2024 International Leaders Forum) ཁྲོད་མཉམ་ཞུགས་བྱ་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་༢༢ ནས་ ༢༦ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་ཀུན་དགའ་བསོད་སྟོབས་ལགས་གཉིས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་སྤྲོད་ཆེད་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ་བྱམས་པ་ཚེ་རིང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་བ་ལས་བཏུས།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༣ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༢༤ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese