མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིགས་ལམ་འདུ་འཛོམས་སྐབས་བཅུ་གཅིག་པ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་བོད་སློབ་ནང་ཁུལ་གྱི་སྐབས་བཅུ་གཅིག་པའི་རིགས་ལམ་འདུ་འཛོམས་ཐོག་བོད་སློབ་ཁག་དྲུག་གི་སློབ་ཕྲུག་གྲངས་ ༣༠༠ ལྷག་མཉམ་ཞུགས་གནང་འདུག

ཧི་མ་ཅལ་མངའ་སྡེའི་བོད་སློབ་ནང་ཁུལ་གྱི་སྐབས་བཅུ་གཅིག་པའི་རིགས་ལམ་འདུ་འཛོམས། པར་ཐད་གཏོང་ནས་བླངས།

ཕྱི་ཟླ་ ༩ ཚེས་ ༣༠ ནས་ཕྱི་ཟླ་ ༡༠ ཚེས་ ༥ བར་ཉིན་གྲངས་དྲུག་རིང་བོད་ཁྱིམ་གོ་པལ་པུར་དུ། ཧི་མ་ཅལ་མངའ་སྡེའི་བོད་སློབ་ནང་ཁུལ་གྱི་སྐབས་བཅུ་གཅིག་པའི་རིགས་ལམ་འདུ་འཛོམས་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ངག་དབང་ལྷ་མོ་ལགས། གོ་པལ་པུར་བོད་ཁྱིམ་དབུ་འཛིན་སྐལ་བཟང་ཕུན་ཚོགས་ལགས། གོ་པལ་པུར་བོད་ཁྱིམ་སློབ་སྤྱི་ཀརྨ་ཤེས་རབ་མཐར་ཕྱིན་ལགས། སློབ་གྲྭ་ཁག་གི་ལྟ་གྲུབ་སློབ་དཔོན་རྣམས། དེ་བཞིན་སུ་ཇཱ་བོད་ཁྱིམ་དང་། དྷ་སྟེང་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། དཔེ་སྟོན་སློབ་གྲྭ  སེ་ལ་ཀུལ་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་བཅས་ཀྱི་འཛིན་རིམ་ལྔ་བ་ནས་དགུ་བ་བར་གྱི་སློབ་ཕྲུག་ཁྱོན་གྲངས་ ༣༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རིགས་ལམ་འདུ་འཛོམས་ཀྱི་གལ་གནད་སྐོར་ལ་གོ་པལ་པུར་བོད་ཁྱིམ་སློབ་སྤྱི་ཀརྨ་ཤེས་རབ་མཐར་ཕྱིན་ལགས་སུ་དྲིས་པར་ཁོང་གིས། ལོ་ལྟར་ཤེས་ཡོན་ཚོགས་འདུའི་སྐབས་སུ་བརྗོད་གཞི་གཅིག་ནི་སློབ་གྲྭའི་ནང་རིགས་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་གི་སྡིངས་ཆའི་སྟེང་མི་མང་ལ་རིགས་ལམ་བརྒྱུད་ནས་ལེགས་སྐྱེས་ཆེ་ཤོས་ཤིག་འབུལ་ཐུབ་རྒྱུ་རེད་ཅེས་གསུངས་ཡོད་པ་བཞིན། སློབ་ཁྲིད་ཀྱི་ཐབས་ལམ་ནང་རིགས་ལམ་སྦྱར་ནས་སློབ་ཁྲིད་བྱེད་བཞིན་ཡོད། དགེ་རྒན་ཚོས་ཀྱང་དབྱར་ཁའི་ཟླ་གཉིས་ཙམ་རིང་རིགས་ལམ་སློབ་བཞིན་ཡོད། སྔོན་མ་རིགས་ལམ་འདུ་འཛོམས་ཐོག་སློབ་ཕྲུག་ཉུང་ཉུང་མ་གཏོགས་མཉམ་ཞུགས་བྱེད་ཀྱི་མེད། ད་ལན་སེ་ལ་ཀུལ་བོད་ཁྱིམ་ནས་སློབ་ཕྲུག་གྲངས་ ༢༠ མ་གཏོགས། སློབ་གྲྭ་གཞན་རྣམས་ནས་སློབ་ཕྲུག་གྲངས་ ༥༠ རེ་མཉམ་ཞུགས་གནང་བཞིན་ཡོད། སྔོན་མ་ལྟ་གྲུབ་སློབ་དཔོན་རྣམས་ཀྱིས་གང་འཁྲིད་པ་དེ་སློབ་ཕྲུག་གིས་བློ་འཛིན་བྱས་ཏེ་སྐྱོར་བཞིན་ཡོད། ད་ལྟ་སློབ་ཕྲུག་རྣམས་ཀྱིས་རང་ཉིད་ཀྱི་རིག་པ་བཏང་སྟེ་རྩོད་པ་རྒྱག་གི་འདུག དེ་ནི་ཧ་ཅང་སེམས་ཚོར་དགའ་བ་སྐྱེ་དགོས་པ་ཞིག་རེད། སྤྱིར་སློབ་ཕྲུག་ཡོངས་ལ་རིགས་ལམ་ཐོག་གོ་རྟོགས་ཡག་པོ་བྱུང་འདུག ཅེས་འགྲེལ་བརྗོད་གནང་བྱུང།

མ་འོངས་བའི་རིགས་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ཁོང་གིས། ང་ཚོས་རིགས་ལམ་ཐོག་སློབ་ཁྲིད་ཀྱི་ཤུགས་རྒྱག་རྒྱུ་ཡིན། དེ་ཡང་བོད་ཡིག་དང་། དབྱིན་ཡིག ཨང་རྩིས། ཚན་རིག་སོགས་རིགས་ལམ་སློབ་ཁྲིད་ཀྱི་ཐབས་ལམ་ཐོག་ནས་ནུས་པ་སྤུངས་ཐུབ་ཚེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་དང་། སློབ་ཕྲུག་གི་མི་ཚེ་ནང་རིག་པའི་ལམ་ནས་ལེགས་ཉེས་བླང་དོར་འབྱེད་ཐུབ་པའི་མི་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ད་དུང་ཡིན་ཡང་ང་ཚོས་རིགས་ལམ་ཐོག་འབད་བརྩོན་བྱེད་དགོས་ཀྱི་འདུག་ལ། ང་ཚོས་མུ་མཐུད་དུ་རིགས་ལམ་ཐོག་འབད་བརྩོན་བྱེད་པའི་དམ་བཅའ་བརྟན་པོ་ཡོད། ཅེས་བརྗོད་བྱུང་།

མཛད་སྒོའི་ཐོག་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ངག་དབང་ལྷ་མོ་ལགས་ཀྱིས། དབྱིན་ཡིག་དང་ཚན་རིག་སོགས་ཀྱི་སློབ་ཚན་ས་ཆ་གང་དུའང་སློབ་སྦྱོང་བྱེད་རྒྱུ་ཡོད། ཡིན་ནའང་བོད་པའི་སློབ་གྲྭ་ནས་མི་འདྲ་བ་ཞིག་ནི་བོད་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་གི་སློབ་སྦྱོང་ཡིན། རིགས་ལམ་དེའང་ལས་རིམ་གྱི་ངོ་བོ་ཙམ་མིན་པར་སློབ་ཚན་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད། དེའང་སློབ་གྲྭ་ཁག་གི་ལྟ་གྲུབ་སློབ་དཔོན་རྣམས་ཀྱིས་རིགས་ལམ་སློབ་ཁྲིད་ལ་ཧུར་བརྩོན་བྱེད་བཞིན་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ཧ་ཅང་དཀའ་ལས་མང་པོ་རྒྱག་གི་ཡོད། ཅེས་བརྗོད་སོང་།

དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། ང་ཚོས་ཨང་རྩིས་དང་ཚན་རིག་སོགས་རིགས་ལམ་གྱི་ཐབས་ལམ་ཐོག་སློབ་ཁྲིད་བྱེད་ཐུབ་ཚེ། འཛམ་གླིང་གི་ཤེས་ཡོན་སློབ་གསོའི་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲོ་སྟངས་ཀྱིས་ཞབས་འདེགས་ཞུ་ཐུབ་པར་བསམ་གྱི་ཡོད། དགེ་རྒན་དང་སློབ་ཕྲུག་ཡོངས་ཀྱིས་བསམ་བློ་དེའི་ཐོག་འབད་བརྩོན་ཞུ་རྒྱུ་གལ་ཆེན་པོ་རེད། ཐེངས་འདིའི་རིགས་ལམ་འདུ་འཛོམས་སྐབས་སུ་ཕན་ཚུན་གྱི་བསམ་བློ་བརྗེ་རེས་དང་བློ་བསྐྱེད་གསར་བ་ལེན་དགོས། དེའི་ཁྲོད་དུ་སློབ་གཉེར་བའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་ངེས་ཡིན། དེང་སྐབས་སློབ་གྲྭ་ནས་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་རྣམ་པ་འགྱུར་བཞིན་ཡོད་པས། དུས་ཀྱི་འགྱུར་བ་དང་བསྟུན་ནས་ཤེས་ཡོན་ཡར་རྒྱས་ཐད་བསམ་བློའི་ཁ་ཕྱོགས་གསར་བ་འཚོལ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

ཆུ་ཚོད་ ༣ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

ཆུ་ཚོད་ ༨ སྔོན་ལ།
དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་ལ་ངོ་རྒོལ་བྱས་འདུག  པར་དབང་།GATPM ༢༠༢༥།༦།༡༤
Mobile App

དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་ལ་ངོ་རྒོལ་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་ཅིག་བཏོན། བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས། ༢༠༢༥།༦།༡༧
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་བཏོན།

༢༠༢༥/༠༦/༡༧
Mobile App

ཨ་ཕ་གསེར་གྱི་ཕོར་བའི་རྐང་སྤོལ་འགྲན་ཚོགས་སྒང་ཏོག་ཏུ་འཚོག་མུས་ཡིན་འདུག 

༢༠༢༥/༠༦/༡༧
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

༢༠༢༥/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese