མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རྒྱུགས་ནང་བོད་ཡིག་བཞག་མེད་པས་བོད་ཡིག་མུ་མཐུད་སྦྱོང་དགོས་མིན་བསམ་བློ་ཡག་པོ་གཏོང་དགོས་པའི་བརྡ་ཁྱབ་བཏང་།

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་ཕ་མའི་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་ད་ནས་བཟུང་མཐོ་རིམ་ཡིག་རྒྱུགས་ཁྲོད་བོད་ཡིག་འཇོག་རྒྱུ་མིན་པས་ཕ་མ་ཚོས་སོ་སོའི་བུ་ཕྲུག་ལ་མུ་མཐུད་བོད་ཡིག་སྦྱོང་དུ་འཇུག་མིན་བསམ་བློ་ཡག་པོ་གཏོང་དགོས་ཞེས་བསྒྲགས་འདུག

སྐད་འཕྲིན་ཚོགས་པ་ཞིག་ཏུ་ཕ་མ་རྣམ་པར་མཐོ་རྒྱུགས་ནང་བོད་ཡིག་མེད་པས་བུ་ཕྲུག་ལ་མུ་མཐུད་བོད་ཡིག་སྦྱོང་དུ་འཇུག་མིན་ཐད་བསམ་བློ་ཡག་པོ་གཏོང་དགོས་པའི་བརྡ་ཁྱབ་བཏང་། དྲ་ལམ་གྱི་པར།

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་སྐད་ཡིག་སློབ་ཚན་ཙམ་ལས་བོད་ཡིག་སློབ་འཁྲིད་མེད་པ་བཟོས་ཏེ་རྒྱ་ཡིག་རྒྱ་སྐད་གཙོ་གཉེར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། མཐོ་རྒྱུགས་ནང་དུའང་བོད་ཡིག་འཇོག་གི་མེད་པས། ཕ་མ་ཚོས་སོ་སོའི་བུ་ཕྲུག་ལ་མུ་མཐུད་བོད་ཡིག་སྦྱོང་དུ་འཇུག་མིན་གདམ་ག་ཡིན་པའི་བརྡ་ཁྱབ་ཅིག་སྤེལ་འདུག་ལ། སྤྱིར་བཏང་ཕྱི་ལོ་ ༢༠༢༢ ཙམ་ནས་བཟུང་བོད་ཁུལ་གྱི་ས་གནས་མང་པོར་མཐོ་རྒྱུགས་ནང་བོད་ཡིག་མེད་པ་བཟོས་ཏེ་བོད་ཁུལ་གྱི་དགེ་རྒན་དང་སློབ་མ་མང་པོར་དཀའ་ངལ་འཕྲད་མུས་ཡིན་པ་རེད།

བོད་ནང་གི་ཕ་མའི་སྐད་འཕྲིན་ཚོགས་པ་ཞིག་ཏུ་རྒྱུགས་སྤྲོད་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐེངས་འདིའི་རེས་གཟའ་པ་སངས་ཀྱི་ཕྱི་དྲོ་ནས་གཟའ་ཟླ་བའི་དགོང་ཚོགས་བར་དུ་གུང་སེང་བཞག་རྒྱུ་རེད། དེའི་རིང་ལ་ཁྱིམ་བདག་གིས་སློབ་མའི་བདེ་འཇགས་ལ་དོ་སྣང་བྱེད་རོགས། ང་ཚོའི་སྐབས་འདི་ནས་བཟུང་བོད་ཡིག་མཐོ་རྒྱུགས་ལ་མི་ཞུགས་པས། ཁྱིམ་བདག་ཚོའི་རང་ཉིད་ཀྱི་ཕྲུ་གུས་བོད་ཡིག་མུ་མཐུད་དུ་སྦྱོང་མིན་གཏན་འཁེལ་བྱེད་རོགས། མུ་མཐུད་དུ་སྦྱོང་ན་བོད་ཡིག་གི་སློབ་ཚན་ནི་སྔོན་མ་ལྟར་མི་འགྱུར་བར་སྦྱོང་ཆོག  གལ་ཏེ་བོད་ཡིག་གདམ་གསེས་མ་བྱེད་ཚེ་ཕྱིས་སུ་བོད་ཡིག་སློབ་ཚན་མེད་པས་ཁྱིམ་བདག་ཚོའི་བསམ་བློ་ཡག་པོ་གསལ་པོ་གཏོང་རོགས། ཞེས་གསལ་འདུག 

གནད་དོན་དེའི་ཐད་བོད་ནང་གི་བོད་ཀྱི་ཟིན་བྲིས་ཞེས་པའི་ན་གཞོན་ཞིག་གིས་དྲ་ལམ་ཁག་ཏུ་བརྙན་ཐུང་ཞིག་སྤེལ་བའི་ནང་། མཐོ་རིམ་སློབ་མའི་ཡིག་རྒྱུགས་ཁྲོད་བོད་ཡིག་རིམ་གྱིས་ཇེ་ཉུང་དུ་ཕྱིན་ཏེ་གདམ་གའི་ངོ་བོར་བཞག་པ་དེར་ཉེ་སྔོན་ནས་མི་མང་གིས་དོ་སྣང་བྱེད་བཞིན་པའི་གནད་དོན་ཞིག་ཆགས་འདུག གནད་དོན་འདིའི་ཐད་ལྟ་ཚུལ་མི་འདྲ་བ་ཡོད་རེད། ཁ་ཤས་ཀྱིས་འདི་ནི་བོད་ཡིག་བཀོལ་སྤྱོད་ཀྱི་གནད་དོན་ཞིག་ཏུ་ངོས་འཛིན་དང་། ཡང་ཁ་ཤས་ཀྱིས་འདི་ནི་སློབ་གསོ་བསྒྱུར་བཅོས་ཐད་ངེས་པར་དུ་དགོས་པ་ཞིག་ཏུ་མཐོང་གི་ཡོད་སྲིད། ཡིན་ནའང་། གནད་དོན་འདི་འདྲར་ཐུག་པའི་སྐབས་སུ་ང་ཚོས་སྔར་ལས་གཏིང་ཟབ་པའི་ཐོག་ནས་བསམ་བློ་གཏོང་དགོས་སྐོར་དང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་སློབ་གསོ་ལས་ཁུངས་ཀྱིས་བསྒྱུར་བཅོས་ཁག་ཅིག་བཏང་ནས་ང་ཚོའི་སྲོལ་རྒྱུན་གྱི་སློབ་གསོའི་ལམ་ལུགས་དང་། བོད་སྐད་ཡིག་ལ་བཟུང་བའི་ངེས་ཤེས་སོགས་ལ་འགྱུར་བ་བཏང་ནས་ཚན་རིག་ལག་རྩལ་དང་མི་ཤུགས་ཐོན་ཁུངས་སྐྱེད་སྲིང་ཕྱོགས་ལ་ནུས་པ་འདོན་གྱི་ཡོད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་གནས་ཚུལ་དེ་སྤྱི་ཚོགས་དྲ་ལམ་དུ་གཏོང་མཁན་ས་དཀར་བཀྲིས་ལགས་སུ་ཕྱིར་བསྒྲགས་དེ་བོད་ཀྱི་ས་ཁུལ་གང་ཞིག་ཡིན་མིན་སོགས་དྲིས་པར་ཁོང་གིས། རྒྱ་ནག་གཞུང་གིས་མཐོ་རྒྱུགས་ཡིག་ཚད་ཁྲོད་བོད་ཡིག་གདམ་ཁ་རུ་བཞག་པ་དེ་ནི་བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཇེ་ཆུང་དུ་བཏང་བའི་གནད་དོན་གནད་ཆེན་ཞིག་ཡིན་པས། གནད་དོན་དེའི་རིགས་ལ་དོ་སྣང་ཆེན་པོས་བལྟ་དགོས་ནའང་། བོད་ཡིག་གདམ་ཁའི་སྐད་ཡིག་ཏུ་བཞག་པའི་སྲིད་ཇུས་དེ་ས་གནས་གང་དུ་ལག་བསྟར་བྱེད་ཀྱི་ཡོད་གསལ་ཁ་མེད་སྐོར་བརྗོད་བྱུང་། 

སྤྱིར་འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་མུས་ཡིན་པའི་སྒེར་ཚུགས་སློབ་གྲྭ་མང་པོ་ཞིག་བཙན་གྱིས་སྒོ་རྒྱག་ཏུ་བཅུག་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༠ ཙམ་ནས་བཟུང་བོད་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་ནང་བོད་ཡིག་སློབ་འཁྲིད་ཉུང་དུ་བཏང་ནས་རྒྱ་བསྒྱུར་སློབ་གསོ་སྤེལ་བའི་མགོ་བརྩམས་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོའི་དཔྱིད་ཀའི་སློབ་མགོ་བཙུགས་པ་ནས་བཟུང་རྔ་བ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་བོད་ཡིག་རིམ་བཞིན་མཚམས་འཇོག་བྱེད་པའི་མགོ་བརྩམས་ཡོད་པ་དང་། འདི་ལོ་ནས་བཟུང་དཀར་མཛེས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་དུའང་བོད་ཡིག་སློབ་འཁྲིད་མེད་པ་བཟོ་བའི་སྲིད་ཇུས་གཏན་འབེབ་ཟིན་ཡོད་པ་རེད། ཡིན་ནའང་། ད་ལྟའི་ཆར་སྲིད་ཇུས་དེ་ལག་བསྟར་བྱས་པའི་ཁྱབ་ཚད་སོགས་ཁ་གསལ་བཟོ་ཁག་པོ་ཆགས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་འགག་པ་ཡོད།

ཆུ་ཚོད་ ༦ སྔོན་ལ།
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠
Mobile App

བོད་ཀྱི་བུད་མེད་རྫོང་དཔོན་ཞིག་ལ་ཞིབ་བཤེར་བྱེད་བཞིན་འདུག

༢༠༢༥/༡༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese