མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཛེས་ལྗོངས་གྲགས་ཅན་གཟི་རྩ་སྡེ་དགུར་ཡུལ་སྐོར་བ་ཇེ་མང་དུ་གཏོང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་དུ་རྒྱ་ནག་གི་ཡུལ་སྐོར་བ་ཇེ་མང་དུ་གཏོང་ཆེད་སི་ཁྲོན་མེན་དབྱང་གྲོང་ཁྱེར་ནས་ཨོ་ལར་ཕུག་ལམ་ཟེར་བ་ཞིག་རྒྱག་བཞིན་འདུག་ལ་གཟི་རྩ་སྡེ་དགུ་རྫོང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཆེད་རྫོང་གཅིག་གི་སྲིད་ཇུས་གཅིག་ཅེས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ཤིག་གཏན་འབེབ་བྱས་འདུག

ཁྲིན་ཏུའུ་ནས་བོད་གཟི་རྩ་སྡེ་དགུའི་བར་དུ་རྒྱག་བཞིན་པའི་ཨོ་ལར་ཕུག་ལམ། བོད་ལྗོངས་དྲ་བའི་པར།

རྒྱ་ནག་གཞུང་གིས་བོད་ཀྱི་མཛེས་ལྗོངས་གྲགས་ཅན་གཟི་རྩ་སྡེ་དགུར་ཡུལ་སྐོར་བ་སྔར་ལས་ཇེ་མང་དུ་གཏོང་ཆེད། སི་ཁྲོན་མེན་དབྱང་གྲོང་ཁྱེར་ནས་གཟི་རྩ་སྡེ་དགུ་བར་ཨོ་ལར་ཕུག་ལམ་ཟེར་བ་ཞིག་གསར་རྒྱག་བྱེད་བཞིན་ཡོད་པ་དང་། ལོ་རྗེས་མར་ཕུག་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་འགྲུབ་རྩིས་ཡོད་འདུག སྤྱིར་བཏང་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་གཟི་རྩ་སྡེ་དགུ་བར་སྤྱི་ལེ་ ༣༧༠ ལྷག་དང་རླངས་འཁོར་གྱིས་ཆུ་ཚོད་ ༧ ལྷག་འགྲོ་དགོས་ཀྱི་ཡོད་ཀྱང་། ཨོ་ལར་ཕུག་ལམ་ཟེར་བ་དེ་འགྲུབ་ན་ཆུ་ཚོད་ ༤ ཙམ་ལས་འགོར་གྱི་མེད་སྐོར་དང་། ཕུག་ལམ་དེ་ནི་རྒྱ་ནག་ཅིའུ་མེན་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་ཆེན་པོ་ཞིག་ཡིན་སྐོར་བསྒྲགས་འདུག

ཅིའུ་མེན་མྱུར་བགྲོད་གཞུང་ལམ་ཟེར་བ་དེའི་རིང་ཚད་ལ་སྤྱི་ལེ་ ༢༤༤ ཡོད་ཅིང་།  ལས་གཞི་དེའི་ནང་དུ་ཟམ་པ་ ༡༢༧ དང་ཕུག་ལམ་ ༤༥ ཡོད་པ་མ་ཟད། ད་ལྟའི་ཆར་ཟམ་པ་ ༡༢༦ དང་ཕུག་ལམ་ ༤༢ འཛུགས་སྐྲུན་གྲུབ་ཟིན་ཡོད་འདུག་ལ། ཕྱི་ལོ་ ༢༠༢༥ ནས་ཤར་གཏོང་བྱས་ཏེ། ནུབ་ནས་ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་བཅས་ཀྱི་མྱུར་བགྲོད་གཞུང་ལམ་ལ་མཐུད་ནས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུཡན་ལས་གཞིའི་ཁྲོད་གལ་ཆེན་ཞིག་ཡིན་ལུགས་དང་། ཨོ་ལར་ཕུག་ལམ་གྱིས་གཟི་རྩ་སྡེ་དགུའི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༠ ཉིན་གཟི་རྩ་སྡེ་དགུ་རྫོང་སྲིད་གཞུང་གིས་ཁུལ་དེའི་རླུང་ཁམས་ཆེན་མོའི་འབག་བཙོག་སྔོན་འགོག་གི་རྫོང་གཅིག་སྲིད་ཇུས་གཅིག་གི་ལས་དོན་ལག་བསྟར་བྱེད་ཕྱོགས་ཞེས་པའི་དོན་ཚན་ ༧ ཅན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ཤིག་གཏན་འབེབ་བྱས་པའི་ནང་།  དེའི་ནང་གཟི་རྩ་སྡེ་དགུའི་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་ལྗང་མདོག་གི་ཚད་མཐོ་རུ་གཏོང་དགོས་པ་དང་། འཛུགས་སྐྲུན་ས་ཚིགས་དང་བཟོ་གྲྭ་ཁག་གི་ཐལ་རྡུལ་ཉུང་དུ་གཏོང་དགོས་པ། དངོས་ཟོག་སྐྱེལ་འདྲེན་བྱེད་པའི་གྲངས་འབོར་ཉུང་དུ་དགོས་པ། རླངས་འཁོར་ཉམས་བཟོའི་ལས་རིགས་ཀྱི་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། གད་སྙིགས་མེར་སྲེག་བཟོ་གྲྭའི་ཁོར་ཡུག་དོ་དམ་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་གྱི་གཞུང་ལམ་གཙང་སྦྲ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པ།  དུས་ཆེན་སྐབས་ཤོག་སྦག་སོགས་འབར་རྫས་བཀག་འགོག་བྱེད་པ། ཧུར་ཐག་སྒོས་རྡོ་སོལ་གློག་གིས་ཚབ་བྱེད་པ་དང་མེ་ཤིང་གློག་གིས་ཚབ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བར་སྣེ་འཁྲིད་ཤུགས་སྣོན་དང་། ཁྲིམས་འཛིན་ལྟ་སྐུལ་ནན་པོ་དགོས་པ། ད་དུང་བརྒྱུད་ལམ་ནས་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་དགོས་སྐོར་བཀོད་འདུག

གཟི་རྩ་སྡེ་དགུ་རྫོང་སྲིད་གཞུང་གིས་སྤེལ་བའི་ཁོར་ཡུག་འབག་བཙོག་སྲུང་སྐྱོབ་ཀྱི་སྲིད་ཇུས་རྫོང་གཅིག་སྲིད་ཇུས་གཅིག

ཕྱི་ལོ་ ༢༠༡༧ ཟླ་ ༠༨ ཚེས་ ༠༨ དགོང་མོ་ནས་ཕྱི་ཚེས་ ༡༠ ཉིན་གྱི་ཉིན་གུང་བར་དུ་གཟི་རྩ་སྡེ་དགུ་རུ་ཚད་རིམ་མི་འདྲ་བའི་ས་ཡོམ་ཐེངས་ ༡༠༠༠ ལྷག་བརྒྱབ་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་གཟི་རྩ་སྡེ་དགུའི་ཉེ་འཁོར་གྱི་རི་བོ་རྣམས་ནས་རྦབ་རྡོ་འགྲུལ་བ་དང་ས་རུད་བྱུང་སྟེ་ཡུལ་སྐོར་བ་ལྔ་ཚུད་པའི་མི་ ༡༩ རྐྱེན་འདས་དང་། མི་ ༢༤༧ ལ་རྨས་སྐྱོན་ཕོག དེ་བཞིན་གཟི་ཚ་སྡེ་དགུའི་རྫོང་ཁོངས་སུ་ཡོད་པའི་གཡུང་དྲུང་བོན་གྱི་དགོན་པ་ཆེ་ཤོས་ཁོད་སྤུངས་གཡུང་དྲུང་དར་རྒྱས་གླིང་དང་། རབ་དབེན་དགོན་བཀྲ་ཤིས་ཕུན་ཚོགས་གླིང་གི་གཡུང་དྲུང་ལྷ་རྩེ་མཆོད་རྟེན། མཛེས་ལྗོངས་ཀྱི་འབབ་ཆུ་གྲགས་ཅན་དང་ཀླུ་གཉན་གསེར་མཚོ་སོགས་ལའང་ཞིག་རལ་འབག་བཙོག་ཆེན་པོ་ཐེབས་ཡོད་པ་རེད།

གཟི་རྩ་སྡེ་དགུའི་མཛེས་ལྗོངས་དང་འབབ་ཆུ་སོགས་སྙན་གྲགས་ཆེ་བ་མ་ཟད། ཆོས་དང་རིག་གཞུང་གི་ལྟེ་བ་ཞིག་ཀྱང་ཆགས་ཡོད་པ་རེད། རྫོང་ཁོངས་དེར་གཟི་རྩ་རབ་དབེན་དགོན་བཀྲ་ཤིས་ཕུན་ཚོགས་གླིང་དང་། ས་ཡུལ་དགོན་བཀྲ་ཤིས་ཕུན་ཚོགས་གླིང་། བཀྲ་ཤིས་མེ་ཏོག་གླིང་། རྩུབ་མ་སྟག་སྐྱང་གཡུང་དྲུང་དར་རྒྱས་གླིང་སོགས་བོན་གྱི་དགོན་སྡེ་ཁག་ཅིག་ཡོད་པ་མ་ཟད། གནས་ཆེན་རྫ་ཕྱུག་བྲག་དཀར་དང་མཛེས་ལྗོངས་ཀླུ་གཉན་གསེར་མཚོ། གཟི་ཚ་སྡེ་དགའི་མཛེས་ལྗོངས་སོགས་ཆ་སྙོམས་ཀྱིས་ཉིན་རེར་ཡུལ་སྐོར་བ་༢༣༠༠༠ ལྷག་རེ་ཡོང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་ལམ་བཟོ་བ་མ་བུ་གཉིས།
Mobile App

གོ་སྟོན་གྱི་རྟེན་འབུལ། ངའི་སེམས་ཁོངས་ན་ཡོད་པའི་མི་མངོན་པའི་རྒྱལ་ཁབ་དེ་ལ་བདེན་རྟགས་ཤིག

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་རྩ་བ་ནས་མེད་པའི་ལན་འདེབས་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Featured Blogger

ང་ཡི་སེམས་ངོར་འཆར་བའི་ནང་ཆོས།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་ནས་ལ་དྭགས་གླེ་ཇོ་བོའི་གཙུག་ལག་ཁང་བསྐྱར་བཞེངས་ཀྱི་རྨང་རྡོ་དབུ་འབྱེད་རབ་གནས་མཛད། ༢༠༢༥།༠༨།༠༣ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་ལུས་ཀྱི་ཆ་ལུགས་བརྗེས་བ་ཙམ་མ་ཡིན་པར་སློབ་གཉེར་རྒྱག་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སློབ་བསྩལ།

༢༠༢༥/༠༨/༠༤
རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

༢༠༢༥/༠༨/༠༢
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

༢༠༢༥/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese