མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱིན་འདུག  

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྔོན་རྩིས་གྲོས་ཚོགས་དང་བསྟུན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གྲུབ་པའི་བོད་དོན་ཞུ་གཏུག་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ལྡི་ལི་ཁུལ་དུ་ཞུ་གཏུག་གི་ལས་འགུལ་ཐེངས་གཉིས་པ་དེ་སྤེལ་བཞིན་འདུག

ཞུ་གཏུག་ལྷན་ཚོགས་ཀྱིས་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་ལ་མཇལ་འཕྲད་གནང་བའི་པར། བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༣།༢༡

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༧ བར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ།  དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ལས་གྲུབ་པའི་བོད་དོན་ཞུ་གཏུག་ཚོགས་ཆུང་ཞིག་གིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་མུས་ཡིན་ཞིང་། དེ་རིང་ཕྱི་ཟླ་ ༢༡ བར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་དྲུག་གི་གྲོས་ཚོགས་འཐུས་མི་ ༡༩ ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་འདུག

ད་ལན་གྱི་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་དང་འབྲེལ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལན་རྒྱ་གར་གྱི་སྔོན་རྩིས་གྲོས་ཚོགས་དང་བསྟུན། བོད་དོན་ཞུ་གཏུག་ལྷན་ཚོགས་ཀྱིས་ཉིན་གྲངས་བཅུའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་མུས་ཡིན། དེ་རིང་ཕྱི་ཚེས་ ༢༡ བར་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་ཚོགས་པ་དྲུག་དང་མངའ་སྡེ་འདྲ་མིན་བཅུ་ཡི་གྲོས་ཚོགས་འཐུས་མི་  ༡༩ ལ་ཐུག་འཕྲད་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བ་དང་། ཧི་མ་ཅལ་མངའ་སྡེའི་ད་ལྟའི་སྲིད་སྐྱོང་སོགས་ལ་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་། ཞེས་བརྗོད་བྱུང་། 

ཡང་ཁོང་གིས། ད་ལན་དེ་སྔ་བོད་དོན་ཞུ་གཏུག་ཐེངས་དང་པོར་ཐུག་འཕྲད་ཟིན་པའི་རྒྱ་གར་གྲོས་ཚོགས་འཐུས་མི་དང་གསར་དུ་མཇལ་མོལ་འབྱུང་མཁན་རྣམས་ལ། བོད་དེ་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་རྒྱབ་སྐྱོར་དང་རྒྱ་གར་གྲོས་ཚོགས་སུ་བོད་དོན་གླེང་སློང་དང་། གྲོས་ཚོགས་འཐུས་མི་དག་གིས་བོད་དང་རྒྱ་གར་གྱི་མཐའ་མཚམས་ཡིན་པ་ལས་རྒྱ་དཀར་ནག་གི་མཐའ་མཚམས་མིན་པའི་ཐད་ལ་གླེང་སློང་དགོས་པ། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་སྲུང་གཙི་དང་འབྲེལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྗེས་དག་རྒྱ་གར་གྲོས་ཚོགས་སུ་གླེང་དགོས་པ།  བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བཅའ་སྡོད་སློབ་གྲྭ་ཁག་གི་སྐོར་ལ་གླེང་སློང་དགོས་པ།  རྒྱ་ནག་གཞུང་གིས་བོད་ཅེས་པའི་ཐ་སྙད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ནག་གསུབ་ཏུ་གཏོང་ཐབས་བྱེད་མུས་ཡིན་པའི་ཐད་གླེང་སློང་དང་གོ་རྟོགས་སྤེལ་ཐབས་དང་། བོད་ནང་གི་ཁོར་ཡུག་གི་སྐོར་ལ་གླེང་སློང་གནང་བ་སོགས་དགོས་འདུན་དོན་ཚད་ལྔ་ཡི་ཐོག་ནས་བོད་དོན་ཞུ་གཏུག་གནང་མུས་ཡིན། ཞེས་བརྗོད་བྱུང་། 

བོད་དོན་ཞུ་གཏུག་གི་ཚོགས་ཆུང་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣའི་ཁྲོད་བོད་དོན་གོ་རྟོགས་སྤེལ་ཐབས་བྱ་རྒྱུ་ཡིན་པའི་མུར།  ད་ལན་གྱི་ཞུ་གཏུག་ལས་འགུལ་དེའི་ཁྲོད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཁོར་ཡུག་རིག་པའི་འབུམ་རམས་པ་བློ་བཟང་དབྱངས་འཛོམས་ལགས་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་བསྟན་འཛིན་ཉི་མ་ལགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཚེ་དཔལ་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་ལེགས་ལྡན་ལགས། སྤྱི་འཐུས་ཚོགས་གཞོན་ཟུར་བ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་ཀྱིས་མཉམ་ཞུགས་གནང་མུས་ཡིན་འདུག་ལ། འདས་ལོའི་ཕྱི་ཟླ་ ༡༡ ནང་བོད་དོན་ཞུ་གཏུག་ཚོགས་ཆུང་དེས་རྒྱ་གར་གྱི་དགུན་དུས་གྲོས་ཚོགས་དང་བསྟུན། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གི་གནད་ཡོད་མི་སྣ་དང་ཐུག་འཕྲད་བགྱིས་ཏེ། བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་དང་པོ་དེ་སྤེལ་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༧ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༩ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese