མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱུང་མཆུ་རྫོང་སོགས་སུ་ས་ཡོམ་ ༤།༩ ཅན་ཞིག་བརྒྱབ་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་བོད་ཁྱུང་མཆུ་རྫོང་ཁོངས་སུ་ཚད་རིམ་ ༤།༩ ཅན་གྱི་ས་འགུལ་ཞིག་བརྒྱབ་ཡོད་ནའང་རྒྱ་ནག་གཞུང་གིས་ས་འགུལ་དང་འབྲེལ་བའི་པར་དང་བརྙན་སོགས་འགྲེམ་སྤེལ་བྱས་པར་བཀག་སྡོམ་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པར་བོད་ཁྱུང་མཆུ་རྫོང་དང་ཉེ་འཁོར་གྱི་རྫོང་ཁག་ཅིག་ཏུ་ས་ཡོམ་བརྒྱབ། དྲ་ལམ་གྱི་པར།

དེ་རིང་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་  ༥།༧ ཙམ་ལ་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་རྔ་བ་ཁུལ་ཁྱུང་མཆུ་རྫོང་གཙོ་བོར་གྱུར་བའི་མཛོད་དགེ་རྫོང་དང་རྔ་བ་རྫོང་། ཟུང་ཆུ་རྫོང་། རྨ་ཆུ་རྫོང་བཅས་ཀྱི་ས་ཡོམ་ཚད་རིམ་ ༤།༩ ཅན་ཞིག་བརྒྱབ་ཡོད་པ་དང་། འགུལ་ཚད་ཆེ་ཤོས་དེ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོ་དང་། གསེར་དེའུ་ཡུལ་ཚོ་སོགས་སུ་བརྒྱབ་ཡོད་འདུག རྒྱ་ནག་གཞུང་གིས་གཞུང་འབྲེལ་བརྒྱུད་ལམ་རེ་ཟུང་དུ་དེ་འབྲེལ་གནས་ཚུལ་ཐུང་ཐུང་རེ་སྤེལ་ཡོད་པ་ཙམ་ལས་སྤྱི་ཚོགས་དྲ་ལམ་སོགས་སུ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྟབས། ད་ལྟའི་བར་དུ་མི་དང་སྒོ་ཕྱུགས་སེམས་ཅན་ལ་འཆི་སྐྱོན་དང་སྡོད་ཁང་སོགས་ལ་རྡིབ་སྐྱོན་བྱུང་བའི་གནས་ཚུལ་གོ་ཐོས་མི་འདུག

འབྲེལ་ཡོད་མི་ཞིག་གིས་འདི་གའི་གསར་འགོད་པར། དེ་རིང་བོད་ནང་གི་ཞོགས་པ་ཆུ་ཚོད་ལྔ་ཙམ་ལ་གློ་བུར་དུ་ཁྱུང་མཆུ་རྫོང་ཁོངས་སུ་ས་ཡོམ་རྒྱུག་ནས་ས་འགུལ་གྱི་ཚད་རིམ་ཅུང་བཙན་པའི་དབང་གིས་ཁྱིམ་ཆས་སོགས་ས་རུ་ལྷུང་བ་དང་། དཀར་ཡོལ་ཆག་པའི་གནས་ཚུལ་ཐོན་ཡོད་ཀྱང་། ད་ལྟ་མི་ཤི་བ་དང་ཁང་པ་བརྡིབ་སྐྱོན་སོགས་བྱུང་ཡོད་མེད་ཀྱི་གནས་ཚུལ་ཐད་གསལ་ཁ་མེད་པའི་ཁར། ད་ལྟ་ཁུལ་དེར་གློག་གི་དཀའ་ངལ་དང་། དྲ་ལམ་ཧ་ཅང་སྐྱོ་བོ་ཡིན་སྐོར་སོགས་བརྗོད་བྱུང། 

ཡང་འབྲེལ་ཡོད་གཞན་ཞིག་གིས་འདི་གའི་གསར་འགོད་པར། ད་ལན་ཁྱུང་མཆུ་རྫོང་ཁུལ་དུ་རྒྱུག་པའི་ས་ཡོམ་དེ་ཁྱུང་མཆུ་རྫོང་གི་ཆུ་སྨད་ཁུལ་གྱི་སྦྲ་ཆེན་དང་། རྨེ་བ། གསེར་དེའུ་སོགས་སུ་ཤུགས་ཆེ་ཤོས་རྒྱུག་ཡོད་ཅིང་། ཁུལ་དེར་ཞོགས་པ་སྔ་པོ་ནས་གཞུང་འབྲེལ་མི་སྣ་དང་། ཉེན་རྟོག་པ་སོགས་འབྱོར་ཏེ། ཕྱི་རོལ་དུ་གུར་ཕུབ་ནས་ཉེན་ཁ་ལས་གཡོལ་དགོས་སྐོར་ལམ་སྟོན་བྱས་ཡོད་སྐོར་བརྗོད་བྱུང་།

ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས། ཉེ་ལམ་བོད་གཞིས་རྩེ་ཁུལ་དུ་ས་ཡོམ་རྒྱུག་སྐབས་ཀྱི་པར་དང་བརྙན་མང་པོ་ཞིག་སྤྱི་ཚོགས་དྲ་ལམ་དུ་སྤེལ་ནས། བོད་ཕྱི་ནང་གཉིས་སོགས་སུ་ཤུགས་ཆེན་བཀྲམ་ཡོད་སྟབས། རྒྱ་ནག་གཞུང་གིས་ཉེ་ལམ་མགོ་ལོག་རྨ་སྟོད་རྫོང་སོགས་སུ་ས་འགུལ་བྱུང་བ་དང་། དེ་རིང་ཁྱུང་མཆུའི་ས་ཡོམ་སྐབས་ཀྱང་ས་གནས་ཀྱི་པར་བརྙན་སོགས་དྲ་ལམ་དུ་སྤེལ་རྒྱུར་ཚོད་འཛིན་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། མི་སྒེར་གྱིས་པར་དང་བརྙན་ཐུང་སོགས་སྤེལ་ཚེ་དཀྲོག་གཏམ་སྤེལ་བའི་ཉེས་མིང་གི་འོག་ནས་འཛིན་བཟུང་བྱ་རྒྱུ་ཡིན་ལུགས་ཀྱི་འཇིགས་སྐུལ་བྱེད་ཀྱིན་ཡོད་སྐོར་སོགས་བརྗོད་བྱུང་། 

དེ་རིང་ཞོགས་པར་བོད་མཚོ་སྔོན་ཞིང་ཆེན་འབྲི་སྟོད་རྫོང་དང་གཞིས་ཀ་རྩེ་གདེང་སྐྱེས་རྫོང་། ཡུ་གུར་རང་སྐྱོང་ཁུལ་གྱི་ཨ་ཁི་སི་ས་ཁུལ་སོགས་སུ་ཚད་རིམ་ ༥ ལས་དམའ་བའི་ས་ཡོམ་བརྒྱབ་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

སྐར་མ ༥ སྔོན་ལ།
Mobile App

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཨོ་གླིང་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
འབའ་རྫོང་དུ་འཚོགས་མུས་ཡིན་པའི་ཐུན་ཏེ་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།
Mobile App

བོད་ནང་འདུ་འཛོམས་དམ་དྲག་བྱེད་ཀྱི་ཡོད་པ་དང་བསྟུན་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་།

ཆུ་ཚོད་ ༢༤ སྔོན་ལ།
རྔ་བ་རྫོང་ཨ་འདུས་དགོན་པ། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

༧སྐུའི་གོ་སྟོན་གྱི་ཚབ་མཚོན་དབུ་ཞྭ་ཁྱབ་བསྒྲགས་བྱས་རྐྱེན་དགེ་འདུན་པ་ཞིག་འཛིན་བཟུང་བྱས།

༢༠༢༥/༠༧/༢༩
On 27 July 2025, His Holiness the 14th Dalai Lama met Czech President Petr Pavel at Shewatsel Phodrang in Leh, Ladakh. Photo Credit: Office of the Dalai Lama
༸གོང་ས་མཆོག གསར་འགྱུར།

ཅེཀ་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པར་སྐྱོན་བརྗོད་བྱས་འདུག

༢༠༢༥/༠༧/༢༩

མཆན། 1

  1. thang demo says:
    ཟླ་བ། 6 སྔོན།

    ཁྱུང་མཆུ་སོགས་ཟེར་དགོས་པའི་ཞེ་འདོད་ཅི་ཡིན་ནམ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese