མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ནང་རང་བྱུང་གོད་ཆག་རྐྱེན་གྱིས་མི་གྲངས་ ༡༧༠ འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༤/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

རང་བྱུང་གོད་ཆག་གི་རྐྱེན་གྱིས་བལ་ཡུལ་གྱི་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཐེབས་མུས་ཡིན་པ་མ་ཟད་འདི་ལོའི་དགུན་ཁར་བལ་ཡུལ་དུ་གློག་གི་དཀའ་ངལ་འཕྲད་ཉེན་ཡོད་འདུག

Flood and landslides claim 170 lives in Nepal. PHOTO:Gopen Rai/AP,September 28, 2024.

འདས་པའི་ཉིན་ཤས་རིང་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་སོགས་སུ་ཆར་པ་ཤུགས་ཆེན་བབས་ཏེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་མོ་ཞིག་འབྱུང་མུས་ཡིན་ཞིང་། དེ་རིང་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ (THE ECONOMIC TIMES) གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། འདས་པའི་ཉིན་གྲངས་གཉིས་རིང་བལ་ཡུལ་གྱི་རྒྱལ་སའི་ཁུལ་དུ་ཆུ་ལོག་དང་རི་ཉིལ་གྱི་གནོད་འཚེའི་འོག ཉུང་མཐར་མི་གྲངས་ ༡༧༠ རྐྱེན་འདས་དང་། མི་གྲངས་ ༤༢  ལྷག་བོར་བརླག   མི་གྲངས་ ༡༡༡ ལ་རྨས་སྐྱོན་ཐེབས། དེ་བཞིན་རྒྱལ་ས་ཀ་ཐི་མན་ཌུའི་ལུང་གཤོངས་གཙོས་ཁུལ་དེའི་ཉུང་མཐར་དུད་ཚང་ ༣༢༢ ལྷག་གི་འཚོ་གནས་ལ་དོ་ཕོག་འགྲོ་དང་འགྲོ་མུས་ཡིན་འདུག

གནད་དོན་དེའི་ཐད་བལ་ཡུལ་ནང་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་རི་ཤི་རཱམ་ཊི་ཝ་རི་ (Rishiram Tiwari) ལགས་ཀྱིས། བལ་ཡུལ་གཞུང་གིས་ཚོགས་སྡེ་ཁག་གི་འབོད་སྐུལ་བཞིན་གནོད་འཚེ་ཐེབས་པའི་ཡུལ་དངོས་ནས་གང་ལྕོགས་ཀྱིས་མྱུར་སྐྱོབ་དང་། རྟོག་ཞིབ། ངལ་སེལ་གྱི་རོགས་འདེགས་ཞུ་མུས་ཡིན། བརྡིབ་སྐྱོན་ཤོར་བའི་གཞུང་ལམ་དག་གཙང་སེལ་བྱས་ནས་བསྐྱར་གསོའི་ལས་དོན་ལ་ཞུགས་མུས་ཡིན་ལ། མངའ་སྡེ་དང་རྫོང་རིམ་པའི་རང་བྱུང་གོད་ཆག་གི་གནོད་འཚེ་དོ་དམ་ལྷན་ཚོགས་གཉིས་ཀྱིས་ཀྱང་ང་ཚོ་དང་ལྷན་མཉམ་ལས་བྱེད་མུས་ཡིན། ཞེས་བརྗོད་འདུག

བལ་ཡུལ་ནང་འབྱུང་མུས་ཡིན་པའི་རང་བྱུང་ཁོར་ཡུག་གི་གནོད་འཚེའི་ཁྲོད། བལ་ཡུལ་གྱི་དུད་ཚང་ ༣༢༢ ལྷག་ལ་གནོད་འཚེ་བྱུང་ཡོད་པའི་ཁྲོད། མི་གྲངས ༤༠༠༠ ལྷག་མྱུར་སྐྱོབ་བྱེད་ཐུབ་ཡོད་ཅིང་། རྒྱལ་ཁབ་ཀྱི་གཞུང་ལམ་གྲངས་ ༤༧།  ཟམ་པ་ ༡༦ བརྡིབ་སྐྱོན་དང་ཆུ་མཛོད་གས་འཐོར་སོགས་བྱུང་དང་འབྱུང་མུས་ཡིན་པའི་ཁར། ཁ་སང་ཕྱི་ཚེས་ ༢༩ ཉིན་བལ་ཡུལ་ནུས་ཤུགས་དང་ཆུ། ཆུ་འདྲེན་བློན་ཆེན་ལས་ཁུངས་(Ministry for Energy, Water Resources and Irrigation ) ཀྱིས། ཐེངས་འདིའི་བལ་ཡུལ་ནང་གི་རང་བྱུང་གོད་ཆག་གི་དབང་གིས། བལ་ཡུལ་རྒྱལ་ཡོངས་ཀྱི་ཆུ་འདོན་གློག་ཚིགས་གསུམ་ཆ་གཅིག་སྟེ་ཆུ་འདོན་གློག་ཚིགས་ ༡༡ དང་། ད་ལྟ་འཛུགས་སྐྲུན་གྱི་ལས་དོན་གཉེར་མུས་ཡིན་པའི་ཆུ་འདོན་གློག་ཚིགས་ ༡༥ ལྷག་ལ་གཏོར་སྐྱོན་ཐེབས་ནས་ཉུང་མཐར་ཨ་སྒོར་ས་ཡ་ ༡༠།༡ ལྷག་གི་གྱོང་གུད་ཐེབས་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

ད་ལྟ་བལ་ཡུལ་གཞུང་གིས་མྱུར་སྐྱོབ་མི་སྣ་གྲངས་ ༥༠༠༠ དོན་རྐྱེན་འབྱུང་མུས་ཡིན་པའི་ཡུལ་དངོས་སུ་མངགས་ཏེ་གནམ་ས་གཉིས་ནས་མྱུར་སྐྱོབ་ཀྱི་ལས་དོན་གཉེར་མུས་ཡིན་པའི་ཁར། བལ་ཡུལ་ནང་གི་སློབ་གྲྭ་ཁག་རེ་ཞིག་སྒོ་བརྒྱབ་སྟེ། བལ་ཡུལ་དུ་གནས་སྡོད་བྱེད་མུས་ཡིན་པའི་མི་མང་རྣམས་འགྲིམ་འགྲུལ་རིགས་ཇེ་ཉུང་དུ་བཏང་ནས་ཉེན་སྲུང་དང་། མཚན་མོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་ལུང་གཤོངས་སུ་འགྲིམ་འགྲུལ་བཀག་སྡོམ་བྱས་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༢༧ དང་ ༢༨ བཅས་ཉིན་གྲངས་གཉིས་རིང་བལ་ཡུལ་ནང་ལོགས་སུ་འཕུར་སྐྱོད་བྱེད་མུས་ཡིན་པའི་གནམ་གྲུ་དག་བཀག་སྡོམ་བྱས་འདུག དེ་བཞིན་བལ་ཡུལ་གྱི་ཀ་ཐི་མན་ཌུ་ལུང་གཤོངས་ནས་རྒྱ་གར་ཤར་རྒྱུད་ཀྱི་བྷི་ཧར་མངའ་སྡེ་ནང་བཞུར་མུས་ཡིན་པའི་བྷག་མ་ཌི་(Bagmati) གཙང་པོ་འཕེལ་ཏེ། བྷི་ཧར་མངའ་སྡེའི་སི་ཏ་མ་ཧ་རི་(Sitamarhi) རྫོང་ཁོངས་ཀྱི་ས་ཁུལ་བཞིའི་ནང་ཆུ་ལོག་གི་གནོད་འཚེ་འབྱུང་མུས་ཡིན་པ་མ་ཟད། བལ་ཡུལ་དུ་ཆུ་ལོག་རྒྱུག་ཉེན་ཡོད་པའི་སེམས་འཚབ་ཀྱང་བྱེད་མུས་ཡིན་འདུག ཐེངས་འདིའི་ས་རུད་དང་རི་ཉིལ། ཆར་ཞོད་སོགས་ཀྱི་དབང་གིས་བལ་ཡུལ་རྒྱལ་ཡོངས་ཀྱི་གློག་སྡོང་དང་། གློག་ཚིགས། ས་འོག་ཏུ་ཡོད་པའི་གློད་སྐུད་སོགས་ཆད་སྐྱོན་བྱུང་ཡོད་སྟབས། བལ་ཡུལ་རྒྱལ་ཡོངས་གློག་གི་དོ་དམ་འགན་འཛིན་ཀུལ་མན་(Kul Man) ཟེར་བས། བལ་ཡུལ་གཞུང་གིས་འདི་ལོའི་དགུན་དུས་སུ་གློག་གི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ཐད་ལ་གདོང་ལེན་བྱ་དགོས་པ་ཞིག་ཡིན་ཏེ། ཆད་སྐྱོན་དང་གཏོར་སྐྱོན་ཐེབས་པའི་གློག་སྡོང་དང་གློག་ཚིགས་སོགས་ཉམས་གསོ་བྱེད་པར་དུས་ཚོད་ངེས་ཅན་ཞིག་འགོར་ངེས་རེད། ཅེས་བརྗོད་འདུག

ལོ་ལྟར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཆར་དུས་སྐབས་ཆུ་ལོག་དང་རི་ཉིལ་སོགས་ཀྱི་དོན་རྐྱེན་མང་དག་ཅིག་འབྱུང་གི་ཡོད་ལ། ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་ནང་ཆུ་ལོག་བརྒྱུགས་ནས་མི་གྲངས་ ༦༥ རྐྱེན་འདས་སུ་གྱུར་ཡོད་པ་རེད། གནམ་གཤིས་བརྟད་དཔྱད་ཆེད་མཁས་པ་རྣམས་ཀྱིས། འདས་པའི་ལོ་ཤས་གོང་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་གི་དབང་གིས། དེང་སྐབས་འཛམ་གླིང་གི་ས་གནས་མང་པོར་ནམ་དུས་ཀྱི་དབྱེ་མཚམས་འབྱེད་མི་ཤེས་པར་གློ་བུར་དུ་གནམ་གཤིས་འགྱུར་ལྡོག་ཤུགས་ཆེན་འགྲོ་མུས་ཡིན་སྟབས། བལ་ཡུལ་ཙམ་དུ་མ་ཟད་ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་ཁག་ཏུ་རང་བྱུང་གི་གོད་ཆག་མི་ཉུང་བ་ཞིག་འཕྲད་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese