མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་ས་ཁྲ་གསར་བཟོ་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་སུ་མདོ་དབུས་ཁམས་གསུམ་གྱི་སྐད་ཐོག་གསར་འགྱུར་རྒྱང་སྲིང་ཞུ་མཁན་མེད་པའི་དཀའ་ངལ་འཕྲད་ཀྱིན་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་སྐབས། ལས་ཉིན་བཞི་པ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༣།༢༠

དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཞི་པའི་ཚོགས་ཐུན་དང་པོའི་སྟེང་། སྤྱི་འཐུས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས། སྣར་ཐར་པར་ཁང་གི་རྒྱུན་གྲོན་ཐོག་ས་ཡ་གཉིས་ཙམ་བཏང་ནས་ལས་དོན་ཐོག་ཕན་ཐོགས་ཇི་ཙམ་ཡོང་གི་ཡོད་མེད་དང་། སྣར་ཐང་པར་ཁང་དུ་ལས་བྱེད་ག་ཚོད་ཡོད་པ་དང་། ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་དེབ་ཕུད་པའི་པར་སྐྲུན་གཞན་གང་དག་བྱེད་བཞིན་ཡོད་མེད་སོགས་ཀྱི་དོགས་འདྲི་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། ཕྱི་དྲིལ་ལས་ཁུངས་ཀྱིས་མདོ་དབུས་ཁམས་གསུམ་གྱི་སྐད་ཀྱི་ཐོག་རྒྱང་སྲིང་བྱེད་ཐུབ་པའི་དགོས་གལ་ཆེ་ཞིང་། བོད་ཀྱི་ས་ཁྲ་གསར་བཟོ་བྱེད་པར་སྔོན་རྩིས་ཧིན་སྒོར་འབུམ་ ༩༠ ཙམ་ཞུས་འདུག་པར། བོད་ཀྱི་ས་ཁྲ་ཚད་ལྡན་དགོས་གལ་ཆེ་བ། བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་ཁྱབ་པའི་རྒྱ་སྐད་ཀྱི་ཚིག་ག་རེ་ཡོད་དམ་ཞེས་དགོངས་འཆར་དང་བཀའ་འདྲི་གནང་སོང་།

ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གསལ་བཤད་ལན་འདེབས་གནང་སྐབས། སྣར་ཐང་པར་ཁང་གི་རྒྱུན་གྲོན་ས་ཡ་གཉིས་ཙམ་ཆགས་ཡོད། སྔོན་མ་སྣར་ཐང་པར་ཁང་ལ་ལས་བྱེད་ ༡༤ ཡོད་ཅིང་། ད་ལྟའི་ཆར་ལས་བྱེད་ ༨ ཡོད། སྣར་ཐང་པར་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་རིག་གནས་ཐོག་པར་སྐྲུན་བྱེད་བཞིན་ཡོད་ཅིང་། རྒྱུན་དུ་ཤེས་བྱ་དང་། བོད་མིའི་རང་དབང་། དབྱིན་ཡིག་དང་རྒྱ་ཡིག་བཅས་བདུན་རེ་དང་ཟླ་རེའི་ཚགས་ཤོག་པར་སྐྲུན་བྱེད་བཞིན་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དུས་དྲན་དང་མཛད་སྒོ་ཆེ་ཁག་བཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་འདུའི་སྐབས་ཀྱི་ཡིག་ཆ་རིགས་པར་སྐྲུན་བྱེད་བཞིན་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་པར་སྐྲུན་བྱེད་བཞིན་པའི་ཡིག་ཆ་དང་ཚགས་ཤོག་ཁག་ལོ་རྒྱུས་ཐོག་བཞག་དགོས་པར་གལ་གནད་ཆེན་པོར་བརྩི་བཞིན་ཡོད། ཅེས་དང་། སྔོན་མ་པར་སྐྲུན་བྱས་པའི་ཚགས་ཤོག་མི་སྒེར་པས་མངགས་པ་བཞིན་ཕུལ་བཞིན་ཡོད་ཀྱང་། ཕྱིས་སུ་དཔེ་མཛོད་ཁང་ཆེན་པོ་དང་སྒྲིག་འཛུགས་ཁག་ཏུ་གང་མང་གཏོང་ཐུབ་ཚེ། ཀློག་པ་པོ་མང་པོ་དང་ཁྱབ་ཆེན་པོར་འགྲོ་བཞིན་ཡོད་པར་བརྟེན། བསྐྱར་ཞིབ་ཀྱི་ཐོག་ནས་ཡར་རྒྱས་གཏོང་བཞིན་ཡོད། ད་ལན་དཔེ་སྐྲུན་གྱི་འཕྲུལ་ཆས་ཤིག་གི་སྔོན་རྩིས་འཁྱེར་ཡོད། ད་ལྟ་བར་དུ་སྣར་ཐང་པར་ཁང་གི་ལས་བྱེད་རྣམས་ཀྱིས་ལག་པས་ཚད་བརྒྱབ་སྟེ་བཟོ་བཞིན་ཡོད་པས་ཡིག་ཆ་རྣམས་ཏག་ཏག་མེད་པ་ཆགས་ཡོད། པར་སྐྲུན་གྱི་ལས་ཀ་དེ་དག་བྱེད་པའི་འཕྲུལ་ཆས་ཤིག་ཉོ་བར་ཧིན་སྒོར་འབུམ་ ༧༠ ཙམ་རེད། ཡིན་ནའང་ང་ཚོས་རོགས་སྐྱོར་བྱེད་མཁན་གཞན་ནས་ཐབས་ཤེས་འཐེན་བཞིན་ཡོད། གལ་སྲིད་རོགས་སྐྱོར་རག་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་ནས་འགྲོ་གྲོན་གཏོང་རྩིས་མེད། དུས་དང་མཐུན་པའི་ཐོག་འཕྲུལ་རིགས་ཀྱིས་པར་སྐྲུན་བྱེད་པར་འགྲོ་སོང་འགྲོ་མི་དགོས་པ་ཁག་པོ་ཆགས་ཀྱི་འདུག ཅེས་གསུངས་སོང་།

ཡང་བཀའ་བློན་མཆོག་གིས། གྲོས་ཚོགས་སྔོན་མ་ནས་ཕྱི་དྲིལ་བརྙན་འཕྲིན་ཚན་པར་མདོ་དབུས་ཁམས་གསུམ་གྱི་སྐད་ཐོག་རྒྱང་སྲིང་བྱེད་དགོས་པའི་དགོངས་འཆར་བཏོན་པ་བཞིན། ཕྱི་དྲིལ་བརྙན་འཕྲིན་ཚན་པའི་ནང་མདོ་དབུས་ཁམས་ཀྱི་སྐད་ཐོག་རྒྱང་བསྲིངས་བྱེད་ཐུབ་པ་བྱུང་ཡོད། ལས་མི་གསལ་བསྒྲགས་སྐབས་དབུས་གཙང་ནས་མི་ ༡༢ དང་། མདོ་སྨད་ནས་མི་ ༢ ། མདོ་སྟོད་ནས་མི་ ༡ བྱུང་སྟེ། ལས་དོད་ཆུང་ཆུང་ཞིག་ཕུལ་ནས་ཟླ་རེའི་གནས་ཚུལ་ཕྱོགས་སྡོམ་རྒྱང་སྲིང་ཞུས་ཡོད་ཀྱང་། ད་ལྟའི་ཆར་ལས་མི་དེ་དག་མེད་པ་ཆགས་འདུག སྙན་སྒྲོན་གནང་མཁན་ཡག་པོ་བྱུང་ཚེ་མུ་མཐུད་དུ་རྒྱང་བསྲིངས་བྱ་རྩིས་ཡོད་ལ། དེ་ནི་དགེ་མཚན་ཡོད་པ་ཞིག་དགོངས་ཀྱི་ཡོད། ཅེས་དང་། དེ་བཞིན་སྔོན་མ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་དྲ་རྒྱའི་ཁ་བྱང་ལ་ཞིས་ཙང་ཞེས་བྲིས་པ་དེ་ (tibet.com) ནང་འགྱུར་བ་གཏོང་ཐུབ་ཡོད་པ་དང་། རྒྱ་ཡིག་ནང་བོད་ཡོངས་སུ་ཁྱབ་པའི་ཚིག་ཅིག་བེད་སྤྱོད་བྱེད་པའི་ཐོག་བགྲོ་གླེང་འགྲོ་བཞིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese