མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རང་དབང་དང་དྲང་བདེན། མང་གཙོ་ཚད་དང་ལྡན་པ་ཡོང་རྒྱུར་དགོངས་པ་བཞེས་དགོས་གལ་ཆེ་སྐོར་སོགས་གསུངས་སོང་།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༤།༠༩།༢༠༢༤

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སློབ་སྟོན་པ་ཐུབ་བསྟན་སྙན་གྲགས་ལགས། དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས། མི་མང་ཁྱོན་ ༧༠ ཙམ་ཚང་འཛོམས་བྱུང་ཡོད་འདུག

ཐོག་མར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལོ་རྒྱུས་དང་། འབྱུང་རིམ་ངོ་སྤྲོད་གནང་བ་དང་འབྲེལ། ལོ་ལྟར་མང་གཙོ་ཚོགས་པའི་ངོས་ནས་དགུན་ཚོང་དང་གཞིས་ཆགས་ཁག་ཏུ་དཔལ་འབྱོར་མཁོ་སྒྲུབ་བྱ་རྒྱུའི་ཆེད་སྐོར་སྐྱོད་དུ་འགྲོ་ཡི་ཡོད་ཀྱང་། མ་འོངས་པར་དཔལ་འབྱོར་མཁོ་སྒྲུབ་ཀྱི་ཆེད་དུ་དགོང་ཚོགས་འཚོག་འཆར་ཡོད་པ་དང་། མཐོ་སློབ་དང་གཞིས་ཆགས་ཁག་ཏུ་མང་གཙོའི་གོ་རྟོགས་དང་ལས་འགུལ་སྣ་མང་སྤེལ་འཆར་ཡོད་སྐོར་དང་། བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་དགོས་པ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་གང་མང་སྤེལ་དགོས་སྐོར་སོགས་བརྗོད་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་ལ་འཚམས་འདྲི་ཞུས་པ་དང་བསྟུན། ཚོགས་པ་དང་སྒྲིག་འཛུགས་ཁག་ཚགས་ཚུད་པོ་དགོས་པ་དང་། ཚོགས་པ་ཁག་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ན་ལེགས་པོ་ཡོད་པ་མ་ཟད། ཚོགས་པ་སོ་སོའི་ངོས་ནས་ལས་འགུལ་སྣ་མང་སྤེལ་དགོས་གལ་ཆེ་ཁར། དྷ་ས་མེག་གྷན་ཁུལ་དུ་ལས་འགུལ་སྤེལ་བ་ཙམ་མིན་པར་དམིགས་བསལ་གྱིས་ལྡི་ལི་རུ་ལས་འགུལ་ངེས་པར་དུ་སྤེལ་དགོས་སྐོར་དང་། མ་འོངས་པར་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་མང་གཙོའི་འཕེལ་རིམ་སྐོར་ལ་ཁྱབ་སྤེལ་བྱ་རྒྱུ་དེ་གནད་འགག་ཡིན་པར་བརྟེན། དོ་ནན་པོའི་ཐོག་ནས་ཁྱབ་སྤེལ་བྱ་གལ་ཆེ་ཞིང་། ཚོགས་མི་རྒྱ་སྐྱེད་གཏོང་ཐབས་བྱས་ཏེ། ལས་དོན་ཚང་མའི་ཐོག་སེམས་ཤུགས་མ་ཆགས་པར་འགན་འཁུར་གནང་དགོས་སྐོར་བརྗོད་སོང་།

གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་བོད་རྒྱལ་ཁབ་བཙན་འཕྲོག་བྱས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་དགོས་པའི་གནས་སྟངས་བྱུང་བ་ནས་བཟུང་། ཕྱི་ལོ་ ༡༩༦༠ ལོར་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་དགོངས་པ་གཞིར་བཟུང་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོའི་གཞུང་དབུ་བརྙེས་པ་རེད། བཙན་བྱོལ་གྱི་མི་མང་རྣམས་ཆབ་སྲིད་ཀྱི་ཕོངས་པའི་མི་རིགས་ཤིག་དང་འཐབ་རྩོད་པ་ཞིག་རེད། བོད་ནང་དུ་བཞུགས་པའི་བོད་མི་རྣམས་ང་ཚོའི་འཐབ་རྩོད་ཀྱི་མ་རྩ་རེད། ཁོང་རྣམ་པའི་ལྷག་བསམ་དང་། སྙིང་སྟོབས། སེམས་ཤུགས་ཞུམ་པ་མེད་པ་རེད། བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཡིད་ཆེས་དང་རེ་བ་བྱེད་ས་ནི་བཙན་བྱོལ་དུ་བཞུགས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུས་པའི་ང་ཚོ་བཙན་བྱོལ་བ་མི་རེ་ངོ་རེ་རེད། དེར་བརྟེན། ང་ཚོས་དེ་དག་དུས་ནམ་ཡང་བརྗེད་རྒྱུ་མེད། བཙན་བྱོལ་བོད་གཞུང་གི་ལས་འགན་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་རྒྱུ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འགྲིག་འཇགས་ཡོང་ཐབས་ཐོག་རྒྱལ་སྤྱིའི་གཙོས་པའི་གནད་དོན་ཐོག་ཕྱག་ལས་གནང་གི་ཡོད་པ་རེད། མང་ཚོགས་རྣམས་ཀྱིས་ཀྱང་བོད་ནང་གི་བོད་མི་རྣམས་ཀྱི་རེ་བ་དང་བློས་གཏོང་དེ་དག་མ་བརྗེད་པར་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་ཀྱི་མང་གཙོའི་འཕེལ་རིམ་སྤྱིའི་སྐོར་ངོ་སྤྲོད་དང་སྦྲགས ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་ཐོག་ནས་ཆབ་སྲིད་ཚོགས་པའི་ལམ་ལུགས་དགོས་པའི་དགོངས་པ་བཞེས་ནས། ༧གོང་ས་མཆོག་གི་བཀའ་ལུང་ལ་བརྟེན་ནས་རྒྱལ་ཡོངས་མང་གཙོ་ཚོགས་པ་ཐོག་མར་གསར་འཛུགས་བྱས་པ་རེད། དེ་གལ་ཆེན་པོ་ཞེ་དྲགས་རེད། མ་འོངས་པར་གོམས་པ་གང་འདྲ་སྤོས་རུང་མི་མང་གི་འདོད་མོས་ལྟར་ཡིན་པ་དང་། མི་མང་དང་མགོ་ཁྲིད་ཀྱི་རྣམ་དཔྱོད་ཟུང་འབྲེལ་གྱི་ཐོག་ནས་མང་གཙོའི་ལམ་ལ་འགྲོ་ཐུབ་དགོས་ཀྱི་ཡོད་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མང་གཙོ་གསོལ་རས་གནང་བ་དང་། ལག་ལེན་བསྟར་མཁན་གྱི་མི་མང་ལ་རྣམ་དཔྱོད་དགོས་ཀྱི་ཡོད་པར་བརྟེན། མི་མང་ལ་གོ་རྟོགས་དང་ཤེས་ཡོན། གུ་ཡངས། བློས་གཏོང་སོགས་དགོས་ཀྱི་ཡོད་ཅིང་། དེང་སང་མང་གཙོ་མཚན་ཉིད་ཚང་བ་ཡོང་བར་དཀའ་ངལ་མང་པོ་འཕྲད་ཀྱིན་ཡོད་པའི་གཞི་རྩ་གཙོ་བོ་ནི་མགོ་ཁྲིད་ཀྱི་ཕྱོགས་ཞེན་ཆེ་དྲགས་པ་དང་། ཡང་ན་མང་ཚོགས་ཀྱི་ཕྱོགས་ཞེན་ཆེ་དྲགས་ནས་བརྡབ་གསིག་ཡོང་གི་ཡོད་པར་བརྟེན། ཆབ་སྲིད་ཚོགས་པ་དགོས་པ་དང་དེའི་ལས་དོན་གནང་ཕྱོགས་དེ་མང་གཙོའི་ལྟ་གྲུབ་ཐོག་ནས་འགྲོ་ཐུབ་དགོས་སྐོར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་། རང་དབང་དང་། དྲང་བདེན། མང་གཙོ་ཚད་དང་ལྡན་པ་ཡོང་རྒྱུར་དགོངས་པ་བཞེས་ཐུབ་དགོས་གལ་ཆེ་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese