མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་སྒྲོམ་གཞིར་བསྐྱར་ཞིབ་བྱ་དགོས་པའི་ནན་སྐུལ་ཡང་བསྐྱར་བྱས་འདུག

Unsplash/Grey Zhang Xinjiang, an autonomous territory in northwest China.

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་གིས་བོད་དང་ཤར་ཊུ་ཀི་སི་ཐན་མི་རིགས་ཀྱི་ཐོབ་ཐང་དང་ཆོས་དད་རང་དབང་། དེ་བཞིན་རྒྱ་ནག་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ལ་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་ཁག་ལ་བསྐྱར་ཞིབ་དགོས་པ་དང་རྒྱ་ནག་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་ཁག་དང་འགལ་བའི་བྱ་སྤྱོད་རིགས་ལ་མུ་མཐུད་རྟོག་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

དེ་འབྲེལ་གནས་ཚུལ་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་དང་ལྷན་དུ་རྒྱ་ནག་ནང་གི་ཛ་དྲག་གི་གནད་དོན་ཐོག་གླེང་སློང་བྱས་ཡོད་ཅིང་། དེའི་ཁྲོད་རྒྱ་ནག་གཞུང་གིས་བོད་དང་ཤར་ཊུ་ཀི་སི་ཐན་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཆོས་ལུགས་རང་དབང་སོགས་ལ་གནོད་སྐྱོན་བཟོ་ཐབས་ཀྱི་སྲིད་ཇུས།  དྲག་སྤྱོད་རིང་ལུགས་བཀག་སྡོམ་གྱི་ཁྲིམས་དང་སྲིད་ཇུས་ཟེར་བ། ཉེས་ཁྲིམས། དེ་བཞིན་ཧོང་ཀོང་ནང་འདྲ་མཉམ་ཡོང་བ་དང་དབྱེ་འབྱེད་མེད་པ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་། སེམས་འཚབ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་འདུག

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་མགྲིན་ཚབ་པ་ར་ཝི་ན་ (Ravina Shamdasani) ལགས་ཀྱིས། ཕྱི་ཟླ་ ༧ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་མི་ཁག་ཅིག་རྒྱ་ནག་ཏུ་ཕྱིན་ནས། ཤར་ཊུར་ཀི་སི་ཐན་ནང་དུ་དཀའ་རྙོག་ཅན་གྱི་ཁྲིམས་དང་སྲིད་ཇུས་ལག་བསྟར་མུ་མཐུད་བྱེད་བཞིན་ཡོད་སྟབས། ང་ཚོས་རྒྱ་ནག་གི་དཔོན་རིགས་རྣམས་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱལ་ཁབ་ཀྱི་བདེ་འཇགས། དྲག་སྤྱོད་པ་བཀག་སྡོམ་གྱི་སྲིད་ཇུས་ཟེར་བ་སོགས་ལ་བསྐྱར་ཞིབ་བྱ་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཡར་རྒྱས་གཏོང་དགོས་སྐོར། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་ཉེས་འཛུགས་འོག་མནར་གཅོད་གཏོང་བཞིན་པ་སོགས་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས། ཞེས་བརྗོད་འདུག

རྒྱ་ནག་ནང་གི་མི་ཚང་མའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གོང་འཕེལ་སླད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་དང་སྤྱི་དམངས་ཀྱི་ཚོགས་སྡེ་ཁག་དང་ལྷན་དུ་འབྲེལ་ལམ་རྒྱུན་མཐུད་བྱས་ཏེ། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བའི་མི་སྒེར་ལ་འཇིགས་སྐུལ་དང་རྒྱ་ནག་ནང་ལོགས་ཀྱི་གནས་ཚུལ་རིགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པར་མ་ལྟོས་པར་རྒྱ་ནག་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྗེས་འདེད་རྟོག་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ད་དུང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་དང་ལྷན་དུ་གར་སོང་ཆ་མེད་དུ་གྱུར་བ་དང་། གང་བྱུང་འཛིན་བཟུང་བཀག་ཉར་བྱས་པའི་མི་རྣམས་ཀློད་གྲོལ་གཏོང་དགོས་པ་དང་།  ཁོ་ཚོའི་ནང་མིར་མི་དེ་དག་གི་གནས་སྟངས་དང་གང་དུ་ཡོད་མེད་སོགས་གསལ་འདོན་དགོས་པའི་སྐུལ་མའང་བྱས་ཡོད་འདུག་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་ཝོལ་ཀར་ (Volker Türk) ལགས་ཀྱིས་རྒྱ་ནག་གཞུང་དང་ལྷན་དུ་མུ་མཐུད་གླེང་མོལ་བྱས་ཏེ། གནོད་འཚེ་ཕོག་པའི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཞུ་གཏུགས་བྱ་རྒྱུའི་དམ་བཅའ་འཇོག་ཡོད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༣༡ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་གིས་ཤར་ཊུ་ཀི་སི་ཐན་གྱི་གྲངས་ཉུང་མི་རིགས་ནང་གི་དྲག་སྤྱོད་ཟེར་བར་དམིགས་ཏེ་ཐལ་སྤྱོད་སྲིད་ཇུས་ལག་བསྟར་གྱིས་རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་པ་དང་འབྲེལ་བའི་སྙན་ཐོ་བཏོན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

སྐར་མ ༢༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese