མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ཚེ་དེ་རྒྱུན་གནས་ཐུབ་པ་ཞིག་ཡོང་རྒྱུ་ཡིན་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀ་ཊ་ལན་རང་སྐྱོང་མངའ་སྡེའི་གྲོས་ཚོགས་ཀྱིས་ཀྱང་༧གོང་ས་མཆོག་གི་ཡང་སྲིད་གནད་དོན་ཐད་ཨ་རིའི་གྲོས་ཆོད་ལྟ་བུ་ཞིག་གཏན་འབེབས་གནང་གལ་ཆེ་སྐོར་གསུངས་འདུག

Sikyong Penpa Tsering during the meeting with President of the Catalan parliament, Josep Rull

ཁ་སང་ཕྱི་ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧྥ་རན་སི་རྒྱལ་ས་པེ་རི་སི་རུ་གནས་སྡོད་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས། ང་ཚོའི་ལས་འགན་གཙོ་བོ་ནི་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དེ་རེད། བཅའ་ཁྲིམས་ནང་ལ་བོད་དོན་བདེན་མཐའ་གསལ་ཐབས་ལབ་ཀྱི་རེད། དེར་བརྟེན། བོད་ཀྱི་བདེན་མཐའ་གསལ་བར་ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱིས་གཏན་ལ་ཕབ་པ། བོད་མི་མང་ཆེ་བའི་རྒྱབ་སྐྱོར་ཡོད་པ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གྲོས་མགོ་བཏོན་གནང་བའི་དབུ་མའི་ལམ་ཆགས་ཀྱི་ཡོད། དབུ་མ་ཟེར་དུས་དཀྱིལ་དང་། དབུས་སོགས་ལ་གོ་དགོས་ཀྱི་རེད། དེང་སང་འཛམ་གླིང་ནང་གི་ཆབ་སྲིད་པ་མང་པོ་ཞིག་གིས་༧གོང་ས་མཆོག་གི་དགོངས་པ་དང་བསྟུན་ནས་དབུ་མ་ཟེར་བའི་ཐ་སྙད་བེད་སྤྱོད་གཏོང་བ་སོགས་ལག་བསྟར་བྱེད་ཐུབ་རྒྱུའི་འབད་བརྩོན་བྱས་དང་བྱེད་མུས་རེད། དེར་བརྟེན། ང་ཚོའི་ཆབ་སྲིད་ཀྱི་ཐབས་ལམ་དེའང་དབུ་མའི་ཐོག་ལ་ཤར་སྐྱོད་བྱེད་ཀྱི་ཡོད་པ་རེད། ཅེས་དང་།

བོད་ཆོལ་ཁ་གསུམ་གཅིག་ཏུ་བསྡུས་པའི་བོད་མི་རིགས་ཀྱི་ངོ་བོ་ཟེར་བ་འདི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྐྲུན་གནང་བ་སོགས་དབུ་མའི་ལམ་གྱི་འབྱུང་རིམ་ངོ་སྤྲོད་དང་། ད་ལྟའི་བཀའ་ཤག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་འདི་ལ་ཤར་སྐྱོད་བྱེད་པ་དེ་ཐེ་ཚོམ་མེད། འོན་ཀྱང་། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ཇུས་ལ་འགྱུར་བ་ཕྲན་བུ་བཏང་སྟེ་འཚེ་བ་མེད་པ་དང་། གྲོས་མོལ་གྱི་ཐོག་ནས་རྒྱ་མི་རིགས་དང་བོད་མི་རིགས་ལ་ཕན་པའི་གཉིས་སྨན་གྱི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐུབ་པ་ཡིན་ན། མ་འོངས་པར་དཀའ་རྙོག་སེལ་ཐུབ་པ་དེའང་རྒྱུན་གནས་ཐུབ་པ་ཞིག་ཡོང་གི་རེད། ད་ལྟའི་དུས་སུ་དྲག་སྤྱོད་བེད་སྤྱོད་བཏང་སྟེ་འཚེ་བའི་ལམ་ནས་དཀའ་རྙོག་ཡོད་པའི་ས་ཁུལ་ཁག་ ༥༥ ཙམ་ཡོད་པར་བརྟེན། འཚེ་བ་མེད་པ་དང་བྱམས་སྙིང་རྗེ་ཟེར་བ་དེ་དངོས་གནས་དྲང་གནས་ཀྱིས་དགོས་པ་ཆེན་པོ་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀ་ཊ་ལན་རང་སྐྱོང་མངའ་སྡེའི་གྲོས་ཚོགས་ (Catalan Parliament) ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དུ་བོད་དོན་དང་འབྲེལ་བའི་ཉན་ཞིབ་ཚོགས་འདུའི་ནང་གསུང་བཤད་གནང་འདུག་ཅིང་། སྐབས་དེར་གྲོས་ཚོགས་འཐུས་མི་ཨེན་ན་ཏུ་ཌོ་མིན་གྷོ་ (Ennatu Domingo) ལགས། གྲོས་ཚོགས་འཐུས་མི་ཨ་གྷུས་ཏི་ཀོ་ལོ་མི་ནེས་ (Agustí Colomines) ལགས། གྲོས་ཚོགས་འཐུས་མི་ཨན་ན་བལ་སེ་ར་ (Anna Balsera) ལགས། གྲོས་ཚོགས་འཐུས་མི་ཨན་ཌི་རེས་གར་སི་ཡ་བེར་རི་ཡོ་ (Andrés García Berrio) ལགས་སོགས་ཆེད་ཕེབས་གནང་ཡོད་པ་མ་ཟད། སྦེལ་འཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། བོད་རིགས་ཚོགས་པའི་སྐུ་ཚབ་སངས་རྒྱས་ལགས། བོད་དོན་ལ་རྒྱབ་སྐྱོར་ཡུན་རིང་གནང་མཁན་ཧ་ཝི་ཡར་ནོ་གྷུ་བེ་གྷུ་ (Javier Nogue Begue) ལགས་བཅས་མཉམ་ཞུགས་གནང་འདུག

Sikyong Penpa Tsering and Tibetan delegation with MP Francesc de Dalmases, member of the Commission of Foreign Affairs Junts party, and Mps present at the hearing.

ཉན་ཞིབ་ལས་རིམ་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་གསལ་སྟོན་དང་། བོད་མིའི་རང་དབང་གི་ཆེད་དུ་བོད་མི་ ༡༥༧ གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། རང་ལུས་མེར་སྲེག་གཏོང་མཁན་ཕལ་མོ་ཆེ་རྒྱ་ནག་གི་བཙན་འཛུལ་བྱས་ཟིན་པའི་རྗེས་སུ་སྐྱེས་པའི་གཞོན་སྐྱེས་ཡིན་ལ། ཁོང་ཚོས་རང་དབང་ལྡན་པའི་བོད་མཐོང་མྱོང་མེད་ཀྱང་། རྒྱ་ནག་གི་དྲག་གནོན་འོག་ལས་འགུལ་དེ་འདྲ་སྤེལ་དགོས་བྱུང་ཡོད་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགོངས་བཞེད་གནང་བའི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་རྒྱབ་ལྗོངས་ལོ་རྒྱུས། དེ་དང་འབྲེལ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་གནོན་འོག་གི་ད་ལྟའི་གནས་བབ་ཀྱི་མཐའ་གཅིག་དང་། ལོ་རྒྱུས་ཐོག་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་མཐའ་གཉིས་ཀྱི་བར་དུ་དབུ་མའི་ལམ་ཞིག་འཚོལ་ཐབས་གནང་གི་ཡོད་པ་སོགས་ངོ་སྤྲོད་གནང་ཡོད་འདུག

ཡང་སྲིད་སྐྱོང་མཆོག་གིས། ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་སྤྱི་དང་། ཁྲིམས་ཡིག་དེ་བརྒྱུད་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་དེ་ད་ལྟ་སེལ་མེད་པའི་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཏུ་ངོས་འཛིན་དང་། རྒྱ་གཞུང་གིས་བོད་དང་འབྲེལ་བའི་གནས་ཚུལ་འཁྱོག་བཤད་དང་། ལོག་འགྲེལ་བྱས་དང་བྱེད་མུས་ཡིན་པར་གདོང་ལེན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཞིང་། དམིགས་བསལ་གྱིས་ཀ་ཊ་ལན་རང་སྐྱོང་མངའ་སྡེའི་གྲོས་ཚོགས་ཀྱིས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་གནད་དོན་ཐད་ཨ་རིའི་གཞུང་གི་ལངས་ཕྱོགས་དང་མཐུན་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་གལ་ཆེ་བའི་འབོད་སྐུལ་གནང་འདུག

ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀ་ཊ་ལན་རང་སྐྱོང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་རྗོ་སེབ་རུལ་ (Joseph Rull) མཆོག་དང་། གྲོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གྷི་ལོ་རི་ཡ་ཕི་རེ་ཤ་ཨི་ཝི་ལར་ཌེལ་ (Glòria Freixa i Vilardell) ལགས་དང་ཇུ་ལི་ཕེར་ནན་ཌེཛ་ཨོ་ལི་ཝ་རེས་ (Juli Fernandez Olivares) ལགས་བཅས་ལ་མཇལ་འཕྲད་གནང་སྟེ། སྲིད་སྐྱོང་མཆོག་གིས། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་མ་ཐག་ནས་བོད་མིའི་རང་དབང་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་ལ་བརྟེན་ཡོད་པས། བོད་མི་རྣམས་ནས་ཀྱང་དེ་ལ་ཆོད་སེམས་བརྟན་པོའི་ཐོག་ནས་མུ་མཐུད་དུ་རྒྱུན་འཛིན་བྱེད་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག དེའི་རྗེས་ཚོགས་གཙོ་རྗོ་སེབ་རུལ་མཆོག་གིས། བོད་མི་ཚོའི་སྙིང་སྟོབས་དང་སེམས་ཤུགས་ལ་གུས་བཀུར་དང་། རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་འགྲོ་མུས་ཡིན་པར་གདུང་སེམས་མཉམ་སྐྱེད་ཡོད། ཅེས་གསུངས་འདུག

ཉིན་དེའི་ཉིན་རྒྱབ་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྷི་ལན་ཀུར་ན་གཙུག་ལག་སློབ་གཉེར་ཁང་ (Blanquerna University) དུ་ཆེད་ཕེབས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་གསུང་བཤད་གནང་བའི་སྐབས། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། རྒྱ་ནག་གི་བཙན་འཛུལ་འོག་གི་ད་ལྟའི་གནས་སྟངས། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་གྲོས་མོལ་གནང་རྒྱུའི་དམིགས་ཡུལ་དང་། ལྷག་པར་དུ་དེང་སང་གི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བའི་གལ་གནད་སྐོར་གསུང་བཤད་གནང་འདུག སྐབས་དེར་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་གྱི་འགན་འཛིན་ཨོན་ནོ་སེ་རུ་ (Onno Seroo) ལགས་དང་། རྒྱལ་སྤྱིའི་འབྲེལ་ལམ་དང་ཁྲིམས་ལུགས། སྡེ་ཚན་འདྲ་མིན་གྱི་སློབ་ཕྲུག་དང་གཙུག་ལག་སློབ་དཔོན་ཁག་ཅིག རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འགན་འཛིན་སོགས་ཆེད་ཕེབས་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༧ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༨ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese