མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་མཆོག་རྡོ་རྗེ་གདན་དུ་ཀིརྟིའི་སྨོན་ལམ་ཆེན་མོ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

གནས་མཆོག་རྡོ་རྗེ་གདན་དུ་ཀིརྟིའི་སྨོན་ལམ་ཚོགས་ཆུང་གི་གོ་སྒྲིག་འོག་༸གོང་ས་མཆོག་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་གོ་སྟོན་དང་བཀའ་དྲིན་རྗེས་དྲན་སོགས་ལ་དམིགས་ཏེ་སྨོན་ལམ་ཆེན་མོ་འཚོག་བཞིན་འདུག

གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཀིརྟིའི་སྒར་བསམ་ཡས་གླིང་།

དེ་རིང་ཕྱི་ཚེས་ ༨ ནས་ ༡༢ བར་ཀིརྟིའི་སྒར་བསམ་ཡས་གླིང་དུ། ཀིརྟིའི་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གིས། བོད་ལུགས་ལྟར་ན་༸གོང་ས་རྒྱལ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་གོ་སྟོན་དང་བཀའ་དྲིན་རྗེས་དྲན་ལ་ཆེད་དུ་དམིགས་ཏེ། ཉིན་གྲངས་བཞིའི་རིང་སྨོན་ལམ་ཆེན་མོ་འཚོག་རྒྱུ་དང་ཉིན་གཅིག་རིང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་བཅས་འཚོགས་མགོ་བཙུགས་འདུག

ཐེངས་འདིའི་སྨོན་ལམ་ཆེན་མོའི་སྟེང་ ༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་སྟེ་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་ཀིརྟིའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དབུས་པའི་འཛམ་གླིང་ཡུལ་གྲུ་མི་འདྲ་བ་ ༡༢ ནས་ཕེབས་པའི་སེར་སྐྱ་ཁྱོན་ ༣༧༠ ལྷག་མཉམ་ཞུགས་གནང་ཡོད་ཅིང་། སྨོན་ལམ་སྐབས་དགའ་ལྡན་ཁྲི་ཟུར་༧རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནས་ སྐྱེས་རབས་ཀྱི་གསུང་ཆོས་སྩལ་རྒྱུ་དང་། ཉིན་ལྟར་ཞོགས་པའི་ཆུ་ཚོད་ ༦།༣༠ ནས་དགོང་མོའི་ཆུ་ཚོད་ ༨ བར་སྨོན་ལམ་གསུང་འདོན་གྱི་གཙོས་དབུ་མ་དང་ཕར་ཕྱིན། ཚད་མ། འདུལ་མཛོད་སོགས་ཀྱི་དམ་བཅའ་འཚོགས་པ་སོགས་ཉིན་རེར་ཆོས་ཕྱོགས་ཀྱི་བྱེད་སྒོ་མི་འདྲ་བ་མང་པོ་སྤེལ་བཞིན་ཡོད་པ་རེད།

ཕྱི་ཚེས་ ༨ ནས་ ༡༢ བར་ཀིརྟིའི་སྒར་བསམ་ཡས་གླིང་དུ་ཀིརྟིའི་སྨོན་ལམ་ཆེན་མོ་འཚོག་བཞིན་པ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་དང་འབྲེལ་ནས་སྐུ་ཚེ་༸ཞབས་པད་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་པར་བཞུགས་པའི་ཞབས་རིམ་དང་སྤྱི་སྒེར་བསོད་ནམས་ཀྱི་ཚོགས་གོང་མཐོར་སྤེལ་བའི་ཆེད་དང་ཐུགས་དགྱེས་པའི་མཆོད་སྤྲིན་དུ་དམིགས་ནས། རྒྱ་བལ་ཁུལ་སོགས་ཡུལ་ཁག་མི་འདྲ་བ་བཅོ་ལྔ་ཙམ་ནས་ཀིརྟི་ཚང་དང་དམིགས་བསལ་འབྲེལ་ཡོད་བླ་སྤྲུལ་དགེ་འདུན་པས་གཙོས་སེར་སྐྱ་གང་མང་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་ལྷན་འཛོམས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག  སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་། འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་། དཔལ་ལྡན་གསང་ཆེན་སྟོད་རྒྱུད་གྲྭ་ཚང་། བཞུགས་སྒར་དྷ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་། གནས་ཆུང་གྲྭ་ཚང་རྡོ་རྗེ་སྒྲ་དབྱངས་གླིང་སོགས་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་གཉེར་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese