མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་རྐྱང་ཞིག་གི་སེམས་བསྐྱེད་དང་། དེའི་གྲུབ་འབྲས།

བོད་ཀྱི་དུས་བབ།
༢༠༢༤/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

(གཏོང་ལེན་སྲོལ་འབྱེད་པ་སྐུ་ཞབས་འཇམ་དབྱངས་ལགས་ཀྱི་མཛད་རྗེས་གླེང་བ།)

མི་ཞིག་ལ་མཚོན་ན་ཆེས་གླེང་རིན་ཡོད་པ་ནི། སེམས་པ་བཟང་པོ་ཞིག་ཡོད་པ་དེ་ཡིན་ཞིང་། དེ་བས་ཀྱང་གལ་ཆེ་བ་ནི། སེམས་བསྐྱེད་དེ་ཉིད་ཁ་ཙམ་མིན་པར་ཉིན་རེའི་འཚོ་བའི་ནང་དངོས་སུ་ལག་བསྟར་བྱ་སྤོབས་པའི་སྙིང་སྟོབས་དེ་ཡིན། དེར་བརྟེན་བསམ་བློ་མ་འདྲ་བ་རེ་རེའི་དམིགས་རྣམ་ཐག་གཅོད་བྱ་ཚུལ་གྱིས་མི་དང་མིའི་བར་གྱི་རིན་ཐང་དང་། བརྩི་མཐོང་ལ་བཟང་ངན་དང་མཐོ་དམན་གྱི་ཁྱད་པར་ཤོར་གྱི་ཡོད་ཨང་།

གནད་དོན་དེས་ངས་༸གོང་ས་མཆོག་གི་བཀའ་སློབ་ཅིག་ཝ་ལེར་དྲན་བྱུང་། དེའི་ནང་ཁོང་གི་ཞལ་ནས་བཀའ་སྩལ་དོན།  “ རྒྱ་གར་ལ་འདས་པའི་ལོ་བཞི་བཅུ་ཞེ་གྲངས་ཤིག་གི་རིང་ལ་རིས་མེད་གནང་མཁན་ངས་ངོ་ཤེས་པ་ས་སྐྱའི་མཁན་པོ་རིན་ཆེན་ཁོང་གཅིག་བུ་ཡིན་ ” གསུངས་འདུག དེ་ལྟར་གསུངས་དོན་ཡང་མཁན་པོ་རིན་ཆེན་ལགས་ཀྱིས་བསྟན་པ་རིས་མེད་ལ་ཐོས་བསམ་རྒྱ་ཆེར་མཛད་པའི་ཐོག་མའི་སེམས་བསྐྱེད་དང་། དེ་ལས་བྱུང་བའི་གྲུབ་འབྲས་ལ་གཟེངས་བསྟོད་མཛད་པ་ཞིག་རེད།

བཀའ་སློབ་དེ་ནི་ཁོང་གིས་ཕྱི་ལོ་ ༡༩༩༣ ལོར་ལ་དྭགས་ཞི་བའི་ཚལ་དུ་སྩལ་ཡོད་ཅིང་། དེ་ནི་མིག་སྔར་༸གོང་ས་མཆོག་གིས་བོད་ཀྱི་མཁས་པ་ཞིག་ལ་བསྔགས་པ་མཛད་པ་ཚད་མཐོ་ཤོས་ཀྱི་གྲས་ཡིན། བཀའ་སློབ་དེས་བོད་བརྒྱུད་ནང་བསྟན་པའི་སྡེ་སྤྱི་དང་། ཡང་སྒོས་དགེ་ལྡན་པའི་གདན་ས་ཁག་ཏུ་རིས་མེད་ཀྱི་གསུང་རབ་ལ་ཐུགས་སྣང་དང་སློབ་གཉེར་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

དེ་མཚུངས་སུ། ༸གོང་ས་མཆོག་སྐུ་སྒེར་ལ་མཚོན་ནའང་། ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནོ་བྷེལ་ཞི་བདེའི་ལྷན་ཚོགས་ཀྱིས་ལོ་དེའི་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ཁོང་གི་མཚན་སྙན་སྔར་བས་ཀྱང་འཛམ་གླིང་སྟེང་ཁྱབ་ཡོད་ཅིང་། དེ་ལྟར་འབུལ་དོན་ཡང་༸གོང་ས་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་བརྩེ་དང་། ཆོས་ལུགས་དང་། རིག་གནས། རང་དབང་། དམངས་གཙོ། ཁོར་ཡུག་སོགས་ཡོངས་ཁྱབ་རིན་ཐང་ལ་གཟིགས་ཚུལ། ལྷག་པར་དུ་བཟོད་པའི་གོ་ཆ་བརྟན་པོར་བསྒོས་ཏེ་དགྲ་བོ་གཉེན་དུ་བཀུར་ནས་འཚེ་མེད་ཞི་བའི་ལྟ་སྤྱོད་མིག་དཔེར་འོས་པ་འཇིག་རྟེན་འདིར་སྤེལ་བའི་མཛད་བཟང་ལ་ངོ་མཚར་ཏེ་ཕུལ་བ་ཞིག་ལོས་ཡིན། མདོར་ན། སེམས་བསྐྱེད་ཆེ་ཆུང་གིས་མི་དང་མི་བར་ལ་ངོ་མཚར་བའི་འོད་སྣང་མ་འདྲ་བ་རེ་སྤྲོ་བ་ཆོས་ཉིད་ཡིན་ཨང་།

ད་ཆ་ང་ཚོ་མི་ཡུལ་དུ་གྱར་ནས་དུས་རབས་ཕྱེད་ལྷག་སོང་ཟིན་པ་རེད། དེའི་ཁྲོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ཀྱང་༸གོང་ས་མཆོག་གི་བཀའ་སློབ་སྙིང་ལ་བཅངས་ཏེ་འགྲོ་བ་སྤྱི་དང་། ཡང་སྒོས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱིས་བོད་ཀྱི་སྤྱི་ཚོགས་འདྲ་མིན་ནང་སྲི་ཞུ་སྒྲུབ་བཞིན་པ་མང་པོ་ཞིག་ཡོད་པ་བཤད་མ་དགོས་ཀྱང་། ༸གོང་ས་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་དགོངས་བཞེད་གཞིར་བཟུང་གིས་བོད་ཙམ་དམིགས་ཡུལ་དུ་འཛིན་པའི་འདུ་ཤེས་ཀྱི་ས་མཚམས་དོགས་པོ་དེ་ལས་རིང་དུ་བརྒལ་ཏེ། གོ་ལ་ཧྲིལ་པོ་འདིའི་སྒང་དུ་འཚོ་བཞིན་པའི་མི་ཚང་མ། གཅིག་གྱུར་ཡིན་པའི་འདུ་ཤེས་གཙིགས་སུ་བཀུར་ནས། རྒྱ་གར་དབུལ་ཕོངས་སྤྱི་ཚོགས་ཀྱི་གཏིང་ལ་འཛུལ་ཏེ། སྙིང་རྗེ་དང་གཞན་ཕན་གྱིས་ཆེས་ཉམ་ཐག་པའི་ཕྲུ་གུ་མང་པོའི་འཚོ་བ་དང་། ཤེས་ཡོན་མེད་པའི་དཀའ་ངལ་ལས་བསྒྲལ་དང་སྒྲོལ་བཞིན་པའི་ལས་ཀ་རླབས་པོ་ཆེ་བྱེད་ཕོད་མཁན་ནི་སྐུ་ཞབས་འཇམ་དབྱངས་ཁོང་གཅིག་བུར་གྱུར་ཡོད།

སྐུ་ཞབས་ཁོང་ནི། ཕྱི་ལོ་ ༡༩༩༧ ལོར་བོད་ནས་གསར་དུ་འབྱོར་ཞིང་། ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་རྡ་རམ་ས་ལའི་ཉེ་འཁོར་གྱི་ཉམ་ཐག་བྱིས་པ་ཚོའི་ཆེད་དུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་བདག་གིར་བྱེད་པའི་ “ གཏོང་ལེན ” ཚོགས་པ་དེ་གསར་འཛུགས་གནང་ཡོད། ཁོང་གིས་དེ་ལྟར་གནང་བའི་རྒྱུ་མཚན་ནི། ཉམ་ཐག་པའི་བྱིས་པ་འགས་གད་སྙིགས་ཀྱི་གསེང་ནས་ཟས་ལྷག་སྒུམ་སྟེ་ངན་ངོན་གྱི་མི་ཚེ་སྐྱེལ་བཞིན་པ་དང་། ནད་དང་། ལྟོགས་སྐོམ་གྱིས་མནར་ཏེ་འཆི་བཞིན་པ་མཐོང་རྗེས། ༸གོང་ས་མཆོག་གི་བྱམས་བརྩེའི་ལམ་སྟོན་ཡིད་ལ་དྲན་ཏེ། དེ་དག་གི་ཆེད་ལས་དོན་ཞིག་མ་སྒྲུབ་ན་བཟང་སྤྱོད་དང་འགལ་ཡོང་དགོངས་ནས། ད་གཟོད་རང་གི་མི་ཚེ་དང་། སེམས་བསྐྱེད་གཉིས་ཀ་གཞན་དོན་དུ་བསྔོས་པའི་གྲྭ་རྐྱང་ངོ་མཚར་ཅན་ཞིག་ཡིན།

ངས་ཁོང་ལ་ ‘’ ངོ་མཚར་ཅན་ ‘’ ཞེས་འབོད་དོན་ནི། གསལ་པོར་བཤད་ན། སྐུ་ཞབས་ཁོང་ལ་འུ་ཅག་ལས་ཀྱང་ལྷག་པའི་༸གོང་ས་མཆོག་གི་བྱིན་རླབས་དང་། དམ་པའི་ཆོས་ནས་གསུངས་པའི་གཞན་ཕན་གྱི་བསམ་བློ་རྨ་མེད་པ་ཞིག་ལྡན་པས་ཡིན།

ཀློག་པ་པོ་ལགས། ཁྱེད་ཀྱིས་གཏོང་ལེན་གྱི་སྐུ་ཞབས་ཁོང་གི་སྐོར་ཤེས་སམ། ཁྱེད་ཅག་ཁོང་གིས་མཛའ་བརྩེས་སྐྱོང་བཞིན་པའི་གཏོང་ལེན་སློབ་གླིང་སྟེ། ཉམ་ཐག་པའི་བྱིས་པ་བརྒྱ་ཕྲག་ལས་གྲུབ་པའི་ཤེས་རིག་གི་གླིང་ག་ཆུང་ཆུང་དེར་ཕེབས་མྱོང་ངམ།

གལ་སྲིད་མ་མྱོང་ཚེ། རྡ་སར་འབྱོར་ཐེངས་གཅིག་ལ་གཏོང་ལེན་དུ་ལན་གཅིག་ཕེབས་དང་། གནས་དེ་ནས་བོད་ཀྱི་གྲྭ་རྐྱང་དཀྱུས་མ་ཞིག་གིས་བྱམས་བརྩེ་ཉམས་སུ་བཞེས་པའི་ཞབས་རྗེས་གསལ་པོར་མཐོང་ཐུབ་པར་མ་ཟད། གནས་དེ་ནས། རྒྱལ་ཁབ་ཤོར་ཡང་། གཞན་ཕན་གྱི་སྙིང་སྟོབས་ནམ་ཡང་ཤོར་མ་མྱོང་བའི་བོད་མི་དཀྱུས་མ་ཞིག་གིས་རྒྱ་གར་གྱི་རིམ་པ་ཧ་ཅང་དམའ་བའི་དབུལ་ཕོངས་ཀྱི་སྤྱི་ཚོགས་ཁྲོད་བོད་མིའི་ལྷག་བསམ་གྱི་རང་མདོག་གཙང་མ་ཇི་ལྟར་རྩ་བ་འབུས་ཤིང་ལོ་འདབ་རྒྱས་པའི་ངང་ཚུལ་དེ་མཇལ་ཐུབ་ཅིང་། རྒྱ་གར་ཚ་བའི་ལུང་པ་ནས་གཞན་དོན་དུ་དཀའ་སྤྱད་ཀྱི་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་བའི་བརྒྱུད་རིམ་ཀྱག་ཀྱོག་དེ་གཏིང་ཟབ་པོར་རིག་ཐུབ། ད་དུང་་་་ཁོང་གི་བྱམས་བརྩེའི་སྙིང་སྟོབས་ལས་བྱུང་བའི་རླབས་ཆེན་གྱི་རྨི་ལམ་ཇི་ལྟར་མངོན་དུ་གྱུར་བའི་ལོ་ཟླའི་མཛེས་པ་དག་ཁྲ་ཆུང་མིག་གིས་མཐོང་ཐུབ་པར་མ་ཟད། དྭངས་གཙང་ཡིད་ཀྱིས་རྗེན་པར་མྱོང་ཐུབ་བོ། །

དེས་ཀྱང་ག་ལ་ཚད་དེ། གད་སྙིགས་རྒུམ་སྟེ་འཚོ་བ་སྐྱེལ་བཞིན་པའི་རྒྱ་གར་དབུལ་ཕོངས་ཀྱི་བྱིས་པ་ཁྱུ་ཞིག་ལ། འཚོ་བ་སྦྱར། ཤེས་རིག་བསླབ་སྟེ། མི་ཚེ་དོན་ལྡན་བཟོས་དང་བཟོ་བཞིན་པའི་ཡིད་འཕྲོག་གི་ལྟད་མོ་དག་གཅིག་རྗེས་གཉིས་མཐུད་ཀྱིས་རྟོགས་ཐུབ་བོ། །

མཚམས་འདིར་ངས་སྐུ་ཞབས་ཁོང་གི་སྐྱ་ཆི་ལེར་གྱུར་ཟིན་པའི་དབུ་སྐྲའི་ཁ་དོག་དང་། ནམ་ཡང་འཛུམ་མདངས་ཀྱིས་འཁྱུད་པའི་ཞི་འཇམ་གྱི་བཞིན་རས། དཀའ་ཁག་ཅི་ཙམ་ཆེ་ཡང་མགོ་སྒུར་མ་མྱོང་བའི་ངང་རྒྱུད་རིང་བའི་གཤིས་ཀ ཁ་ཙམ་མིན་པར་འཚོ་བ་དངོས་ཀྱི་ནང་རང་ལས་གཞན་གཅེས་པར་འཛིན་སྤོབས་པའི་སྐུ་ཞབས་ཁོང་དང་ཁོང་ལྟ་བུ་ནི། དུས་རབས་འདིར་བོད་ཀྱི་དགེ་འདུན་པའི་དཔེ་མཚོན་གསོན་པོར་བགྲང་ཆོག་ལ། མིག་དཔེ་ངོ་མར་བཀུར་ཆོག མདོར་ན། ཁོང་གི་སྐུ་གསུང་ཐུགས་ཀྱི་འགུལ་སྐྱོད་རེ་རེས་བོད་དང་བོད་ཀྱི་ཁྱད་ནོར་གླེང་གི་འདུག་ཅིང་། ཁོང་གི་ལྷད་མེད་པའི་འཛུམ་མདངས་རེ་རེས་བོད་ཀྱི་མེས་པོ་གོང་མ་ཚོའི་སྙིང་སྟོབས་དང་མཛད་རྗེས་གླེང་གི་འདུག་པས། རྒྱ་གར་གྱི་བྱིས་པ་བདག་མེད་ཚོ་དང་། ཕ་མ་ཉམ་ཐག་ཚོའི་ཆེད་དུ་རླབས་ཆེན་གྱི་གྲྭ་རྐྱང་ཁོང་སྐུ་ཚེ་བརྟན་དགོས་ཨང་།

ཅེས་པའང་གཏོང་ལེན་གྱི་འགན་འཛིན་སྐུ་ཞབས་འཇམ་དབྱངས་ལགས་ཀྱི་ངོ་མཚར་བའི་མཛད་རྗེས་ལ་སྙིང་ནས་ཡི་རངས་ཏེ་ཨ་འདུས་པས་རང་ཤག་ཏུ་ཤར་མར་བྲིས་སོ། །

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༥ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese