མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་བརྒྱད་ལ་ཉེས་ཆད་བཅད།

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་ཁེ་ན་ཌ་གཞུང་གིས་རྒྱ་ནག་གི་དཔོན་རིགས་བརྒྱད་ཀྱིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བར་དཔལ་འབྱོར་གྱི་ཉེས་ཆད་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག

On the same day that Canada announced sanctions against Wu Yingjie (the man with a red tie), former secretary of the Tibet Autonomous Region Party Committee, he was expelled from the party and removed from office for serious violations of discipline and law.
PHOTO: THE ASSOCIATED PRESS/NG HAN GUAN

ཁ་སང་ཕྱི་ཚེས་ ༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཁེ་ན་ཌའི་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། ཁེ་ན་ཌས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ནས་དམིགས་བསལ་དཔལ་འབྱོར་གྱི་ཐབས་ལམ་ཁག་ལ་སྟངས་འཛིན་བྱེད་པའི་སྒྲིག་གཞི་ (Regulations on Special Economic Measures) ཟེར་བ་ལག་བསྟར་འོག རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་བརྒྱད་ཀྱིས་བོད་དང་ཤར་ཊུར་ཀི་སི་ཐན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་བར་བརྟེན། དཔོན་རིགས་དེ་དག་གི་རྒྱུ་དངོས་རྣམས་གཞུང་འབྲེལ་བཀག་སྡོམ་དང་། འབྱུང་འགྱུར་ཁེ་ན་ཌའི་མི་མང་གིས་ཉེས་ཆད་བཀལ་བའི་རྒྱའི་དཔོན་རིགས་དེ་དག་དང་མཉམ་དུ་རྒྱུ་དངོས་དང་ཚོང་ལས་སོགས་ཀྱི་ལས་དོན་གང་ཡང་སྤེལ་མི་ཆོག་པའི་བཀའ་ཁྱབ་བསྒྲགས་ཡོད་འདུག

ཁེ་ན་ཌའི་ཕྱི་སྲིད་ལྷན་ཁང་གི་བསྒྲགས་གཏམ་ནང་། ཁེ་ན་ཌའི་ངོས་ནས་འཛམ་གླིང་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་མུ་མཐུད་དུ་སྐྱོན་བརྗོད་བྱ་རྒྱུ་ཡིན་ཞིང་། ཕྱི་ལོ་ ༢༠༡༧ ནས་བཟུང་རྒྱ་ནག་གིས་ཤར་ཊུར་ཀི་སི་ཐན་ནང་གི་མི་གྲངས་ས་ཡ་གཅིག་ལྷག་བཙན་གྱིས་འཛིན་བཟུང་དང་། དེའི་ཁྲོད་ཀྱི་མི་མང་པོ་ཞིག་སེམས་ཁམས་ཀྱི་དཀའ་ངལ་དང་། བཙན་གཡེམ། དེ་བཞིན་ལུས་པོར་རྡུང་རྡེག་གཏོང་བ་སོགས་དྲག་གནོན་ཤུགས་ཆེན་བྱས་ཡོད་པའི་གནས་སྟངས་མང་པོ་ཐོན་ཡོད་པ་ནན་བརྗོད་དང་། རྒྱ་ནག་གིས་བོད་ནང་གི་བོད་མི་རྣམས་བཙན་གྱིས་ངལ་རྩོལ་ལས་ལ་བཅུག་པ་དང་། ཁྲིམས་འགལ་གྱིས་གང་བྱུང་འཛིན་བཟུང་བཀག་ཉར། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། འགྲོ་སྐྱོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་ཐེར་འདོན་བྱས་འདུག་ལ། ཕྱི་ལོ་ ༡༩༩༩ ནས་བཟུང་རྒྱ་ནག་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་རྩ་མེད་གཏོང་སླད། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་རྣམས་བཙན་གྱིས་འཛིན་བཟུང་དང་། ངལ་རྩོལ་ལས་ལ་བཀོལ་བ། དེ་བཞིན་སྡུག་སྦྱོང་མནར་གཅོད་བཏང་ཡོད་སྐོར་སོགས་གསལ་འདུག

ཁེ་ན་ཌས་ཉེས་ཆད་བཅད་པའི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཟུར་པ་དང་ལས་ཐོག་ཁག་བརྒྱད་ནི། དེ་སྔའི་ཤར་ཊུར་ཀི་སི་ཐན་ནམ་ཤིན་ཅང་རང་སྐྱོང་ཁུལ་ཟེར་བ་དང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་གོ་ (Chen Quanguo) དང་། ཤིན་ཅང་རང་སྐྱོང་ཁུལ་ཟེར་བའི་དམར་ཤོག་དྲུང་ཆེ་གཞོན་པ་ཨར་ཀིན་ (Erkin Tuniyaz)། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱི་མགོ་ཁྲིད་གཞོན་པ་ཛཱ་ཀེར་ (Shohrat Zakir)། ཡུ་གུར་རང་སྐྱོང་ཁུལ་ཟེར་བའི་མི་དམངས་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ་ཧྥང་ཅ་རུ་ཡི་ (Peng Jiarui)། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུ་ཡེན་ཅེ་ (Wu Yingjie)།  ཤིན་ཅང་རང་སྐྱོང་ཁུལ་ཟེར་བའི་སྤྱི་བདེ་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ་ཧོ་ལིའུ་ཅུན་ (Ho Liujun)། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་དང་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་ཀྲང་ཧོང་པའོ་ (Zhang Hongbo)། རྒྱ་ནག་ལྷོ་ཤར་ཧྥུ་ཅན་ (Fujian) ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཟུར་པ་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཟུར་པ་ཡུ་ཆན་ (You Quan) བཅས་ཡིན་འདུག

གནད་དོན་དེའི་ཐད་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མེ་ལི་ནི་ཇའོ་ལི་ (Mélanie Joly) ལགས་ཀྱིས། ཁེ་ན་ཌ་གཞུང་ནས་རྒྱ་ནག་གིས་བོད་དང་ཤར་ཊུར་ཀི་སི་ཐན་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ (Falun Gong) ཉམས་ལེན་པ་རྣམས་ལ་ལག་བསྟར་བྱས་པའི་རྡུང་རྡེག་གི་ལས་འགུལ་ལ་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད། རྒྱ་གཞུང་གིས་གཞི་རྒྱ་ཆེ་བའི་དྲག་གནོན་གྱི་ལས་འགུལ་དེ་དག་མཚམས་འཇོག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མི་ལི་ནི་ཇའོ་ལི་ལགས་རྒྱ་ནག་ཏུ་གཞུང་འབྲེལ་སྐོར་སྐྱོད་དུ་ཕྱིན་ཏེ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་ཐུག་འཕྲད་ཀྱིས། ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་བཞིན་དཀའ་རྙོག་ཆེ་བའི་འཛམ་གླིང་གི་ས་ཁུལ་འདྲ་མིན་གྱི་བདེ་འཇགས་གནད་དོན་ཐོག་གླེང་སློང་བྱས་ཡོད་འདུག ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་ནང་ཁེ་ན་ཌའི་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ནས་དམིགས་བསལ་དཔལ་འབྱོར་གྱི་ཐབས་ལམ་ཁག་ལ་སྟངས་འཛིན་བྱེད་པའི་སྒྲིག་གཞི་ (Special Economic Measures (People’s Republic of China) Regulations) ཞེས་པ་ཞིག་ཁྲིམས་སུ་གཏན་འབེབས་གནང་སྟེ། རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་གཞུང་འབྲེལ་ཚོགས་སྡེ་ཁག་གིས། ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མཚམས་འཇོག་ཡོང་སླད་ཉེས་ཆད་གཅོད་ཀྱི་ཡོད་འདུག་ལ། སྒྲིག་གཞི་དེ་ལག་བསྟར་འོག ཕྱི་ལོ་ ༢༠༢༡ ལོར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་བཞིས་ཤིན་ཅང་རང་སྐྱོང་ཁུལ་ཟེར་བའི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་ཉེས་ཆད་འོག དཔོན་རིགས་དེ་དག་ཁེ་ན་ཌའི་ནང་ཡོང་བར་བཀག་སྡོམ་དང་། དེ་དག་གི་རྒྱུ་དངོས་ཆ་ཚང་གཞུང་བཞེས་དང་ཁེ་ན་ཌའི་གཞུང་མང་དང་ཚོགས་པ་སུ་རུང་གིས་རྒྱ་ནག་གི་དཔོན་རིགས་དེ་དག་དང་དཔལ་འབྱོར་གྱི་འབྲེལ་ལམ་བྱས་མི་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་འདུག

སྤྱིར་ཁེ་ན་ཌ་དང་རྒྱ་ནག་བར་ཕྱི་སྲིད་འབྲེལ་ལམ་གྱི་ཐོག་ནས་གདོང་ཐུག་མང་དག་ཅིག་བྱུང་བ་དང་། ཕྱི་ལོ་ ༢༠༡༨ ལོར་ཁེ་ན་ཌས་རྒྱ་ནག་གི་འཕྲུལ་རིགས་ཚན་རྩལ་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་ (Huawei) ཡི་ནོར་དོན་སྤྱི་གཉེར་བ་མིན་ཝན་ཀྲུའུ་ (Meng Wanzhou) འཛིན་བཟུང་བྱས་པ་དང་། རྒྱ་ནག་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་མའེ་ཁེལ་ (Michael Kovrig) དང་མའེ་ཁེལ་སི་པཱ་ཝོར་ (Michael Spavor) གཉིས་འཛིན་བཟུང་གིས་ཁེ་ན་ཌར་རྒོལ་ལན་བསློགས་ཡོད་ལ། ཕྱི་ལོ་ ༢༠༢༢ ལོར་ཁེ་ན་ཌས་རྒྱ་ནག་ཏུ་འཚོགས་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྟེང་གཞུང་འབྲེལ་སྐུ་ཚབ་གཅིག་ཀྱང་བཏང་མེད་པ་སོགས་རྒྱལ་ཁབ་གཉིས་བར་ཕྱི་སྲིད་དང་ཚོང་འབྲེལ། འགྲོ་བ་མིའི་ཐོབ་ཐང་གི་མཚོན་པའི་རྒྱལ་སྤྱིའི་ཁྲིམས་སྒྲིག་སོགས་ཀྱི་ཐད་ནས་འགལ་ཟླ་མང་དག་ཅིག་བྱུང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཐེངས་ ༡༥༦ པ་གཞུང་འབྲེལ་སྲུང་གཙི་ཞུས། ༢༠༢༥།༡༠།༢ དུས་བབ་ཀྱི་པར།
Mobile App

མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཐེངས་ ༡༥༦ པ་གཞུང་འབྲེལ་སྲུང་གཙི་གནང་།

༢༠༢༥/༡༠/༠༢
Resisting China’s Occupation: 1 October Joint Statement. Photo Credit: International Tibet Network
Mobile App

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བ་ནི་མི་མང་ལ་དྲག་གནོན་བྱས་པའི་ཉིན་མོ་ཞིག་ཡིན།

༢༠༢༥/༡༠/༠༡
ཕྱ་ིལོ་ ༢༠༢༥ ཟླ་ ༩ ཚེས་ ༡༨ ཉིན་ཨུ་རུ་སུའི་ཡུལ་སྐོར་བ་ ༡༦ འགྲམ་འགག་སྒོ་ནས་བོད་དུ་ཕྱིན། དྲ་ལ་མ་གྱི་པར།
Mobile App

ཨུ་རུ་སུའི་མི་ ༡༦ ཐོངས་མཆན་རིན་མེད་ཐོག་འགྲམ་འགག་སྒོ་ནས་བོད་ནང་ཕྱིན།

༢༠༢༥/༡༠/༠༡
Jian Guo (R) had denied spying for China during his trial
Mobile App

ཇེན་གོ་ཡིས་གསང་མྱུལ་བྱས་པའི་ནག་ཉེས་འོག་ལོ་བཞི་དང་ཟླ་དགུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༥/༡༠/༠༡
Mobile App

འོས་བསྡུའི་ལས་འཕར་འགན་འཛིན་གཉིས་ཀྱིས་ལས་ཁུར་དམ་འབུལ་ཞུས།

༢༠༢༥/༡༠/༠༡
Alexandra Xanthaki was appointed UN Special Rapporteur in the field of cultural rights in October 2021
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་ཧྥ་རན་སིའི་འགྲེམས་སྟོན་ཁང་ལ་སྐྱོན་བརྗོད་གནང་།

༢༠༢༥/༠༩/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese