མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌར་ཡོད་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་དྲུག་ཕྱིར་ཕུད་བཏང་།

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཆོས་དཔོན་ཞིག་ལྐོག་གསོད་བྱས་པའི་དོན་རྐྱེན་དང་འབྲེལ་ནས་རྒྱ་གར་དང་ཁེ་ན་ཌའི་བར་གཞུང་འབྲེལ་སྐུ་ཚབ་མི་སྣ་ཕྱིར་ཕུད་གཏོང་རེས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་ཞན་པོར་གྱུར་ཡོད་འདུག

Ties between India and Canada have been at an all-time low

ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཁེ་ན་ཌའི་གཞུང་གིས་ཁེ་ན་ཌར་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གི་ཆེས་མཐོའི་སྐུ་ཚབ་གཙོས་འབྲེལ་ཡོད་ཕྱི་འབྲེལ་ལས་བྱེད་  ༦ གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ཕྱིར་ཕུད་བཏང་ཡོད་འདུག་ཅིང་། དེ་འབྲེལ་ཁེ་ན་ཌའི་སྲིད་བློན་ཇ་སི་ཊན་ཊུ་རུ་ཌོ་ (Justin Trudeau) མཆོག་གིས། ཕྱིའི་སྲིད་གཞུང་ཞིག་གིས་ཁེ་ན་ཌའི་མི་སེར་ལ་འཇིགས་སྐུལ་དང་དམར་གསོད་བྱེད་པར་ནམ་ཡང་ངོས་ལེན་བྱེད་ཀྱི་མིན། རྒྱ་གར་གཞུང་གིས་ཁོ་ཚོའི་ཕྱི་འབྲེལ་མི་སྣ་སོགས་བེད་སྤྱད་དེ་ཁེ་ན་ཌའི་མི་མང་ལ་དྲག་རྒོལ་བྱེད་པ་དེ་ནོར་འཁྲུལ་ཞིག་རེད། ང་ཚོར་རྒྱ་གར་གཞུང་གི་ལས་བྱེད་པ་ཚོས་མི་མང་གི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་པའི་ཁུངས་སྐྱེལ་ར་སྤྲོད་དང་བདེན་དཔང་གསལ་པོ་ཡོད། ཅེས་བརྗོད་འདུག

རྒྱ་གར་གཞུང་གིས་ཁེ་ན་ཌའི་ནང་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་གང་ཡང་སྤེལ་མེད་པ་དང་། ཁེ་ན་ཌའི་གཞུང་གིས་རྒྱ་གར་གྱི་འབྲེལ་ཡོད་མི་སྣར་འདྲི་རྩད་བྱེད་པའི་བྱ་སྤྱོད་དེར་ངོས་ལེན་མེད་པ་མ་ཟད། ཁེ་ན་ཌའི་སྲིད་བློན་ཇ་སི་ཊན་མཆོག་གིས་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཐབས་བྱེད་བཞིན་ཡོད་པའི་སྐྱོན་འཛུགས་བྱས་ཡོད་འདུག་ལ། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་ཁེ་ན་ཌའི་ཆེས་མཐོའི་སྐུ་ཚབ་ཀྱི་གཙོས་འབྲེལ་ཡོད་ཕྱི་འབྲེལ་ལས་བྱེད་དྲུག་ཕྱིར་ཕུད་བཏང་ཡོད་འདུག

གཞན་ཡང་། ཁེ་ན་ཌའི་ཉེན་རྟོག་ཁང་གི་སྤྱི་ཁྱབ་འགན་འཛིན་མའེ་ཁི་ (Mike Duheme) ཡིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ཞིབ་འཇུག་བྱས་པ་བརྒྱུད་ཁེ་ན་ཌར་གནས་སྡོད་རྒྱ་གར་གྱི་ཕྱི་འབྲེལ་ལས་བྱེད་དང་གཞུང་ཚབ་ཁང་གི་ལས་བྱེད་པ་རྣམས་ཀྱིས་རང་ཉིད་ཀྱི་གོ་གནས་བཀོལ་སྤྱོད་བྱས་ཏེ། རྒྱ་གར་གཞུང་ལ་ཐད་ཀར་དང་། ཡང་ན་སྐུ་ཚབ་གང་རུང་གི་ལམ་ནས་གནས་ཚུལ་བསྡུ་རུབ་ཀྱིས་གསང་བའི་ལས་དོན་སྒྲུབ་ཀྱི་ཡོད་འདུག་ལ། ཉེན་རྟོག་པ་རྣམས་ལ་རྒྱ་གར་གཞུང་གི་ཚབ་བྱས་ཏེ་འཇིགས་སྐུལ་དང་། བཙན་གནོན་སོགས་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་དཔང་རྟགས་ཡོད་པར་བརྟེན། གནད་ཡོད་མི་སྣ་དྲུག་པོ་ཕྱིར་ཕུད་བཏང་ཡོད་སྐོར་སོགས་བརྗོད་ཀྱང་། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས། ད་ལྟའི་ཁེ་ན་ཌ་གཞུང་གིས་གནད་ཡོད་མི་སྣ་དྲུག་གི་བདེ་འཇགས་ལ་འགན་ལེན་བྱེད་པའི་དམ་བཅའ་ལ་ཡིད་ཆེས་བྱེད་ཐབས་བྲལ་བར་བརྟེན། རྒྱ་གར་གཞུང་གིས་ཆེས་མཐོའི་སྐུ་ཚབ་དང་དམིགས་བསལ་གྱི་ཕྱི་འབྲེལ་མི་སྣ། ལས་བྱེད་རྣམས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་སྐོར་བརྗོད་འདུག

ཁེ་ན་ཌའི་རྒྱལ་ཁབ་ནང་སིཀ་ཆོས་ལུགས་ལག་བསྟར་བྱེད་མཁན་གྱི་མི་འབོར་མང་ཤོས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༦ པའི་ནང་ཁེ་ན་ཌའི་ཁོ་ལམ་བྷི་ཡའི་ཞིང་ཆེན་དུ་ཡོད་པའི་སིཀ་ལྷ་ཁང་གི་སྒོ་འགྲམ་ནས་མེ་མདའ་ཐོགས་པའི་མི་གཉིས་ཀྱིས་སིཀ་ཆོས་ལུགས་ཀྱི་མགོ་ཁྲིད་ཧར་ཌིབ་སིང་ལ་མེ་མདའ་འཕངས་ཏེ་བསད་ཡོད་འདུག སྐབས་དེར་ཁེ་ན་ཌའི་གཞུང་གིས་རྒྱ་གར་གྱི་སྐུ་ཚབ་ཁག་ཅིག་གིས་ཁེ་ན་ཌའི་སིཀ་ཆོས་དཔོན་ཧར་ཌིབ་སིང་ལྐོག་གསོད་བྱས་པའི་ཉེས་འཛུགས་བྱས་ཀྱང་། རྒྱ་གར་གྱི་སྐུ་ཚབ་ཁག་ཅིག་ཆོས་དཔོན་དེ་ལྐོག་གསོད་བྱས་པའི་གནས་ཚུལ་དང་ཐད་ཀར་འབྲེལ་བ་ཡོད་པའི་དཔང་རྟགས་གང་ཡང་མེད་འདུག ཧར་ཌིབ་སིང་ནི་ཁ་ལི་སི་ཐན་ (Khalistan) གྱི་རྒྱབ་སྐྱོར་བ་ཞིག་ཡིན་འདུག་ལ། ཁོས་སིཀ་ཆོས་ལུགས་པ་རྣམས་ལ་ཕ་ཡུལ་ལོགས་སུ་དགོས་པའི་དགོས་འདུན་བཏོན་པ་དང་། མང་ཚོགས་ཁྲོད་སིཀ་ཆོས་ལུགས་པ་རྣམས་ལ་སྡོད་ཁང་ལོགས་སུ་དགོས་པའི་ལས་འགུལ་སྤེལ་མཁན་ཞིག་ཡིན་འདུག དེ་སྔ་རྒྱ་གར་གཞུང་གིས་ཧར་ཌིབ་སིང་ནི་དྲག་སྤྱོད་ཁ་བྲལ་རིང་ལུགས་པའི་སྡེ་ཁག་སྣེ་ཁྲིད་མཁན་ཡིན་པའི་འགྲེལ་བརྗོད་ཀྱིས་ཁོ་དྲག་སྤྱོད་པ་ཞིག་ཡིན་སྐོར་བརྗོད་དེ། ཁོའི་རྒྱབ་སྐྱོར་བ་རྣམས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༩ པའི་ནང་ཁེ་ན་ཌའི་སྲིད་བློན་ཇ་སི་ཊུ་རུ་ཌོ་མཆོག་གིས། རྒྱ་གར་གྱི་དཔོན་རིགས་ཁག་ཅིག་གིས་རྒྱལ་ཁབ་དེའི་སིཀ་ཆོས་དཔོན་ཧར་ཌིབ་སིང་ (Hardeep Singh Nijjar) ལྐོག་གསོད་བྱས་པའི་དཔང་རྟགས་ཡོད་སྐོར་དང་། བྱ་སྤྱོད་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་སྐོར་སོགས་བརྗོད་འདུག གནད་དོན་དེ་དང་འབྲེལ་ནས་རྒྱ་གར་དང་ཁེ་ན་ཌའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་མ་ཟད། སྐབས་དེར་རྒྱ་གར་གཞུང་གིས་རྒྱལ་ཁབ་དེའི་ནང་ཡོད་པའི་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཁག་ཅིག་ཇེ་ཉུང་དུ་གཏོང་དགོས་པ་དང་། ཐོངས་མཆན་ལག་ཁྱེར་སྤྲོད་མཚམས་བཞག་ཡོད་འདུག་ལ། ད་སྔ་བར་ཁེ་ན་ཌའི་གཞུང་གིས་ཕྱི་འབྲེལ་མི་སྣ་ ༤༠ ལྷག་ཕྱིར་འཐེན་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese