མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རྣམས་ལ་དཀའ་ངལ་ཅི་ཙམ་བྱུང་ཡང་སེམས་ཤུགས་གཏན་ནས་ཆག་མི་ཉན་པའི་ལམ་སྟོན་མཛད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༠ ཙམ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྲོས་མོལ་ཆད་ཡོད་ཀྱང་། ཕྱི་ལོ་ ༢༠༡༩ བར་༧མགོན་པོ་གང་ཉིད་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོ་དང་འབྲེལ་འདྲིས་བྱུང་ཡོད་པ་ཕྱག་དེབ་གསར་པའི་ནང་གསལ་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་དེབ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།

ཉེ་ལམ་ཨ་རིའི་ཝི་ལིམ་མོར་རོ་(William Morrow) དཔེ་སྐྲུན་ཁང་དང་དབྱིན་ཡུལ་གྱི་ཧར་པར་དངོས་སྒྲུང་དཔེ་སྐྲུན་ཁང་(HarperNonFiction) གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཛད་པའི་སྨྲ་བརྗོད་བྲལ་བ་རྣམས་ཀྱི་མགྲིན་ཚབ་ (Voice for the Voiceless)། ངོས་ཀྱི་ཡུལ་དང་མི་དམངས་ཀྱི་ཆེད་མི་ལོ་བདུན་ཅུ་ལྷག་རིང་རྒྱ་ནག་དང་འཐབ་རྩོད་ཅེས་པའི་ཕྱག་དེབ་ནང་། ནམ་མཁའ་ཇི་ཙམ་མུན་ནག་ཡིན་ན་ཡང་རེ་བ་མ་འབོར་ཞེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྗེས་འབྲངས་བོད་མི་རྣམས་ལ་དཀའ་ངལ་ཇི་ཙམ་བྱུང་ཡང་སེམས་ཤུགས་གཏན་ནས་ཆག་མི་ཉན་པའི་ལམ་སྟོན་མཛད་འདུག

ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་འགྲེམས་སྤེལ་བྱེད་མུས་ཡིན་པའི་དཔེ་དེབ་དེའི་གླེང་བརྗོད་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། པེ་ཅིང་དང་ལྷན་དུ་ངོས་རང་གིས་དུས་ཡུན་རིང་པོར་འབྲེལ་བ་བྱས་པའི་ཉམས་མྱོང་ལ་བརྟེན་ནས། དེབ་འདིས་མ་འོངས་པར་ཇི་ལྟར་མདུན་སྐྱོད་བྱ་དགོས་མིན་ཐད་ལ་ལམ་བུ་གསར་པ་ཞིག་བསྟན་ཡོད་པའི་མུར། ང་ཚོ་ནི་ཤེས་རིག་དར་རྒྱས་སུ་ཕྱིན་པའི་ལོ་རྒྱུས་རང་བཞིན་ལྡན་པའི་མི་རིགས་ཤིག་ཡིན་སྟབས། གལ་ཏེ་དགོས་ངེས་ཡིན་ཚེ་ངའི་ཚེ་ཚད་ལས་ཀྱང་འགོངས་ཏེ་མུ་མཐུད་བོད་དོན་འཐབ་རྩོད་གནས་རྒྱུ་དང་། བོད་མི་ནི་བོད་ཀྱི་བདག་དབང་འཛིན་མཁན་ཡིན་པའི་ཐོབ་ཐང་ལ་བཀག་འགོག་བྱེད་མི་རུང་ལ། བོད་མིའི་རེ་འདུན་ཡང་གཉའ་གནོན་གྱི་འོག་ནས་རྩ་མེད་བཟོ་མི་རུང་། ང་ཚོས་ལོ་རྒྱུས་ཐོག་ནས་ཤེས་པའི་བསླབ་བྱ་གསལ་པོ་ཞིག་ནི། གལ་ཏེ་ཁྱེད་ཀྱིས་མི་རྣམས་སྐྱིད་པོ་མེད་པ་བཟོས་ཚེ། ཁྱེད་ལ་བརྟན་བརླིང་གི་སྤྱི་ཚོགས་ཤིག་མེད་པ་རེད།  ཅེས་གསུངས་འདུག

དཔེ་དེབ་འདིའི་ས་བཅད་བདུན་པ་སྟེ་རྒྱ་གཞུང་དང་ལྷན་བོད་རྒྱ་གྲོས་མོལ་གྱི་གནད་དོན་དང་འབྲེལ་ནས། ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུ་དུས་དྲན་གྱི་བསྒྲགས་གཏམ་སྟེ། བོད་ནང་གི་བོད་མི་རྣམས་དངོས་གནས་སྔར་བྱུང་མ་མྱོང་བའི་སྐྱིད་པོ་དང་ཡར་རྒྱས་ཕྱིན་ཡོད་ཚེ། ང་ཚོས་དེ་ལྟར་རྩོད་དགོས་དོན་མེད། གལ་ཏེ་བོད་མི་ཚོ་དངོས་གནས་སྐྱིད་པོ་ཡོད་ན། རྒྱ་ནག་གཞུང་གིས་ཕྱི་རྒྱལ་བ་རྣམས་བོད་ནང་དུ་འགྲོ་འོང་བཀག་སྡོམ་མ་བྱས་པར་བོད་ལ་གཟིགས་སྐོར་དུ་ཡོང་བཅུག་དགོས། འདི་ལྟར་བྱས་ན་གཟིགས་སྐོར་བ་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་ཐུབ་ལ། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མི་རྣམས་གཉེན་འཕྲད་དུ་འགྲོ་བཅུག་དགོས། ཞེས་སོགས་ལུང་འདྲེན་དང་སྦྲགས། ད་བར་བོད་རྒྱའི་གྲོས་མོལ་སླད་བོད་ནང་སྐུ་ཚབ་ཚོགས་ཆུང་མངག་གཏོང་གནང་བའི་བརྒྱུད་རིམ་དང་། ༧མགོན་པོ་གང་ཉིད་ཀྱིས་སྐབས་དེའི་རྒྱ་ནག་གི་མགོ་ཁྲིད་དག་གིས། བོད་ནང་གི་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། བོད་མི་རྣམས་ལ་རང་འདུན་བཞིན་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་སྐད་ཡིག་སྦྱོང་སྤྱོད་འཇུག་དགོས་པའི་རེ་སྐུལ་ཞུས་ཡོད་པའི་སྐོར་སོགས་གསལ་འདུག

ཡང་ཕྱག་དེབ་དེའི་མཇུག་གི་རེ་སྐུལ་ས་བཅད་ཁྲོད་༧མགོན་པོ་གང་ཉིད་ཀྱིས། ངོས་ཀྱི་བོད་རིགས་སྤུན་ཟླ་རྣམས། ནམ་མཁའ་ཇི་ཙམ་མུན་ནག་ཡིན་རུང་རེ་བ་མ་འབོར། ང་ཚོའི་གཏམ་དཔེར་ལན་དགུ་འགྱེལ་ན་ཡང་ལན་དགུ་ལོངས། སྤྲིན་པའི་རྒྱབ་ཏུ་ཉི་འོད་གསལ་པོ་ཞིག་སྒུག་ནས་ཡོད་པ་དྲན་པར་གྱིས། ང་ཚོ་ནི་ལོ་རྒྱུས་རིང་པོ་ཡོད་པའི་གནའ་བོའི་མི་རིགས་ཤིག་དང་། རྩམ་གཟན་མི་རིགས་ཤིག་སྟེ་ལོ་སྟོང་ཕྲག་མང་པོའི་རིང་འཛམ་གླིང་གི་ཡང་རྩེ་ཞེས་གྲགས་པའི་བོད་མཐོ་སྒང་དེ་སྲུང་སྐྱོབ་བྱས་ཡོད། ང་ཚོའི་ལོ་རྒྱུས་མི་ལོ་སྟོང་གཉིས་ལྷག་རིང་ལ། ང་ཚོས་འཕེལ་འགྲིབ་སྣ་ཚོགས་བརྒྱུད་དེ་སྐྱོད་མྱོང་ཞིང་། ང་ཚོའི་སྐད་དང་རིག་གཞུང་། ཆོས་ལུགས་སོགས་ནི་འུ་ཅག་གི་སྲོག་ཤིང་དུ་གྱུར་བར་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གིས་བཙན་བཟུང་བྱས་པའི་ད་ལྟའི་མུན་ནག་གི་དུས་སྐབས་འདི་ལ་མཐའ་མེད་པ་འདྲ་པོ་མཐོང་ཡང་། དེ་ནི་ང་ཚོའི་ལོ་རྒྱུས་རིང་མོའི་ཁྲོད་ཀྱི་མཚན་མོའི་རྨི་ལམ་ཐུང་ཐུང་ཞིག་ཡིན་པ་མ་ཟད།  ཆོས་ཉིད་ཐམས་ཅད་འགྱུར་བའི་རང་བཞིན་ཡིན་པར་ལྡོག་ཏུ་མེད་སྐོར་གསུངས་འདུག

ཤོག་ངོས་ ༢༨༤ ཡི་བདག་ཉིད་ཅན་གྱི་དཔེ་དེབ་དེའི་ཁྲོད། ས་བཅད་མི་འདྲ་བ་བཅུ་དྲུག་དང་ལྷན་ཐབས་ཀྱི་ས་བཅད་ལྔ་ཡོད་པའི་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ཕྲ་བའི་དུས་ཏེ། ཆབ་སྲིད་ཀྱི་རྙོག་འཛིང་ཆེས་ཆེ་བའི་དུས་སྐབས་སུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཆ་ཚང་བཞེས་ནས།  རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱེད་སྐབས། རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་མགོ་ཁྲིད་མཱའོ་དང་རྒྱ་ནག་གི་མགོ་ཁྲིད་གཞན་ཁག་དང་ལྷན་ཞི་མོལ་གནང་བའི་བརྒྱུད་རིམ། དེ་བཞིན་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས། རྒྱ་ནག་གཞུང་གི་མགོ་ཁྲིད་ལྷན་རེ་འབྲས་བྲལ་བའི་གྲོས་མོལ་བྱུང་མཚམས། བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་སླད། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐད་ལ་ཤར་སྐྱོད་གནང་ཕྱོགས་དང་། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་འགན་དབང་ཡོད་ཚད་མི་མང་རང་བཞིན་གྱི་འོས་བསྡུའི་ལམ་བུར་བསྒྱུར་ནས། མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བའི་སྐོར་དང་། ཕྱི་ལོ་ ༢༠༡༠ ཙམ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྲོས་མོལ་ཆད་ཡོད་ཀྱང་། ཕྱི་ལོ་ ༢༠༡༩ བར་༧མགོན་པོ་གང་ཉིད་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོ་དང་འབྲེལ་འདྲིས་བྱུང་ཡོད་པའི་སྐོར། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཅུག་ནས་རྒྱ་ཡིག་བཙན་གྱིས་སྦྱོང་སྤྱོད་བྱེད་དུ་འཇུག་གིན་ཡོད་པའི་སྐོར་སོགས་གསལ་འདུག

ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཛད་པའི་ཕྱག་དེབ་དེ། དཔེ་ཁང་དང་ཨེ་མེ་རྫོན་(Amzone) དང་། Barnes and Noble། Books -A-Millon །  Target ། དེ་བཞིན་ Walmart བཅས་དྲ་ལམ་ཚོང་གཉེར་ཁང་དེ་དག་ལ་མངག་ཉོ་དང་།  དཔེ་དེབ་དེ་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་། འཇར་མན། ཨི་ཊ་ལི། ཧོ་ལེན་དང་། ཁེ་ན་ཊ་སོགས་སུ་འགྲེམས་སྤེལ་བྱས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese