མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་གསུང་བཤད་དང་འབྲེལ་ནས་ལན་འདེབས་གསལ་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་ཨ་རིའི་རོགས་དངུལ་ཆད་པའི་གནས་སྟངས་འོག་ཟླ་གསུམ་རིང་གི་འགྲོ་གྲོན་ཆེད་རོགས་དངུལ་ས་ཡ་ ༡༥༠ ཐབས་འཚོལ་ཐུབ་ཡོད་འདུག

པར་བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་དྲ་ངོས་ལས་བླངས།

དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་གཉིས་པའི་སྟེང་དུ། སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གི་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥་་་༢༦ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་ཡོངས་བགྲོ་གླེང་གནང་སོང་བ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ ༢༡ ཙམ་གྱིས་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་འབྲེལ་ནས་བཀའ་འདྲི་གནང་བར་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས། ད་ལྟའི་གནས་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཉུང་དུ་གཏོང་དགོས་པ་གང་ཡང་ཆགས་མེད། སྤྱི་ཚོགས་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དངུལ་ཉུང་དྲགས་ནས་ལས་བྱེད་ཀྱི་གླ་ཆ་མར་བཅག་ཡོད་ཟེར་བ་དེ་བདེན་པ་མ་རེད། ད་ལྟའི་ཆར་གཞུང་ཞབས་ལས་བྱེད་གང་ཡོད་པ་རྣམས་མུ་མཐུད་དུ་ཉར་རྒྱུ་རེད། ཨ་རིའི་རོགས་དངུལ་གྱི་ལས་གཞི་ཁ་ཤས་ཡོད་པའང་མཚམས་འཇོག་བྱས་མེད། འགྲོ་སོང་མང་པོ་གཏོང་མི་དགོས་པའི་ཐོག་ནས་ལས་མཇུག་བསྒྲུབ་རྒྱུ་ལས། ད་ལྟ་བར་དུ་འགྲོ་སོང་མང་པོ་བཏང་བ་བེད་མེད་དང་ནུས་མེད་ཆགས་འགྲོ་ཡི་རེད། དེའི་ཐོག་ང་ཚོས་དངུལ་འཛིན་བཀའ་འཁྲོལ་ཞུས་ཡོད། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ཁོངས་སུ་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་ལོ་གསུམ་ཞུས་པ་ལོ་གཉིས་པའི་ནང་དུ་འགྲོ་བཞིན་ཡོད།  དེ་ཡང་ཨ་རིའི་རོགས་དངུལ་ཆད་ཀྱང་དགོས་མཁོ་དང་མཐུན་པའི་ཐོག་འགྲོ་སོང་བཏང་ནས་མུ་མཐུད་འགྲོ་དགོས། ཟབ་སྦྱོང་དང་ཚོགས་འདུ་སོགས་འཚོག་མི་དགོས་པ་དེ་དག་ཐེངས་འདིའི་གཅོག་ཆའི་ནང་བཏང་ཡོད། ཅེས་ལན་འདེབས་གནང་སོང་།

དཔལ་འབྱོར་བཀའ་བློན་མཆོག་གིས། རོགས་དངུལ་བཀག་སྐྱིལ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་ཕྱི་ཟླ་ ༡ པོ་ནས་ཕྱི་ཟླ་ ༣ པའི་ཟླ་མཇུག་བར་དུ་འགྲོ་གྲོན་ཞིག་འགྲོ་ཡི་ཡོད་པ་རེད། དེ་གཅིག་པུ་གྲ་སྒྲིག་བྱེད་པར་བདུན་ཕྲག་གཅིག་འགོར་སོང་། ང་ཚོས་ཞིབ་ཚགས་པོ་བྱས་ནས་ལས་ཁུངས་རེ་རེར་བལྟ་དགོས་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་ཕྱི་རྒྱལ་གྱི་རོགས་དངུལ་བཀག་སྐྱིལ་བྱས་པའི་གནས་ཚུལ་ཐོས་ཡོང་གི་ཡོད་པ་དེ་སླར་གསོ་བྱ་རྒྱུའི་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་དང་སྒྲིག་གཞི་དེ་དག་སྲུང་གཙི་བྱེད་དགོས་ཀྱི་ཡོད་པར་བརྟེན། སྔོན་རྩིས་ནས་བཀའ་འཁྲོལ་ཞུ་དགོས་ཀྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་བཀའ་ཤག་གིས་ཉིན་མ་མང་པོ་འཛོམས་ཏེ། ལྷན་ཁང་སོ་སོའི་ཟླ་བ་གསུམ་ནང་འགྲོ་སོང་ག་ཚོད་ཆགས་ཀྱི་ཡོད་པ་དེ་དག་ཆ་ཚང་བལྟ་དགོས་ཀྱི་ཡོད་པ་རེད། ཟླ་བ་གསུམ་གྱི་རིང་ལ་འགྲོ་སོང་ཀ་རོར་ (Crore)  ༡༢ འགྲོ་ཡི་འདུག དེ་དང་འབྲེལ་ནས་ང་ཚོས་རོགས་དངུལ་ཀ་རོར་ (Crore) ༡༥ ཐབས་ཤེས་བྱས་ཐུབ་སོང་། མི་མང་སེམས་འཚབ་བྱེད་བཞིན་པ་དེ་དག་ཞི་འཇགས་ཡོང་བའི་ཆེད་དུ་ལབ་ཡིན། ཞེས་སོགས་གསུངས་སོང་།

ཡང་དཔལ་འབྱོར་བཀའ་བློན་མཆོག་གིས། ཨ་རིའི་གཞུང་ནས་བཙན་བྱོལ་ནང་རོགས་པ་བྱེད་པ་དེ་ས་ཡ་ ༡༤ ཆགས་ཀྱི་ཡོད་པ་རེད། དེའི་ནང་ནས་ས་ཡ་ ༢ (PRM) རེད། ད་ལྟ་ཨ་རིའི་གཞུང་གིས་ཐག་གཅོད་བྱེད་སྟངས་ཀྱི་བརྒྱུད་རིམ་ནང་ (USAID) བརྒྱུད་ནས། མིའི་སྲོག་དང་འབྲེལ་བ་ཡོད་པ་དེ་དག་གནས་སྟངས་གཅིག་རེད་མ་གཏོགས་གཞན་ཆ་ཚང་མེད་པར་བཟོས་ཡོད་པ་རེད། ཕྱི་སྲིད་བློན་ཆེན་གྱིས། བརྒྱ་ཆ་ ༨༣ མེད་པ་བཟོ་རྒྱུ་ཡིན། བརྒྱ་ཆ་ ༡༧ ཕྱི་སྲིད་ལས་ཁུངས་ནང་ཟླ་སྒྲིལ་བྱེད་ཀྱི་ཡིན། ཞེས་གསུངས་ཡོད་པ་རེད། ང་ཚོས་སླར་གསོ་བྱེད་པར་མུ་མཐུད་ནས་འབད་བརྩོན་ཞུ་རྒྱུ་ཡིན།  ཞེས་གསལ་བཤད་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༨ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese