མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ་ལོ་ངོ་ ༦༤ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༩ དང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་དྷ་རམ་ས་ལར་འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ཏེ་ལོ་ངོ་ ༦༤ འཁོར་བའི་དུས་དྲན་སྲུང་གཙི་གནང་།

འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་པའི་མཛད་སྒོ་འཚོགས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༣།༢༥

དེ་རིང་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༩ དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྱེས་སུ་འགྲོ་ཕན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༦༤ འཁོར་བ་དང་བསྟུན། སྨན་སློབ་སྐབས་ ༢༢ དང་རྩིས་སློབ་སྐབས་ ༡༢ ཀྱི་སློབ་ཐོན་སྨན་རྩིས་པ་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཡོད་པ་མ་ཟད། བོད་ལུགས་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་སྐབས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གིས་བརྟན་བཞུགས་བསྟར་འབུལ་གྱི་དྲན་རྟེན་བརྙན་དེབ་ཅིག་ཀྱང་དབུ་འབྱེད་གནང་སོང་།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས། སྨན་རྩིས་ཁང་དབུ་བརྙེས་པའི་ཉིན་མོ་ནི་༧སྐུ་མདུན་སྐུ་ཕྲེང་རིམ་བྱུང་ངམ་ལྷག་པར་༧གོང་ས་ལྔ་པ་ཆེན་པོ་དང་། བཅུ་གསུམ་པ་ཆེན་པོ། བཅུ་བཞི་པ་ཆེན་པོ་བཅས་ཀྱིས་བོད་ཀྱི་སྨན་རྩིས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཆེད་དུ་ཐུགས་བསྐྱེད་འཕྲིན་ལས་ཇི་ལྟར་མཛད་པ་རྗེས་སུ་དྲན་པའི་ཉིན་མོ་ཞིག་ཡིན། དེ་ཡང་༧གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ ༡༦༩༦ ལོར་ཆོས་དང་སྨན་གཉིས་གཙོ་བོར་གྱུར་བའི་རིག་གནས་ཁག་ལ་སློབ་གཉེར་བྱ་ཡུལ་སྨན་པའི་གྲྭ་ཚང་ལྕགས་པོ་རི་བཻཌཱུརྱ་ལྟ་ན་ངོ་མཚར་འགྲོ་ཕན་རིག་བྱེད་གླིང་ཞེས་ཡོངས་སུ་གྲགས་པ་དེ་ཉིད་གསར་འཛུགས་མཛད། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༦ ལོར་ལྷ་ས་སྨན་རྩིས་ཁང་གསར་འཛུགས་མཛད་པ་ནས་བཟུང་། བོད་མདོ་དབུས་ཁམས་གསུམ་དང་ཧི་མ་ལ་ཡའི་རི་བརྒྱུད་དུ་སྨན་རྩིས་པ་སྟོང་ཕྲག་བརྒལ་བ་གསོ་སྐྱོང་དང་། བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་ཏུ་སྨན་པ་གྲྭ་ཚང་དང་རྫོང་གཞིས་ཁག་བཅས་ལ་སྐབས་དུས་སོ་སོར་སྨན་ཁང་བཙུགས་གནང་བ་སོགས་མཛད་རྗེས་ཤིན་ཏུ་ཆེ་ལ། ཕྱི་ལོ་ ༡༩༦༡ ལོར་སྐུའི་བླ་སྨན་ཡེ་ཤེས་དོན་ལྡན་ལགས་དང་། བླ་སྨན་པ་མཚོ་སྣ་འཇམ་དབྱངས་བཀྲིས་ལགས། སྐུ་ངོ་བར་གཞིས། ཕུན་ཚོགས་དབང་རྒྱལ་བཅས་པ་དྷ་སར་བཀའ་འགུགས་ཀྱིས་ཅོབ་རཱ་ཧ་འོ་སི་ནང་དུ་བོད་ཀྱི་གསོ་བ་རིག་པའི་འཆད་ཉན་མགོ་འཛུགས་གནང་སྟེ་སྨན་རྩིས་ཀྱི་བསྟན་པའི་མེ་རོ་རྒྱ་གར་དུ་སླར་གསོ་མཛད། ཕྱི་ལོ་ ༡༩༦༧ ལོར་སྨན་རྩིས་མཐོ་སློབ་གཉིས་ཀ་ཟླ་སྒྲིལ་བཏང་སྟེ་སྒྲིག་འཛུགས་ཀྱི་མིང་དུ་འགྲོ་ཕན་སྨན་རྩིས་ཁང་ཞེས་གསོལ་བར་གནང་ཞིང་། འཛམ་གླིང་ཀུན་ཏུ་སྨན་རྩིས་བསྟན་པ་རྒྱས་པའི་རྨང་གཞི་ཡང་དེ་ནས་ཚུགས་ཡོད། དེ་ལྟར་མགོན་པོ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྙིགས་མའི་དུས་འདིར་སྨན་རྩིས་ཀྱི་བསྟན་པ་ཡར་ངོས་ཟླ་ལྟར་འཕེལ་ཞིང་གནས་ཐུབ་པ་བྱུང་ཡོད། ཅེས་གསུངས་སོང་།

ཡང་ཁོང་གིས། ད་ལྟའི་ཆར་སྨན་རྩིས་ཁང་དུ་ལས་བྱེད་དང་ལས་མི་བསྡོམས་པའི་མི་གྲངས་ ༦༡༩ ཡོད་ལ། དེའི་ནང་ནས་ ༣༡༦ ཕོ་དང་ ༣༠༣ མོ་ཡིན། དེ་ཡང་སྨན་པ་ ༡༢༩ དང༌། སྐར་རྩིས་པ་ ༢༨ ། ལས་བྱེད་ངོ་མ་ཡིན་པ་ ༢༨༥ ། ཚོད་ལྟའི་ལས་བྱེད་ཡིན་པ་ ༡༨ ། ཆོད་གན་ལས་བྱེད་ཡིན་པ་ ༤༥ ། ཆོད་གན་ལས་མི་ཡིན་པ་ ༡༡༤ བཅས་ཡོད། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༠ བར་རྩ་དགོངས་ཕྱིན་པའི་ལས་བྱེད་གྲངས་ ༣༦ དང༌། བགྲེས་ཡོལ་ཕྱིན་པ་ ༡༣ བྱུང་ཡོད་ཅིང་། དེ་མཚུངས་ཆོད་གན་ལས་བྱེད་ ༢༧ དང་། ཚོད་ལྟའི་ལས་བྱེད་ ༣༨ གསར་བསྐོའང་བྱས་ཡོད། དངུལ་རྩིས་ཀྱི་ཆ་ནས་ཞུས་ན། རྩིས་ལོ་ ༢༠༢༢་་་༢༣ ནང་ཁེ་བཟང་ངམ་སོང་ལས་བྱུང་ཧིན་སྒོར་ས་ཡ་ ༢༠ མིན་ཙམ་ཞིག་ཐོན་ཡོད་པ་དང་། དེ་སྔོན་རེ་བ་བྱས་པ་བཞིན་རྩིས་ལོ་ ༢༠༢༣་་་༢༤ ནང་དུ་སོང་ལས་བྱུང་ཧིན་སྒོར་ས་ཡ་ ༤༥ ཙམ་མང་བ་བྱུང་ཡོད། དེ་བཞིན་དེ་སྔ་རྩིས་སྤྲོད་རྩིས་ལེན་སྐབས་སྤྲོད་བསྡད་ཧིན་སྒོར་ས་ཡ་ ༣༣༠ ཙམ་ཡོད་པ་ཆ་གསེས་ཐོག་ཕྱིར་སློག་བྱས་ཏེ་ད་ལྟའི་ཆར་ས་ཡ་ ༧༠ ཙམ་ལས་མེད། དེ་ཡང་རིང་མིན་གཙང་བཟོ་ཐུབ་པ་བྱ་རྒྱུ་ཡིན། ནད་པའི་ཞབས་ཞུར་མཚོན་ན། དབུས་དང་ཡན་ལག་སྨན་ཁང་ཁག་ ༦༣ གྱིས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༨ བར་ནད་པའི་གྲངས་འབུམ་ ༦ དང་ཁྲི ༧ ཙམ་ལ་བརྟག་དཔྱད་ཀྱི་ཞབས་ཞུ་བསྒྲུབས་ཡོད་པ་དང་། སྨན་སྦྱིན་ཧིན་སྒོར་ས་ཡ་ ༣༨ མིན་ཙམ་ཕུལ་ཡོད། སྐར་རྩིས་སྡེ་ཚན་ནས་ཚེ་རྩིས་རྒྱས་འབྲིང་བསྡུས་གསུམ་འདོན་འབུལ་བྱས་པ་ ༢༦༣ དང༌། བག་རྩིས་དང་གཤིན་རྩིས་སོགས་འདོན་འབུལ་བྱས་པ་ ༡༣༤ ། ངག་ཐོག་རྩིས་འབྲས་བྱས་པ་ ༡༣༩ བཅས་བྱུང་ཡོད། ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་སྤྱིར་བཏང་དངངས་ཚབས་ནད་གཞི་ (General Anxiety Disorder) ཐོག་ཉམས་ཞིབ་གནང་ཡོད། ཅེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཙན་བྱོལ་དུ་སྨན་རྩིས་ཁང་བསྐྱར་གསོ་མཛད་ནས་མི་ལོ་ ༦༤ འཁོར་བའི་ཉོན་མོ་འདིའི་ཐོག གདོད་མ་ནས་བོད་ཀྱི་མི་རབས་རྒན་པ་དག་གིས་དཀའ་སྤྱད་ལས་བྱུང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པ་དེ། དེང་གི་ཆར་འཛམ་གླིང་གི་རྒྱལ་ཁབ་སུ་ལ་ངོམས་ནའང་ངོམ་ཆོག་པ་ཞིག་ཡོད་པའི་ཁར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་འཁྲིད་བཟང་པོའི་མཐུ་འོག་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་ཕྱུག་པོ་དེའི་ཟིལ་ཤུགས་ལ་བརྟེན་ནས། འཛམ་གླིང་ས་ཕྱོགས་གང་སར་ནས་དེང་གི་ཆར་བོད་ཀྱི་ཆོས་རིག་ལ་དོ་སྣང་ཆེན་པོ་བྱེད་མུས་ཡིན་ལ། ལྷག་པར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དེ་ལའང་དོ་དབྱིངས་དང་ཆེ་མཐོང་གནང་མུས་ཡིན་ཞིང་། རྒྱ་གར་ཡུལ་མི་མང་དག་ཅིག་གིས་དང་བླངས་ཀྱི་ཐོག་ནས་བོད་ཀྱི་འགྲོ་ཕན་སྨན་རྩིས་ཁང་ལ་ས་ཆ་དང་ཁང་པ་སོགས་ཞལ་འདེབས་སམ་རིན་མེད་དུ་འབུལ་མུས་ཡིན་པ་ནི། བོད་ཀྱི་གསོ་བ་རིག་པས་བཙན་བྱོལ་ནང་གི་སྤྱི་ཚོགས་མང་དག་ཅིག་ལ་ཕན་བདེ་སྒྲུབ་མུས་ཡིན་པའི་མཚོན་དོན་ཞིག་ཡིན་པས། མུ་མཐུད་དུ་བོད་ཀྱི་གསོ་བ་རིག་པ་དེ་བདག་སྐྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས། དེང་གི་ཆར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྡིངས་ཆ་མང་པོར་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་ནག་གཞུང་གི་ཡིན་ལུགས་ཀྱི་དྲིལ་བསྒྲགས་ཡང་ཡང་བྱེད་ཀྱི་ཡོད་ཅིང་། དེ་ལས་ང་ཚོས་བོད་ཀྱི་ཐུན་མོ་མ་ཡིན་པའི་གསོ་བ་རིག་པའི་གཞུང་ལུགས་དེ་རིན་ཐང་འགྲན་ཟླ་མེད་པ་ཞིག་དང་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ་ལ། ད་ལྟ་སྨན་རྩིས་ཁང་གི་མགོ་ལས་ཡོངས་ཀྱིས་སྤྱི་ཚོགས་ཞབས་འདེགས་ཞུས་ནས་ལས་དོན་བསྒྲུབས་པར་བསྔགས་བརྗོད་དང་། མ་འོངས་པར་ལས་མི་ཡོངས་ཀྱིས་མུ་མཐུད་ལས་དོན་བཟང་པོ་ཞིག་གཉེར་དགོས་སྐོར་དང་། སྨན་རྩིས་ཁང་གིས་མུ་མཐུད་དུ་སྨན་བཟོའི་ལས་དོན་སྤེལ་ནས། མ་འོངས་པར་སྨན་གྱི་བསླབ་པ་མཐར་སོན་གྱི་སློབ་མ་དང་མི་སྒེར་སོགས་ཀྱིས་སྒེར་གཉེར་སྨན་ཁང་བཙུགས་ཏེ། བོད་སྨན་མཁོ་འདོན་ཐད་ལ་ནུས་པ་འདོན་དགོས་སྐོར་སོགས་གསུངས་སོང་།

དེ་རིང་སློབ་ཐོན་སློབ་མའི་མཛད་སྒོའི་ཁྲོད། སྨན་སློབ་སྐབས་ ༢༢ པའི་ནང་སློབ་མ་གྲངས་ ༢༥ དང་རྩིས་སློབ་སྐབས་ ༡༢ ཁྲོད་སློབ་མ་ ༧ བཅས་ཡོད་ཅིང་། སྐབས་དེར་སྨན་པ་འབུམ་རམས་པ་ཚེ་རིང་ནོར་བུ་ལགས་ཀྱིས་བརྩམས་པའི་གསོ་རིག་རྒྱུད་བཞིའི་བཤད་རྒྱུད་ལེའུ་ཉི་ཤུ་པ་དང་། སྔོ་སྨན་འཁྲུགས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མའི་ནང་གསལ་སྨན་རྫས་ཁག་གི་པར་རིས་དང་ཁ་སྐོང་གསལ་བཤད་དང་། སྨན་པ་མགོན་པོ་ཚེ་རིང་ལགས་ཀྱིས་བརྩམས་པའི་ཀྲུང་ལུགས་གསོ་རིག་ལས་དོན་སྣོད་ཀྱི་རྣམ་གཞག ཅེས་པའི་དཔེ་དེབ་གཉིས་དབུ་འབྱེད། དེ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཞབས་ལོ་ ༢༠ དང་ ༣༠ འཁོར་བའི་ལས་བྱེད་ཁག་ཅིག་ལ་གཟེངས་བསྟོད་ལག་འཁྱེར་སོགས་གནང་སོང་།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese