མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་གྲོས་ཚོགས་ནང་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཅུ་གཅིག་གི་ཐོག་བརྗོད་པ་དང་པོའི་ངོས་ནས་གླེང་སློང་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་དྲུག་པའི་ཐོག་ཏུ་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་གྲངས་ ༡༤ འདུག

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དགུ་བའི་ལས་ཉིན་དྲུག་པ། ཁྲིམས་བཟོའི་ལས་དོན་ཐོག་བགྲོ་གླེང་གནང་། པར་བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་དྲ་ངོས་ནས་བླངས། ༢༠༢༥།༣།༢༢

དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་དྲུག་པའི་སྟེང་བཀའ་སྤྱི་གཉིས་ནས་བསྐྱར་བཅོས་ཁྲིམས་འཆར་ཐོག ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། ཡིག་ཆ་ཨང་ ༢༡ པ། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། ཡིག་ཆ་ཨང་ ༢༢ པ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི། ཡིག་ཆ་ཨང་ ༢༣ པ།  བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་བསྐྱར་ཞིབ་ཆེད་འཛུགས་ཚོགས་ཆུང་གི་ལས་བསྡོམས་དང་ཁྲིམས་སྒྲིག་བསྐྱར་བཅོས། ཡིག་ཆ་ཨང་ ༢༤ ཀ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། ཡིག་ཆ་ཨང་ ༢༤ ཁ་པ།  བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། ཡིག་ཆ་ཨང་ ༢༥ པ། བོད་མི་མང་སྦྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི། ཡིག་ཆ་ཨང་ ༢༦ པ། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། ཡིག་ཆ་ཨང་ ༢༧ པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་བའི་ཕོགས་ཐོབ་དང་། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། ཡིག་ཆ་ཨང་ ༢༨ བ། དབུས་འོས་བསྡུ་ལས་ཁང་གི་སྦྱི་ཁྱབ་འགན་འཛིན་གྱི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། ཡིག་ཆ་ཨང་ ༢༩ པ། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། ཡིག་ཆ་ཨང་ ༣༠ པ། བཙན་བྱོལ་བོད་མིའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། ཡིག་ཆ་ཨང་ ༣༡ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྦྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར། ཡིག་ཆ་ཨང་ ༣༢ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དབང་རྟགས་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས།  ཡིག་ཆ་ཨང་ ༣༣ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར། ཡིག་ཆ་ཨང་ ༣༤ བཅས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ ༡༤ འདུག་ལ། དེ་རིང་གི་ལས་ཉིན་ཧྲིལ་པོར་ཁྲིམས་འཆར་ ༡༡ ཐོག་བརྗོད་པ་དང་པོའི་ངོས་ནས་གླེང་མོལ་གྲུབ་ཟིན་སོང་།

ཡིག་ཆ་ཨང་ ༢༢ པའི་སྐོར་ལ་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ནང་དུ་བར་ཆད་སོགས་འདྲ་མིན་ཡོང་མི་སྲིད་པ་མ་རེད།  མ་འོངས་བའི་ཆེད་ད་ལྟ་ནས་སྔོན་འགོག་བྱ་དགོས་པ་གལ་ཆེན་པོ་རེད། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ནང་དུ་སྔོན་རྩིས་གང་ཡིན་ཡང་གྲོས་ཚོགས་ནས་བཀའ་འཁྲོལ་ཞུ་དགོས་པ་དང་། གྲོས་ཚོགས་ནས་བཀའ་འཁྲོལ་མ་ཐོབ་ཚེ་འགྲོ་སོང་གཏོང་མི་ཆོག་པ་གསལ་བོ་འཁོད་ཡོད། དེ་བཞིན་འཛིན་སྐྱོང་གི་སྒྲིག་གཞི་འགྲོ་དགོས་པ་རེད། ང་ཚོའི་དུས་ཡུན་རིང་དེ་འདྲའི་ཡོང་མདོག་མེད་ཀྱང་། མ་འོངས་བར་དུས་ཚོད་ངེས་མེད་དུ་ཡོང་མི་སྲིད་པ་མིན་པ་སོང་ཙང་། ད་ལྟ་ནས་འཛིན་སྐྱོང་གི་ངོས་ནས་དཀའ་ངལ་གང་དག་འཕྲད་སྲིད་པ་དང་། བོད་མིའི་སྒྲིག་འཛུགས་མུ་མཐུད་གནས་ཐུབ་པར་ཤུགས་རྒྱག་དགོས། གྲོས་ཚོགས་ནི་ཆབ་སྲིད་ཀྱི་སྡིངས་ཆ་ཡིན་པས་བློ་མི་མཐུན་པ་ཡོང་སྲིད་ཀྱང་། དེས་ཁྱད་པར་གང་ཡང་བཟོ་ཡི་མ་རེད། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས། འཛིན་སྐྱོང་གི་སྡེ་ཚན་དེ་དག་རྒྱ་གར་གཞུང་ལ་དེབ་བསྐྱལ་བྱས་ཡོད་པ་བཞིན། ལག་བསྟར་མུ་མཐུད་དུ་འགྲོ་མ་ཐུབ་ཚེ། རང་བཙན་ཡོད་པའི་རྒྱལ་ཁབ་ནང་གྲོས་ཚོགས་ནས་དངུལ་གྱི་བཀའ་འཁྲོལ་མེད་ན་གཞུང་སྒོ་རྒྱག་དགོས་པ་ཡོང་གི་ཡོད། རང་བཙན་ཡོད་པའི་རྒྱལ་ཁབ་ནང་ཡང་བསྐྱར་སྒོ་ཕྱེ་བའི་ལམ་ཁ་ཆ་ཚང་ཡོད། གཞུང་སྒོ་བརྒྱབ་པ་བརྒྱ་ཆ་བརྒྱ་རྒྱག་གི་མེད། ཚན་པ་ཁག་ཅིག་ལ་དངུལ་གྱི་འགྲོ་སོང་མུ་མཐུད་དུ་གཏོང་རྒྱུ་ཡོད། གལ་སྲིད་ང་ཚོའི་བཙན་བྱོལ་གྱི་གནས་བབ་ལ་འཛིན་སྐྱོང་གི་དཀའ་ངལ་ཞིག་འཕྲད་དེ། འཛིན་སྐྱོང་གི་ལས་ཀ་བྱ་མི་ཐུབ་པ་དང་། ད་ལྟའི་སྒྲིག་གཞི་གཞིར་བཟུང་གྲོས་ཚོགས་ནས་དཀའ་ངལ་འཕྲད་དེ་འགྲོ་མ་ཐུབ་ཚེ། དེ་དུས་གཞུང་སྒོ་རྒྱག་དགོས་པའི་གནས་སྟངས་བྱུང་བར་ང་ཚོའི་སྒྲིག་འཛུགས་བསྐྱར་གསོ་བྱ་ཐུབ་མཁན་གཅིག་ཀྱང་མེད། སྒྲིག་འཛུགས་གཞན་པར་དམངས་གཙོ་ཀ་བ་གསུམ་དང་། དེའི་སྒང་ལ་སྲིད་འཛིན་སོགས་ཀྱི་ཐེ་ཇུས་བྱེད་མཁན་ཡོད། ང་ཚོ་རྒྱལ་ཁབ་ཀྱི་དབུ་ཁྲིད་མེད་པའི་དམངས་གཙོའི་སྒྲིག་འཛུགས་ཤིག་ཆགས་ཡོད། དམངས་གཙོ་ཀ་བ་གསུམ་གྱི་དབང་ཆ་ཆ་བགོས་བྱས་ཏེ་སྤྱི་སྙོམས་སྟངས་འཛིན་བྱེད་པའི་འགྲོ་སྟངས་རེད། གང་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་འཁྲོལ་ཐད་འཛིན་སྐྱོང་ཐོག་དཀའ་ངལ་འཕྲད་པ་དང་། གྲོས་ཚོགས་ཐོག་དཀའ་ངལ་འཕྲད་དེ་སྒོ་བརྒྱབ་ཚེ་ཚང་མ་སྒོ་རྒྱག་དགོས་ཁེལ་རྒྱུ་རེད། རྒྱ་གར་གཞུང་ལ་དེབ་བསྐྱལ་བྱས་པའི་སྒྲིག་འཛུགས་ཚང་མ་སྒོ་རྒྱག་ཁེལ་རྒྱུ་རེད། སྒྲིག་འཛུགས་ཀྱིས་དེབ་བསྐྱལ་བྱས་པའི་ཡིག་ཆ་ཐམས་ཅད་ཤོར་བ་ཡིན་ན། ཡང་བསྐྱར་བསྐྱར་གསོ་བྱ་དགོས་ན་ཧ་ཅང་ཁག་པོ་ཆགས་པ་རེད། སྒོ་བརྒྱབ་ནས་ནང་ཁུལ་དུ་འོས་བསྡུ་བྱ་དགོས་ན་དངུལ་སྤྲོད་མཁན་གང་ཡང་མེད། སྒོ་བརྒྱབ་ཟེར་བའང་སློབ་གྲྭ་སོགས་འཛིན་སྐྱོང་འོག་གི་ལས་ཀ་ཡོངས་རྫོགས་སྒོ་རྒྱག་དགོས་པ་རེད། དེ་ནི་ང་ཚོར་མི་དགོས་པ་ཞིག་ཡིན་པས། ད་ལྟ་ནས་སྔོན་འགོག་གི་ཐབས་ལམ་བཀའ་ཤག་གི་དུས་ཡུན་རིང་པོར་བསམ་བློ་གཏང་ནས་ད་ལན་བསྐྱར་བཅོས་འཁྱེར་ཡོད། འདི་འདྲའི་ལམ་ཁར་འགྲོ་ཆེད་འཆར་འགོད་བྱ་དགོས་རེད། བཀའ་ཤག་ལ་བར་བརྒལ་བཀའ་ཤག་མེད་ཚེ་དཀའ་ངལ་འཕྲད་རྒྱུ་རེད། བཀའ་ཤག་གིས་རྒྱབ་གཉེར་བྱས་ཏེ་གྲོས་ཚོགས་སུ་འགྲོོ་དགོས། བར་བརྒལ་བཀའ་ཤག་གནད་དོན་གང་གི་ཐད་ནས་ཀྱང་ཡོང་སྲིད་པ་རེད། འཛིན་སྐྱོང་གི་ངོས་ནས་གྲོས་ཚོགས་ཡོད་ཀྱང་དངུལ་འཛིན་བཀའ་འཁྲོལ་གནང་མི་ཐུབ་པ་དང། གྲོས་ཚོགས་མེད་པའི་རྒྱུ་རྐྱེན་ཅི་རིགས་ཀྱི་གནས་སྟངས་བྱུང་བ། སྲིད་སྐྱོང་དུས་ཐོག་ཏུ་ཡོང་མ་ཐུབ་པའི་གནས་སྟངས་འོག་ལམ་ཁའི་ཐོག་བསྐྱར་བཅོས་འཆར་འབུལ་བྱེད་བཞིན་ཡོད། སྤྱི་འཐུས་རྣམས་ཀྱིས་བཀའ་ཤག་གི་བསམ་ཚུལ་སྒྲིག་གཞི་ལ་ཚོགས་ཆུང་གི་ཐོག་ནས་གཟིགས་ཞིབ་གནང་དགོས་ཀྱང་། མ་འོངས་བོད་པའི་འཐབ་རྩོད་མུ་མཐུད་དུ་གནས་ཆེད་གལ་ཆེན་པོ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese