མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོན་པོ་སྐྱིད་ལགས་སུ་དྲང་བདེན་གྱི་ཁྲིམས་བཤེར་ཐག་གཅོད་བྱུང་མེད་པ་རེད།

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

མགོན་པོ་སྐྱིད་ལགས་ཀྱིས་ལྷ་སའི་ཁྲན་ཀཱན་སྤྱི་བདེ་ཉེན་རྟོག་ཁང་ཞུ་གཏུགས་བྱས་ཡོད་ཀྱང་། ཁྲིམས་ཁང་གིས་མགོན་པོ་སྐྱིད་ཀྱི་ཞུ་གཏུགས་དོན་ཚན་ལྔ་ལ་ངོས་ལེན་མ་བྱས་པའི་ཁར། རྒྱ་གཞུང་ཉེན་རྟོག་པས་ཁོང་མོར་གང་བྱུང་གཅར་རྡུང་བཏང་སྟེ་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ནི་ཁྲིམས་མཐུན་ཡིན་ལུགས་བརྗོད་འདུག

ལྷ་ས་གྲོང་ཁྱེར་གྱི་ཁྲན་ཀཱན་རྫོང་ཁྲིམས་ཁང་གིས་མགོན་པོ་སྐྱིད་ལགས་ལ་བཀོད་པའི་བཅད་ཁྲའི་ཡིག་ཆ། པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲོག་སྦྱོར་བྱས།

ཕྱི་ཟླ་ ༩ ཚེས་ ༢༤  ཉིན་ལྷ་ས་གྲོང་ཁྱེར་ཁྲན་ཀཱན་རྫོང་ཁྲིམས་ཁང་གིས་མགོན་པོ་སྐྱིད་ཀྱིས་ཁྲན་ཀཱན་སྤྱི་བདེ་ལས་ཁུངས་ཞུ་གཏུགས་བྱས་པའི་ཉེས་མིང་ལྔ་ཆ་ཚང་རྩིས་མེད་བཏང་འདུག་ཅིང་། མགོན་པོ་སྐྱིད་ཀྱི་ཞུ་གཏུགས་དེ་འདི་ལོའི་ཕྱི་ཟླ་ ༣ ནང་བྱས་པ་ཞིག་ཡིན་པ་རེད་ལ། གཙོ་བོ་ཁོ་མོས་ཞི་བའི་སྒོ་ནས་རང་གི་གཅེན་པོ་རྡོ་རྗེ་བཀྲ་ཤིས་ཀློད་གྲོལ་ཡོང་སླད་ཞི་བའི་ལས་འགུལ་སྤེལ་བར། ལྷ་སའི་ཁྲན་ཀཱན་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཉིན་བཅུའི་རིང་བཙོན་འཇུག་བྱས་པ་དེས་ཁོ་མོའི་ཐོབ་ཐང་ལ་གནོད་འགལ་བྱས་ཡོད་ཅེས་ཞུ་གཏུགས་བྱས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་ལྷ་ས་གྲོང་ཁྱེར་གྱི་ཁྲན་ཀཱན་རྫོང་ཁྲིམས་ཁང་གིས་ཤོག་ངོས་ ༡༦ ཡོད་པའི་བཅད་ཁྲའི་ཡིག་ཆའི་ནང་། ཕྱི་ལོ་ ༢༠༢༢ ཟླ་ ༦ པ་ནས་བཟུང་བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལགས་ཀྱིས་ཁོང་མོའི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གནད་དོན་ལ་དྲང་བདེན་གྱིས་ཐག་གཅོད་ཡོང་སླད། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གཙོས་པའི་ས་གནས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་མདུན་དུ་ཕྲེད་དར་རིགས་བསྣམས་པ་དང་ཕྱག་འཚལ་བ་སོགས་ཀྱི་ཞུ་གཏུག་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་མ་ཟད། དེས་ས་གནས་ཁྲིམས་ཁང་དང་ཉེན་རྟོག་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་ལ་འགོག་རྐྱེན་བཟོས་ཡོད་ཚུལ་དང་། ཞུ་གཏུག་དེ་དག་གིས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་འཚེ་སྐྱེལ་ཡོད་ཚུལ་བཤད་དེ། ལྷ་ས་ཉེན་རྟོག་པས་ཁོང་མོ་འཛིན་བཟུང་བཙོན་འཇུག་གིས་གཅར་རྡུང་བཏང་བར་བརྟེན། མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲན་ཀཱན་ས་ཁུལ་སྤྱི་བདེ་ཡན་ལག་ལས་ཁུངས་སུ་ཁྲིམས་གཏུག་བྱས་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་ཁྲིམས་གཏུག་རྩོད་གཞིའི་གྱོད་དོན་དེ་ངོས་ལེན་བྱས་ཡོད་ལུགས་བཤད་ཀྱང་། ཕྱི་ཟླ་ ༦ ཚེས་ ༢༧ ཉིན་ལྷ་ས་གྲོང་ཁྱེར་གྱི་ཁྲན་ཀཱན་མི་དམངས་ཁྲིམས་ཁང་དུ་ཁྲིམས་ར་འཚོགས་ནས་བྱ་སྤྱོད་དེ་དག་ཁྲིམས་མཐུན་ཡིན་ལུགས་བརྗོད་པ་མ་ཟད། ཁྲིམས་འགལ་གྱི་དངོས་ཡོད་གནད་དོན་གསལ་པོ་མེད་པ་དང་བདེན་དཔང་མེད་ཚུལ་སོགས་བཤད་དེ། མགོན་པོ་སྐྱིད་ལགས་ཀྱི་ཁྲིམས་གཏུག་དེར་ངོས་ལེན་བྱས་མེད་པ་སོགས་གསལ་འདུག ད་དུང་མགོན་པོ་སྐྱིད་ལགས་ཀྱིས་ཐེངས་འདིའི་ཁྲིམས་ཐག་དེ་ལ་འདོད་བློ་མ་ཁེངས་ཚེ། ཉིན་གྲངས་ ༡༥ ནང་ཚུད་དུ་གྱོད་གཞི་དེ་གོང་རིམ་ཁྲིམས་ཁང་ལ་གཏུག་དགོས། ཞེས་སོགས་གསལ་འདུག

དེ་འབྲེལ་མགོན་པོ་སྐྱིད་ལགས་ཀྱིས་བརྙན་ཐུང་ཞིག་བཟོས་ཡོད་པའི་ནང་། ཁོང་མོས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ལས་དོན་རིགས་གང་ཡང་བྱས་མེད་ཀྱང་། ལྷ་སའི་རྒྱ་ནག་ཉེན་རྟོག་པས་ཁོང་མོར་འཛིན་བཟུང་བཙོན་འཇུག་དང་། གཅར་རྡུང་ཚད་མེད་བཏང་སྟེ་ནད་པར་བཏང་ཡོད་པ་མངོན་གསལ་དང་། གལ་ཏེ་ས་གནས་རྒྱ་གཞུང་ཉེན་རྟོག་པས་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ཡོད་པའི་དྲང་བདེན་གྱི་ཁྲིམས་བཤེར་གཙོས་པའི་ཁྲིམས་ཀྱི་ལམ་ལུགས་ཇི་བཞིན་ལག་བསྟར་མ་བྱས་ཚེ། དེ་སྔ་ལྟར་མུ་མཐུད་དུ་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༢༠ ལོ་སྟེ་རྡོ་རྗེ་བཀྲ་ཤིས་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་དེར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༠ དང་ ༡༦། ཟླ་ ༧ ཚེས་ ༥ དང་ ༡༣། ཕྱི་ཟླ་ ༨ ཚེས་ ༢། ཕྱི་ཟླ་ ༨ ཚེས་ ༢༥ ། ཕྱི་ཟླ་ ༡༢ ཚེས་ ༡༣ བཅས་སུ་མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གི་མདུན་སོགས་ལ་སྔ་གཞུག་ཏུ་ཐེངས་ ༧ ལྷག་ལ་ཟས་བཅད་ངོ་རྒོལ་དང་རྐྱང་ཕྱག་འཚལ་བ་སོགས་བྱས་ནས་ཞུ་འབོད་ལས་འགུལ་སྤེལ་བར་བརྟེན། འདས་ལོའི་ཞི་བའི་ལས་འགུལ་མཐའ་མའི་སྐབས་རྒྱ་གཞུང་གིས་མགོན་པོ་སྐྱིད་ལགས་ཉིན་གྲངས་དགུའི་རིང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་གི་བཟའ་ཟླ་ཆོས་སྐྱོང་ལགས་ཉིན་གྲངས་ལྔའི་རིང་བཀག་ཉར་བྱས་ཏེ་ཕྱིས་སུ་ཀློད་གྲོལ་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་ས་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་ཏེ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་འབྲེལ། གཅེན་མོ་མགོན་པོ་སྐྱིད་དང་མོའི་ཁྱོ་ག་ཆོས་སྐྱོང་གཉིས་ལ་གཅར་རྡུང་བཏང་ནས་འཇིགས་སྐུལ་བྱས་པ་ཉུང་ཉུང་མིན་ལ། འདས་ལོའི་ཕྱི་ཟླ་ ༨ ནང་མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་ཆེས་མཐོའི་ཁྲིམས་ཁང་གི་མདུན་དུ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་སྐབས། རྒྱ་ནག་ཉེན་རྟོག་པ་སྐོར་ཞིག་ཡོང་ནས་ཁོང་མོ་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས་ཡོད་པ་དང་། དང་པོ་བཙན་འཁྲིད་བྱེད་སྐབས་བདེ་པོ་ཐང་པོ་ཡིན་ཡང་ཀློད་གྲོལ་ཐོབ་སྐབས་འགུལ་སྐྱོད་མི་ཐུབ་པར་རོ་ལྟ་དང་ལུས་ལ་གཅར་རྡུང་བཏང་ནས་སྔོ་སྨུག་གིས་ཁེངས་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་རྡོ་རྗེ་བཀྲ་ཤིས་ལགས་མཉམ་ཞུགས་དང་སྐུལ་སློང་བྱས་པའི་མ་ཉེས་ཁ་གཡོགས་ཀྱིས་ཟླ་མང་པོའི་རིང་འཛིན་བཟུང་བྱས་ཏེ་མནར་གཅོད་བཏང་ཡོད་ཀྱང་། ཁོང་ལ་ཉེས་འཛུགས་བྱས་པ་ཅི་ཡང་ཁས་ལེན་བྱས་མེད་པས། རྒྱ་གཞུང་ནས་ཡང་བསྐྱར་ཁོང་ལ་ཁ་བྲལ་རིང་ལུགས་པར་དཔལ་འབྱོར་གྱི་རོགས་རམ་བྱས་པའི་ནག་ཉེས་ཤིག་བཙུགས་ཀྱང་། ནག་ཉེས་ཀྱི་དཔང་རྟགས་ཅི་ཡང་སྟོན་ཐུབ་མེད་པས། མཐར་ཁོང་ལ་བུ་ལོན་གཡོ་ལེན་བྱས་པའི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་རྒྱ་ནག་པེ་ཅིན་སོགས་སུ་ཁྲིམས་རྩོད་པ་ལ་བགླས་ནས་ཁྲིམས་གཏུགས་རབ་དང་རིམ་པ་མང་པོ་བྱས་ཀྱང་། ཁྲིམས་གཏུགས་ལ་དྲང་བདེན་ཅི་ཡང་མ་བྱུང་པས། མཐའ་མ་ཐབས་ཟད་འུ་ཐུག་གིས་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ལྷ་སའི་ཁྲིམས་ཁང་གི་སྒོ་མདུན་དང་། བཙོན་ཁང་གི་མདུན་དུ་ཉིན་རེ་བཞིན་ལས་འགུལ་སྤེལ་དགོས་བྱུང་ཡོད་ཅིང་། རྒྱ་ནག་གི་རྩ་ཁྲིམས་ཐོག་ནས་དྲང་བདེན་ཅི་ཡང་བྱུང་མེད་པའི་ནག་ཉེས་ལ་བསྐྱར་ཞིབ་བྱ་དགོས་སྐད་འབོད་བརྒྱབ་པས། ཁོང་མོ་གཅར་རྡུང་དང་བཙོན་འཇུག་སོགས་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

སྐར་མ ༢༢ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

ཆུ་ཚོད་ ༢༢ སྔོན་ལ།
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢
Mobile App

སྤེན་ཚེ་དང་སྐལ་རྡོར་གྱི་འགྲན་བསྡུར།

༢༠༢༦/༠༡/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese