མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་ཏཱ་ལའི་བླ་མའི་ཕྱི་ལོ་ ༢༠༢༥-༢༠༢༦ ལོའི་སློབ་ཡོན་གསལ་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

གཙུག་ལག་སློབ་གཉེར་བ་སྐྱེད་སྲིང་ཆེད་ལོ་ལྟར་༧གོང་ས་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནས་བོད་ཕྲུག་མང་པོར་སློབ་ཡོན་གནང་སྲོལ་ཡོད་པ་ལྟར་ཕྱི་ལོ་ ༢༠༢༥ དང་ ༢༠༢༦ ལོའི་སློབ་ཡོན་ཞུ་བློ་ཡོད་རིགས་ནས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༠ བར་འགྱང་མེད་སྙན་ཞུ་འབུལ་དགོས་ཀྱི་ཡོད་འདུག

Tibetan school students at the Tibetan Children’s Village School near Dharamsala. (Shyam Sharma/Hindustan Times)

༧གོང་ས་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩས་གསལ་བསྒྲགས་གནང་བ་ལྟར་ན། འདི་ལོར་ཡུ་རོབ་དང་ཨ་རི། ཨོ་གླིང་། རྒྱ་གར་ཕུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཏུ་གཙུག་ལག་རབ་འབྱམས་པ་དང་ཆེད་ལས་སྨན་པའི་སློབ་སྦྱོང་བྱེད་མཁན་གྱི་བོད་པའི་སློབ་མ་རྣམས་ལ་སློབ་ཡོན་གནང་རྒྱུ་དང་། དེ་སྔོན་སློབ་ཡོན་ཐོབ་ཟིན་པ་དག་གིས་ཀྱང་བསྐྱར་དུ་སློབ་ཡོན་ཞུ་ཆོག་གི་ཡོད་འདུག སློབ་ཡོན་དེའི་ཁོངས་སུ་མཉམ་ཞུགས་བྱེད་འདོད་མཁན་རྣམས་ཀྱིས། རང་ཉིད་ལ་ཨ་རི་དང་། ཨོ་གླིང་། ཡུ་རོབ་སོགས་ཀྱི་མཐོ་སློབ་ཁག་ནང་སློབ་འཇུག་ཟིན་པའི་དཔང་ཡིག་དང་། རང་ཉིད་བོད་མི་ཡིན་པའི་ར་སྤྲོད་ཀྱི་ཡིག་ཆ་ (www.dalailamafoundation.org)བརྒྱུད།  འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་བར་འབུལ་ཟིན་པ་དགོས་ཀྱི་ཡོད་འདུག

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩའི་སློབ་ཡོན་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་འབུལ་གྱི་ཡོད་ཅིང་། སློབ་ཡོན་གྱི་ལས་གཞིའི་དགོས་དམིགས་ནི། བོད་པའི་སློབ་མ་རྣམས་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་ཏེ་གཙུག་ལག་རབ་འབྱམས་པའི་སློབ་ཚན་ལ་ཆེད་སྦྱོང་བྱེད་པ་བརྒྱུད་བོད་མིའི་ནུས་སྟོབས་ཀྱི་རྩ་བ་གོང་སྤེལ་དང་། འགྲོ་བ་མིའི་རིགས་དང་ཤེས་ཡོན་ལ་མཐུན་འགྱུར་གང་ཐུབ་གནང་རྒྱུའི་བརྒྱུད་ལམ་བསྐྲུན་པ་ཞིག་ཡིན་འདུག དེ་ཡང་ད་བར་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པས་བོད་རིགས་སློབ་མ་ ༢༤༠ ལྷག་ལ་ཨ་སྒོར་ས་ཡ་ ༢། ༥ ཙམ་སློབ་ཡོན་དུ་ཕུལ་ཡོད་པ་མ་ཟད། སློབ་ཡོན་དེ་བརྒྱུད་བོད་རིགས་སློབ་མ་མང་དག་ཅིག་གིས་རྒྱལ་སྤྱིའི་ཚད་ལྡན་གྱི་མཐོ་སློབ་ཁག་ཏུ་སྨན་དང་། ཁྲིམས་ལུགས། འཆར་འགོད། ཚོང་རིག སེམས་ཁམས་རིག་པ། དེ་བཞིན་རྒྱལ་སྤྱིའི་འབྲེལ་ལམ་སོགས་ཀྱི་ཐད་ལ་སློབ་སྦྱོང་བྱས་དང་བྱེད་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese