མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གཉིས་ལྷག་ནང་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༡༥ ཙམ་ཞིབ་བཤེར་གནས་དབྱུང་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་བློ་མི་དཀར་བ་དང་ཏང་གཤིས་རྩ་དོན་ཤོར་བ། ལྐོག་ཟ་རུལ་སུངས་བྱས་པ་སོགས་ཀྱི་ཉེས་མིང་འོག་བོད་ཡུལ་གྱི་མཐོ་རིམ་དཔོན་རིགས་ཁག་ཅིག་གཅིག་རྗེས་གཉིས་མཐུད་དུ་ཞིབ་བཤེར་གནས་དབྱུང་བཏང་འདུག་ལ་བོད་སྐྱེ་རྒུ་མདོ་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པར་ཞིབ་བཤེར་བྱེད་བཞིན་ཡོད་འདུག

བོད་སྐྱེ་རྒུ་མདོ་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་ནང་ཆེན་རྫོང་གི་རྫོང་དཔོན་ཤེས་རབ་རྒྱ་མཚོ། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་བོད་སྐྱེ་རྒུ་མདོ་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་ནང་ཆེན་རྫོང་གི་རྫོང་དཔོན་ཤེས་རབ་རྒྱ་མཚོ་ཞེས་པར་ཞིབ་བཤེར་བྱེད་བཞིན་ཡོད་འདུག་ལ། གཞུང་འབྲེལ་གསར་འགྱུར་ནང་དུ་ཁོང་གིས་ཁྲིམས་སྒྲིག་དང་འགལ་འཛོལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་སྐོར་བསྒྲགས་འདུག ཁོང་ནི་འདས་པའི་ཟླ་ ༣ ནང་རྒྱ་ནག་གཞུང་གིས་ཞིབ་བཤེར་ཡོངས་བསྒྲགས་བྱས་པའི་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་གསུམ་དེ་རེད་འདུག

འདས་པའི་མི་ལོ་གཉིས་ལྷག་གི་རིང་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༡༥ ཙམ་གནས་དབྱུང་ཞིབ་བཤེར་བྱས་འདུག དེ་ཡང་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་མགོ་གཙོ་ཆེ་དགྲ་ལྷ་ཞེས་པ་ཁྲིམས་སྒྲིག་དང་འགལ་འཛོལ་ཆེན་པོ་བྱུང་སྐོར་བརྗོད་དེ་ཞིབ་བཤེར་བྱེད་ཀྱིན་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཇེ་(Wu Yingjie)ཡིས། ཏང་ལ་དད་སེམས་ཉམས་པ་དང་ཏང་གཤིས་ཀྱི་རྩ་དོན་ཤོར་བ། ཕུགས་བསམ་ཉམས་པ་སོགས་ཀྱི་ཉེས་མིང་འོག་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་། 

 དེ་བཞིན་ཕྱི་ལོ་ ༢༠༢༢ ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་ཀྲང་ཡོང་ཙི་དང་། དྲིལ་བསྒྲགས་ལྷན་ཁང་གི་རྒྱུན་ལྷན་ཚོགས་གཙོ་གཞོན་པ་ཝང་ནིན་ཧྲིན། བོད་རང་སྐྱོང་ཟེར་བའི་ཉེན་རྟོག་ཁང་གི་རྒྱུན་ལྷན་ཚོགས་གཙོ་གཞོན་པ་ཡང་ཀང་མིན་བཅས་ལས་གནས་གནས་དབྱུང་དང་། ཕྱི་ལོ་ ༢༠༢༤ ལོའི་ཟླ་  ༢ ཚེས་ ༣ ཉིན་དཀར་མཛེས་ཁུལ་རྟའུ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་དཔོན་པོ་གཞོན་པ་ཡེ་ཤེས་རྡོ་རྗེ་དང་།  ཕྱི་ལོ་ ༢༠༢༢ ལོའི་ཟླ་  ༡༡ ཚེས་ ༢༤ ཉིན་ཆབ་མདོ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཚེ་རིང་འགྱུར་མེད།  དེ་བཞིན་ཕྱི་ལོ ༢༠༢༢ ལོར་བོད་ཀྱི་མཚོ་ཤར་དང་མཚོ་ནུབ་ཁུལ། སྐྱེ་རྒུ་མདོ་ཁུལ་སོགས་སུ་ལོ་ངོ་ ༣༣ ལྷག་ཙམ་རིང་མགོ་ཁྲིད་བྱས་མྱོང་བའི་རྒྱ་དཔོན་ཝུན་གོ་ཏུང་ཟེར་བ་སོགས་ཚུད་པའི་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༡༥ ཙམ་ཞིག་ལ་ཞིབ་བཤེར་དང་བཙོན་འཇུག་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

འདས་པའི་ཟླ་ ༣ ནང་གནས་དབྱུང་བཏང་བའི་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་གཉིས། དྲ་ལམ་གྱི་པར།

 ཕྱི་ལོ་ ༢༠༡༤ ཟླ ༡ ཚེས་ ༢༤ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་ཞི་ཅིན་ཕིང་གི་གཙོ་སྐྱོང་འོག དབུས་ཆབ་སྲིད་ལས་ཁུངས་ཀྱིས་ཚོགས་འདུ་བསྡུས་ཏེ་རྒྱལ་ཁབ་བདེ་འཇཊ་ཨུ་ཡོན་ལྷན་ཁང་ཞེས་པ་གསར་འཛུགས་བྱ་རྒྱུའི་གཏན་འབེབས་བྱས་ཏེ། དབུས་གཞུང་གིས་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་པའི་གནས་ཚུལ་ཕྱོགས་བསྡོམས་དང་འབྱུང་འགྱུར་གྱི་ལས་དོན་སྤྱི་ལེགས་བཅོས་བྱེད་དགོས་པའི་ཐག་གཅོད་འོག རྒྱ་ནག་ནང་ལོགས་དང་བོད་སོགས་བཙན་བཟུང་འོག་ཡོད་པ་ཚང་མར་ལྐོག་ཟ་རུལ་སུངས་དང་གཞུང་དངུལ་ལོག་སྤྱོད། རྒྱས་སྤྲོས་བག་མེད་སོགས་ཀྱི་ཉེས་མིང་འོག དབུས་ས་གཉིས་ནས་དཔོན་རིགས་མང་པོར་ཞིབ་བཤེར་དང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ལ། སྤྱི་ཡོངས་ནས་མང་ཚོགས་ཁྲོད་བྱ་འགུལ་དེ་ལ་དགའ་མོས་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་།

གནད་དོན་དབྱེ་ཞིབ་པའི་ཁྲོད་འགུལ་སྐྱོད་ཆེན་མོ་དེ་ནི་ཞི་ཅིན་ཕིང་ཆབ་སྲིད་ཤོག་ཁག་གི་དབང་ཆ་བརྟན་སྲུང་གི་གཡུལ་འགྱེད་ཆེན་མོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གཡུལ་འགྱེད་དེའི་ཁྲོད་དབུས་གཞུང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བ། རྒྱལ་ཁབ་ལ་བློ་མི་དཀར་བ། དྲིན་ལན་ལོག་འཇལ། དད་སེམས་ཉམས་པ། ཕུགས་འདུན་བརླག་པ་སོགས་ཀྱི་ཉེས་མིང་ཚུད་ཡོད་པ་མ་ཟད།  ལྐོག་རྔན་བླངས་བ་དང་ལྐོག་ཟ་རུལ་སུངས་བྱས་པ། སྤྱི་ཚོགས་བརྟན་ལྷིངས་ལ་གནོད་སྐྱོན་བཟོས་པ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པ་ཟེར་བའི་ཉེས་མིང་དེ་དམར་ཤོག་གི་ལྟ་བར་འདོད་མོས་མེད་མཁན་གྱི་ཤེས་ཡོན་པའི་སྡེ་དང་ཁོར་ཡུག་སྲུང་སྐྱོབ་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་ལ་མང་དུ་གཡོགས་ཏེ་ཚར་གཅོད་ཀྱི་ཡོད་པ་གསལ་པོ་ཆགས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Visiting U.S. Senate Majority Leader Chuck Schumer, D-N.Y., left, is greeted by Chinese President Xi Jinping before their bilateral meeting at the Great Hall of the People in Beijing, Monday, Oct. 9, 2023. (AP Photo/Andy Wong, Pool)
ASSOCIATED PRESS
Mobile App

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་གཞུང་གི་བྱེད་བབ་ལ་བློ་ཕམ་ཆེན་པོ་གནང་།  

༢༠༢༣/༡༠/༡༠
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥
བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཡང་བསྐྱར་ཞི་རྒོལ་བྱས་པར་བརྟེན་བཙན་འཁྲིད་བྱས་འདུག ༢༠༢༣།༠༥།༡༦
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ཡང་བསྐྱར་བཙན་འཁྲིད་བྱས་འདུག

༢༠༢༣/༠༥/༡༦
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧
པར་འབྲེལ་ཡོད་ནས་བོད་ཀྱི་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

ལྷ་མོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ཤི་བརྒྱབ་ཡོད་འདུག

༢༠༢༣/༠༣/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese