མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་སྲུང་གཙི་ཡི་མཛད་སྒོ་འཚོགས། 

བོད་ཀྱི་དུས་བབ།
༢༠༢༥/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཆོ་འཕྲུལ་དུས་ཆེན་དང་བསྟུན་ཨ་རིའི་ནེའུ་ཡོག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས། 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་སྲུང་གཙིའི་མཛད་སྒོ་འཚོགས། ཨ་རིའི་ཆོ་འཕྲུལ་སྨོན་ལམ་གྱི་ངོ་དེབ་ཐད་གཏོང་ནས་བླངས།  ༢༠༢༥།༣།༡༦

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཏེ་ཆོ་འཕྲུལ་སྨོན་ལམ་དུས་ཆེན་དང་བསྟུན། ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་སྐུའི་གོ་སྟོན་གྱི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་ཤར་བྱང་ཆོས་རྗེ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དབུས་པའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་སྒོ་མང་མཁན་ཟུར་བློ་བཟང་རྒྱལ་མཚན་རིན་པོ་ཆེ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། གོ་སྟོན་ཚོགས་ཆུང་གི་ཚོགས་གཙོ་ལྡོང་ཡར་ཀླུང་ཚང་འཇམ་དབྱངས་རྒྱ་མཚོ་ལགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་སོགས་ཀྱིས་དབུས། མི་མང་གཅིག་སྟོང་ལྷག་གིས་མཉམ་ཞུགས་གནང་ཡོད་འདུག 

མཛད་སྒོའི་ཐོག་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག  སྔ་འགྱུར་རྙིང་མའི་དབུ་འཛིན་ཞི་ཆེན་རབ་འབྱམས་རིན་པོ་ཆེ་མཆོག  ༧སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་བཅས་ཀྱིས་བརྙན་ལམ་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཨ་རིའི་ཁུལ་དུ་གོ་སྟོན་སྲུང་གཙིའི་མཛད་སྒོ་དང་འབྲེལ་བའི་ཤིས་ཚིག་གཟིགས་འབུལ་ཞུས་པའི་ནང་། སླད་མར་ཡང་༧མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཡུན་རིང་བརྟན་ཞིང་མཛད་འཕྲིན་གོ་ལར་རྒྱས་པའི་སྨོན་ལམ་སོགས་བཏབ་འདུག 

ཡང་མཛད་སྒོའི་ཐོག་ཨ་རིའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྡོང་ཡར་ཀླུང་ཚང་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས།  ད་ལན་ཨ་རིར་སྲུང་གཙི་བྱས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་གྱི་མཛད་སྒོ་འདི་ནི། མི་ལོ་གཉིས་ཙམ་གྱི་གོང་ནས་ཨ་རི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དྲུང་ཆེ་བློ་བཟང་རྡོ་རྗེ་ལགས་བཞུགས་སྒར་དུ་ཆེད་བཅར་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསེར་ཞལ་མཇལ་ནས་ལས་དོན་རྣམས་སྙན་སྒྲོན་ཞུས་པར་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་གནང་བ་དང་། ཞབས་པུས་སྨན་བཅོས་འཕྲོད་སྦྱོར་ཆེད་ཨ་རིར་ཆིབས་བསྒྱུར་སྐྱོང་སྐབས་ཀྱང་། བདག་ཅག་ཨ་རི་ཆོ་འཕྲུལ་སྨོན་ལམ་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཞལ་བཞེས་སྐལ་བཟང་ཐོབ། ཅེས་དང་། དེ་རིང་གི་མཛད་སྒོ་འདི་ནི་༧རྒྱལ་བའི་གོ་སྟོན་སྲུང་གཙི་ཡི་མཛད་སྒོ་སྔ་ཤོས་ཤིག་ཆག་གི་ཡོད་པར་བརྟེན། རིས་མེད་བསྟན་བདག་བླ་ཆེན་རྣམ་པས་ཤིས་ཚིག་བརྙན་ཐུང་དང་། གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་། བླ་སྤྲུལ་དགེ་བའི་གཤེས་གཉེན་རྣམས་ཀྱིས་མཛད་པའི་བསྟོད་རྩོམ། དེ་བཞིན་བདག་ཅག་རྣམས་ལ་བསོད་ནམས་གསོག་པའི་གོ་སྐབས་སུ་སྐུ་ཡི་གོ་སྟོན་རྟེན་འབྲེལ་ཞུ་ཆེད་གཟེངས་བསྟོད་གསེར་གྱི་རྟགས་མ་དང་རྟེན་འབྲེལ་གྱི་ཤིས་ཚིག  ༧གོང་ས་རྒྱལ་བ་རིན་པོ་ཆ་ེམཆོག་གི་ཐུགས་བསྐྱེད་དམ་བཅའ་ཆེན་མོ་བཞི་ཡི་བཀའ་ཆེམས་གཟེངས་བསྟོད་འབུལ་རྟེན། ས་གནས་སོ་སོས་གོ་སྟོན་རྟེན་འབྲེལ་སླད་གླུ་དང་གར་གྱི་མཆོད་པ་དབུལ་རྒྱུ་སོགས། ཕྱོགས་ཡོངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་མཛད་སྒོ་འདི་བཞིན་དོན་སྙིང་དང་ལྡན་པ་ཞིག་འབད་བརྩོན་ཞུ་བཞིན་ཡོད། ཅེས་བརྗོད་འདུག 

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས། ད་ལན་གོ་སྟོན་གྱི་མཛད་སྒོ་སྲུང་གཙི་བྱེད་དོན་གཙོ་བོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་སླད་དུ་ཡིན་ལ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདི་ལོའི་ཕྱི་ཟླ ༦ པ་ནས་མགོ་བཙུགས་ཏེ་ལོ་རྗེས་མའི་ཕྱི་ཟླ་ ༧ ཚེས་ ༥ བར་ལོ་འཁོར་མོར་བྱམས་བརྩེའི་ལོར་སྲུང་གཙི་བྱེད་ཀྱི་ཡོད་པ་རེད། ཅེས་དང་། ད་ལན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་ནས། རྒྱལ་སྤྱིའི་མི་མང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་དང་ཐུགས་བསྐྱེད་དམ་བཅའ་བཞི་འདི་ང་ཚོ་བོད་པ་ཙམ་མིན་པར། ད་ལྟའི་འཛམ་བུ་གླིང་གི་ནང་དུ་དཀའ་ངལ་མང་པོ་ཞིག་འཕྲད་མུས་ཡིན་པ་དེ་དག་མིས་བཟོས་པའི་དཀའ་ངལ་ཡིན་པ་དང་། མིའི་ནང་སེམས་ཀྱི་ཀུན་སྤྱོད་ཀྱི་ཐད་ནས་འཕོངས་ཀྱི་ཡོད་དུས། གོ་སྐབས་དེ་བརྒྱུད་ནས་འཛམ་གླིང་མི་མང་རྣམས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་གང་མང་མང་ཁྱབ་སྤེལ་བྱ་རྒྱུའི་ལས་གཞི་ཞིག་བརྩམས་ཡོད་སྟབས། ངས་གོ་སྐབས་འདི་བརྒྱུད་ནས་རྣམ་པ་ཚང་མས་ལས་གཞི་དེའི་ཁོངས་སུ་མཉམ་ཞུགས་དང་རྒྱབ་སྐྱོར་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག 

དེའི་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་སྒོ་མང་མཁན་ཟུར་བློ་བཟང་རྒྱལ་མཚན་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རིན་པོ་ཆེ་མཆོག་རྣམ་གཉིས་དང་།  དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་སོགས་ཀྱིས་བཀའ་སློབ་དང་མི་མང་གིས་གཞས་སྣ་སོགས་གཟིགས་འབུལ་ཞུས་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese