མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་རྒྱལ་ཁབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦར་སི་ལོ་ན་བོད་ཁང་དབུ་བརྙེས་ཏེ་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་དང་བསྟུན་བོད་ཀྱི་ས་བབ་ཆགས་ཚུལ་གྱི་གལ་གནད་དང་འབྲེལ་ནས་གསུང་བཤད་གནང་ཡོད་འདུག

Sikyong Penpa Tsering engages in a two-hour long discourse on the Geopolitical significance of Tibet at Casa Del Tibet Barcelona on 14th November 2024

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༡༤ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦར་སི་ལོ་ནའི་གནམ་ཐང་དུ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ཡུ་རོབ་དང་ཨ་ཧྥི་རི་ཀའི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། སེ་པན་བོད་རིགས་ཚོགས་པ། ས་གནས་བོད་མི། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་ཕེབས་བསུ་སྣེ་ལེན་ཞུས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༦ བར་སྦར་སི་ལོ་ན་བོད་ཁང་ (Casa Del Tibet Barcelona) གི་གོ་སྒྲིག་འོག སྦར་སི་ལོ་ནའི་བོད་ཁང་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་དང་བསྟུན། བོད་ཀྱི་དུས་སྟོན་དང་འགྲོ་བ་མིའི་ཐོབ་ཐང་ཐེངས་བཅུ་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧ པའི་སྟེང་སྦར་སི་ལོ་ན་བོད་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཆུ་ཚོད་གཉིས་རིང་བོད་ཀྱི་ས་བབ་ཆགས་ཚུལ་གྱི་གལ་གནད་ཐད་གསུང་བཤད་གནང་ཡོད་འདུག དེ་རྗེས་སྦར་སི་ལོ་ནའི་ཁུལ་གྱི་ཆབ་སྲིད་མི་སྣ་དང་ཁུལ་དེར་གནས་སྡོད་བོད་རིགས་མང་ཚོགས་མཇལ་འཕྲད་གནང་འཆར་འདུག

ཟླ་འདིའི་ཕྱི་ཚེས ༡༢ ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་ཡུ་རོབ་རྒྱལ་ཁབ་པོར་ཅུ་གྷལ་ (Portugal) གྱི་རྒྱལ་ས་ལི་སི་བྷོན་ (Lisbon) དུ་ཕེབས་འབྱོར་བྱུང་སྟེ། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་ལི་སི་བྷོན་ནང་དུ་རྟེན་གཞི་བྱས་པའི་ལུ་སཱ་གསར་ཁང་ (Lusa News Agency) དང་ཨེག་སི་པི་རེ་སོ་གསར་ཤོག་ཁང་ (Expresso) གཉིས་ལ་བཅར་འདྲི་གནང་གྲུབ་མཚམས། པོར་ཏོ་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ཟུར་པ་དང་། ཆབ་སྲིད་པ་དང་སློབ་དཔོན་པོ་ལོ་མོ་ར་ཡི་སི་ (Paulo de Morais) ལགས་དང་། སློབ་དཔོན་བྷ་ཊ་ལ་ (Dr. Batalha) ལགས་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་འདུག ཕྱི་ལོ་ ༢༠༠༡ དང་ ༢༠༠༧ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་པོར་ཅུ་གྷལ་དུ་ཆིབས་བསྒྱུར་སྐབས། སློབ་དཔོན་པོ་ལོ་མོ་ར་ཡི་སི་ལགས་ནི་གོ་སྒྲིག་གནང་མཁན་གཙོ་བོའི་གྲས་ཤིག་ཡིན་འདུག

ཉིན་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་པོར་ཅུ་གྷལ་གྲོས་ཚོགས་ཀྱི་གཞུང་འཛིན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་རེ་གྷི་ནཱ་ (Regina Bastos) ལགས་དང་། སྐུ་ཞབས་བྷུ་རུ་ནོ་ (Bruno Ventura) ལགས། དེ་བཞིན་ཕྱོགས་འགལ་སྲིད་དོན་ཚོགས་པ་སོགས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ ༦ དང་མཇལ་མོལ་གནང་སྟེ། བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གནད་དོན་དང་། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་འགྲེལ་བརྗོད་ཀྱིས་པོར་ཅུ་གྷལ་གྲོས་ཚོགས་ཀྱི་ངོས་ནས་བོད་ཀྱི་ཛ་དྲག་གི་གནས་སྟངས་སེལ་ཐབས་ལ་འབད་བརྩོན་གནང་རྒྱུའི་རེ་སྐུལ་ཞུས་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་གནད་དོན་ཐད་བཞེངས་ཕྱོགས་གསལ་པོ་བཟོ་ཡོད་པ་ལྟར། པོར་ཅུ་གྷལ་གྲོས་ཚོགས་ཀྱིས་ཀྱང་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་གསལ་པོ་བཟོ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་དང་ལྷན་དུ་སྦེལ་འཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Grupo de Apoio ao Tibete-Portugal) ཚོགས་མི་ཨེ་ལེག་སན་ཌི་ར་ (Alexandra Correia) ལགས་ལྷན་བཅར་ཞུས་ཡོད་པ་རེད།

ཉིན་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་པོར་ཅུ་གྷལ་གྱི་རྒྱལ་ས་ལི་སི་བྷོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་གཞོན་པ་སྐུ་ཞབས་ཌོ་ཧྥི་ (Dough Koneff) ལགས་དང་། ལི་སི་བྷོན་གྱི་ཆོས་དད་རང་དབང་ཚོགས་ཆུང་གི་ཚོགས་གཙོ་ཝེ་ར་ (Dr. Vera Jardim) ལགས་དང་ཐུག་འཕྲད་ཀྱིས་བོད་དོན་གླེང་སློང་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese