མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དུ་གནས་སྡོད་མི་བྱེད་མཁན་ཚོས་ས་ཞིང་ནང་སྲིད་ལ་རྩིས་སྤྲོད་མ་བྱས་ན་དཀའ་ངལ་འཕྲད་ཉེན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

ནང་སྲིད་ལས་ཁུངས་ཀྱིས་ལ་དྭགས་བྱང་ཐང་གི་འབྲོག་པའི་ཆེད་དུ་མི་མང་ལ་རོགས་དངུལ་ཞུ་རྒྱུ་ཡིན་པས་ནུས་པ་མཉམ་སྤུངས་ཡོང་བའི་འབོད་སྐུལ་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་སྟེང་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་གནང་སྐབས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༣།༢༧

དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་བའི་ཚོགས་ཐུན་གཉིས་པའི་སྟེང་། ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་སྐབས་སུ། སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་བཀའ་ཤག་གི་ངོས་ནས་རྒྱ་གར་གཞུང་ལ་ཕྱི་རྒྱལ་དུ་སྡོད་མཁན་བོད་མི་བགྲེས་པོ་རྣམས་རྒྱ་གར་ནང་སྡོད་ཆོག་པའི་མཐུན་རྐྱེན་ཐོག་སྙན་སེང་ཞུ་བཞིན་ཡོད་ཀྱང་། རྒྱ་གར་གྱི་མི་སེར་ལག་འཁྱེར་ཡོད་མཁན་རྣམས་ལ་བོད་པའི་གཞིས་ཆགས་ཀྱི་ཐོབ་ཐང་མེད་པ་ཡོངས་གྲགས་ཆགས་དུས།བཅའ་ཁྲིམས་ཀྱི་དགོངས་གཞི་ལྟར་བོད་ཀྱི་ཡུལ་མི་རྣམས་ལ་གཅིག་མཚུངས་ཀྱི་སྲིད་ཇུས་ཤིག་དགོས་པའི་དོགས་འདྲི་གནང་བ་དང་། སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་ལ་དྭགས་བོད་པའི་གཞིས་ཆགས་ཁག་ཏུ་ཕྱོགས་སྐྱོད་དང་འབྲེལ། ལ་དྭགས་དབུས་འཛིན་སྐྱོང་དང་བོད་མིའི་སྒྲིག་འཛུགས་གཉིས་ནས་ལ་དྭགས་བྱང་ཐང་ཁུལ་གྱི་དཀའ་ངལ་ཐད་དགོངས་འཆར་དང་དོགས་འདྲི་གནང་སོང་།

ནང་སྲིད་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་གསལ་བཤད་ལན་འདེབས་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེའི་ཐོག་ལངས་ཕྱོགས་ཡིག་ཐོག་ཏུ་འཁོད་པ་ཨེ་ཡོད་ན་བསམ་གྱི་འདུག བཀའ་ཤག་སྐབས་བཅུ་དྲུག་སྐབས་སུ་མེད། བོད་པ་ཞིག་རྒྱ་གར་གྱི་མི་སེར་ཆགས་ཡོད་ན། བོད་པའི་གཞིས་ཆགས་ཀྱི་ཐོབ་ཐང་ཡོད་པ་མ་རེད་ཟེར་བ་ད་ལྟའི་བར་དུ་ཞུ་རྒྱུ་མ་བྱུང་། དེ་ཚོ་ཚང་མ་རྒྱ་གར་གཞུང་གི་ཐག་གཅོད་བྱེེད་དགོས་པ་ཞིག་རེད། བོད་པའི་སྤྱི་ཚོགས་ནང་ཁུལ་དུ་འགྲིག་བསྡད་པ་དེ། རྒྱ་གར་གཞུང་གི་གསར་བའི་ལས་ཁུངས་ཀྱིས་མ་མཐོང་བ་ལྟར་བཞག་ཡོད་པ་མ་གཏོགས། རྒྱ་གར་གཞུང་ནས་རྒྱ་གར་མི་སེར་ཞུས་ཚར་ཚེ། བོད་པའི་གཞིས་ཆགས་ནང་གི་ཐོབ་ཐང་འཕྲོག་འགྲོ་བ་གོ་མྱོང་མེད། ད་ལྟའི་བར་དུ་དེ་འདྲའི་དབྱེ་བ་གང་ཡང་ཕྱེ་ཡོད་པ་མ་རེད། ཡིན་ནའང་རྒྱ་གར་དང་ཕྱི་རྒྱལ་ཁག་གི་མི་མང་ཚོགས་འདུ་སྐབས་སུ་ཞུ་བཞིན་ཡོད། དཔེར་ན་བོད་པ་ཞིག་ཕྱི་རྒྱལ་དུ་བསླེབ་སྟེ། རྒྱ་གར་དུ་ནང་མི་གཅིག་ཀྱང་སྡོད་མཁན་མེད་པར་ཞིང་ཁ་སོགས་སུ་བདག་པོ་བརྒྱབ་བསྡད་ཡོད་ཚེ། ཉིན་གཅིག་རྒྱ་གར་གཞུང་གིས་ཧ་གོ་འགྲོ་ཡི་རེད། དེང་སྐབས་གྲངས་འཛིན་གྱི་ངོ་བོ་འགྲོ་བཞིན་ཡོད་དུས། སྔོན་མ་དང་མི་འདྲ་བར་ལྟ་ཆོག་ཆོག་ཆགས་འགྲོ་ཡི་ཡོད། དེ་དུས་ཕྱི་རྒྱལ་མི་སེར་ཆགས་པར་རྒྱ་གར་གྱི་ཐོབ་ཐང་འཕྲོག་ཚེ། དོ་བདག་སོ་སོ་དང་བོད་མིའི་སྒྲིག་འཛུགས་གཉིས་ཀར་ས་ཞིང་མེད་པ་ཆགས་པའི་ཉེན་ཁ་ཡོད་པ་རེད། གནས་སྟངས་དེའི་རིགས་ནམ་རྒྱུན་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གསལ་བོ་བཟོ་དགོས་པ་ཞིག་ཏུ་མ་མཐོང་བ་རེད། ད་ལྟའི་བར་དུ་དེའི་ཐོག་གསལ་བོ་བཟོས་ཡོད་པ་མ་རེད་དྲན་གྱི་འདུག གལ་སྲིད་སྔོན་མ་ཡིག་ཐོག་ཏུ་ཡོད་ཚེ། དེའི་ཐོག་འགྱུར་བ་ག་རེ་གཏོང་དགོས་མིན་བལྟ་རྒྱུ་མ་གཏོགས། ད་ལྟའི་གནས་སྐབས་སུ་དེའི་ཐོག་དབྱེ་བ་གང་ཡང་ཡོད་པ་མ་རེད། ཕྱི་རྒྱལ་ནས་ཚུར་ཡོང་མཁན་རྣམས་ཀྱང་ཁྲིམས་མཐུན་ལྟར་ཐོངས་མཆན་གྱི་དུས་ཚོད་ལ་གཙི་སྲུང་བྱས་ཏེ་སྡོད་དགོས་པ་མ་གཏོགས། གཞིས་ཆགས་ནང་རང་འདོད་དུ་བསྡད་ཚེ་རྒྱ་གར་གཞུང་ནས་ཀྱང་ཁྲིམས་གསར་བ་བསླེབ་བཞིན་ཡོད། རྒྱ་གར་རྒྱལ་ཁབ་ཆེན་པོའི་ནང་བྷང་ག་ལ་དང་འབར་མ་སོགས་ཀྱི་སྐྱབས་བཅོལ་བ་མང་པོ་ཡོད། དེའི་ཐོག་རྒྱ་གར་གཞུང་ནས་སྤྱི་ཡོངས་ལྟ་དགོས་པ་ཆགས་ཡོད་ལ། རྒྱ་གར་གཞུང་གིས་བོད་པར་ནམ་རྒྱུན་དམིགས་བསལ་འོག་ནས་གཟིགས་བཞིན་ཡོད་ཀྱང་། ང་ཚོས་ཧ་ཅང་དམིགས་བསལ་བཏང་བར་ཁེ་ཕན་བླངས། རྗེས་སུ་ཁྲིམས་དམ་དུ་འགྲོ་དུས་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་ཡིན་དུས། ང་ཚོའི་གནས་བབ་དང་བསྟུན་ནས་བྱ་རྒྱུ་གལ་ཆེན་པོ་རེད། རྒྱ་གར་གཞུང་གི་ཁྲིམས་དང་སྒྲིག་གཞི། ཡུལ་ཁྲིམས་བཅས་གཙི་སྲུང་བྱས་ཏེ་འགྲོ་རྒྱུ་ལས། རྒྱ་གར་གྱི་ཁྲིམས་དང་འགལ་ན་བོད་མིའི་སྒྲིག་འཛུགས་ལ་ཞུས་ཀྱང་སྐྱོབ་ཐུབ་རྒྱུ་ཁག་པོ་རེད། ཅེས་གསུངས་སོང་།

ཡང་ནང་སྲིད་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས། སྔོན་མར་གྲོས་ཚོགས་སུ་ཞུས་ཟིན་པ་ཡིན། ཡུལ་མི་གཞན་གྱི་མི་སེར་བྱ་རྒྱུ་དེ་དོ་བདག་སོ་སོའི་དགོངས་པ་བཞེས་རྒྱུ་ལས། བཀའ་ཤག་གིས་དེའི་ཐད་ཐག་གཅོད་ཐུབ་ཀྱི་མ་རེད། རྒྱ་གར་ལ་མཚོན་ན་ཡུལ་ཁྲིམས་ཀྱི་ཐག་གཅོད་ཡོད་པ་རེད། ཕྱི་རྒྱལ་དུ་རྒྱ་གར་ནང་བཞིན་སྐྱབས་བཅོལ་དུ་ཡུན་རིང་སྡོད་རྒྱུ་ཁག་པོ་རེད། ཕྱི་རྒྱལ་གྱི་མི་སེར་མ་ཞུས་ཚེ་གནས་ཐུབ་རྒྱུ་ཁག་པོ་ཆགས་ཡོད། གང་ལྟར་ཕྱི་རྒྱལ་གྱི་མི་སེར་དང་རྒྱ་གར་གྱི་མི་སེར་གཉིས་གནས་སྟངས་གཅིག་པ་རེད། དེ་གཉིས་ལ་དབྱེ་བ་ཕྱེ་དགོས་པ་མ་རེད། གནས་སྟངས་གཅིག་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ད་ལྟའི་གྲོས་ཚོགས་སུ་རྒྱ་གར་མི་སེར་ལག་འཁྱེར་ཡོད་མཁན་མང་པོ་ཡོད།  ཅེས་གསུངས་སོང་།

དེ་བཞིན་ནང་སྲིད་བཀའ་བློན་མཆོག་གིས། ལ་དྭགས་བྱང་ཐང་གི་འབྲོག་པ་རྣམས་ལ་དཀའ་ངལ་འཕྲད་པ་གནས་སྟངས་གཅིག་རེད། བྱང་ཐང་འབྲོག་པའི་གནས་སྟངས་ཐད་ཞིབ་འཇུག་གི་ལས་གཞི་མགོ་བཙུགས་ཡོད་ཀྱང་ཨ་རིའི་རོགས་དངུལ་དང་འབྲེལ་བ་ཆགས་ཡོད། ཅེས་དང་། ད་ལོའི་དགུན་ཁ་བྱང་ཐང་དུ་གངས་ཆེན་པོ་བརྒྱབ་སྟེ་ར་ལུག་མང་པོ་ཤི་འདུག ད་དུང་ལ་དྭགས་ས་མེ་རུ་ར་ལུག་ཤི་བའི་གྲངས་འབྱོར་མ་སོང་། ཉེ་ལམ་ལ་དྭགས་ས་གནས་མགོ་འཛིན་གྱིས་འབྲོག་ས་ཚང་མར་བསྐོར་བའི་སྙན་ཐོ་ཞིག་ནང་སྲིད་ལས་ཁུངས་སུ་ཕུལ་འདུག ནང་སྲིད་ལས་ཁུངས་ཀྱིས་ཀྱང་དེའི་ཐོག་ཚ་ཚ་འུར་འུར་བྱས་བསྡད་ཡོད། གོད་ཆག་ཆེན་པོ་བྱུང་བར་ནང་སྲིད་ལས་ཁུངས་ལ་ཚད་ལྡན་གྱི་རོགས་སྐྱོར་བྱེད་པའི་དངུལ་ཕོན་ཆེན་པོ་ཡོད་པ་མ་རེད། གནམ་གཤིས་ཀྱི་རྐྱེན་གྱིས་ད་ལྟའི་ཆར་ས་མེ་འབྲོག་པ་མ་བརྩིས་པར་ལ་དྭགས་བྱང་ཐང་གི་འབྲོག་པའི་ར་ལུག་ ༣༨༠༠ ལྷག་ཤི་འདུག ནམ་རྒྱུན་གོད་ཆག་དེ་འདྲ་བྱུང་སྐབས་སྤྱི་ཚོགས་དྲ་ལམ་དུ་མི་མང་ལ་དངུལ་གྱི་རོགས་སྐྱོར་ཞུ་བཞིན་ཡོད་པ་རེད།  སྒེར་ནས་མགོ་འཁྲིད་སྐབས་འགྲིག་དང་མ་འགྲིག་ཀྱང་ཡོང་གི་ཡོད། དངུལ་ལྷག་མ་སོགས་ཀྱི་ཐོག་སྐད་ཆ་མང་པོ་བྱུང་ཡོད། སྔོན་མ་ནང་སྲིད་ལས་ཁུངས་ཀྱིས་ས་གནས་གང་དུ་གོད་ཆག་ཅི་ཞིག་བྱུང་སྐབས། སྒེར་སོ་སོའི་རོགས་དངུལ་གྱི་གནས་སྟངས་ལ་བལྟས་ཏེ་ནང་སྲིད་ལས་ཁུངས་ནས་རོགས་སྐྱོར་འཕར་མ་སོགས་ཡོང་གི་འདུག ཅེས་དང་། གངས་བརྒྱབ་པའི་གོད་ཆག་གི་གནས་སྟངས་ཐད། ནང་སྲིད་ལས་ཁུངས་ཀྱིས་གོད་རྒུད་བྱུང་བའི་གནས་སྟངས་བརྙན་ལམ་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་ཡིན། མི་མང་ངོས་ནས་རོགས་སྐྱོར་བྱེད་པའི་མཉམ་སྤུངས་བྱ་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་བཞིན་ཁོང་གིས། སྔོན་མ་ལ་དྭགས་དེ་ཇ་མུ་ཀ་ཤི་མར་མངའ་སྡེའི་ཁོངས་སུ་རེད། ལ་དྭགས་ཀྱི་གཞུང་འབྲེལ་ཡིག་ཆ་ཚང་མར་ཤི་རི་ན་གྷར་བརྒྱུད་ནས་འགྲོ་དགོས་པ་རེད། ད་ལྟ་ལ་དྭགས་དེ་རྒྱ་གར་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱེད་པའི་ས་ཁུལ་ཞིག་ཆགས་དུས། དབུས་གཞུང་ནས་ཐད་ཀར་དངུལ་རག་གི་ཡོད་པས། སྔོན་མ་དང་བསྡུར་ན་ལ་དྭགས་ཀྱི་གཞུང་དཔལ་འབྱོར་ཐོག་ནས་ཡག་པོ་ཆགས་ཡོད། ལ་དྭགས་མཚོན་པ་ཡིན་ན་མི་གྲངས་མང་པོ་རེད་ལ། ལ་དྭགས་ཀྱི་བོད་མི་ཁྱོན་གྲངས་ ༧༧༠༠ ཙམ་རེད། ལ་དྭགས་དབུས་གཞུང་ནས་བོད་པར་རོགས་རམ་གནང་བཞིན་འདུག  དེ་དག་ང་ཚོའི་ངོས་ནས་ངོས་ལེན་ཞུ་བཞིན་ཡོད། ཨག་ལན་གཞིས་ཆགས་ནང་ཆུ་དང་གློག ལམ་ཁ་བཙུགས་ཡོད་ཅིང་། གྲོང་སྡེ་ཁ་ཤས་ནང་ཚོགས་ཁང་འཛུགས་སྐྲུན་ཞུས་འདུག འཕྲོད་བསྟེན་དང་ས་གནས་ཁྲིམས་ཞིབ་སོགས་ལའང་ཞུས་འདུག  དེ་བཞིན་ལ་དྭགས་བོད་ཕྲུག་ཁྱིམ་སྡེ་རྩེད་ཐང་ཆེད་འབུམ་ ༤ ཙམ་རོགས་རམ་གནང་ཡོད། དེ་བཞིན་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ལ་དྭགས་འབྲོག་པར་ར་ལུག་གྲངས་ ༢༥༠ ལྷག་གི་ཆེད་དུ་ཧིན་འབུམ་ ༡༤ ཙམ་གནས་སྤོ་བྱེད་ཐུབ་པའི་ཁང་པ་འཛུགས་སྐྲུན་བྱས་འདུག

ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་མགོ་ཁྲིད་འོག་བོད་པའི་ཆེད་དུ་འབྲེལ་མཐུད་བསྐོ་བཞག་གནང་ཡོད། ལ་དྭགས་བོད་ཕྲུག་ཁྱིམ་སྡེ་རུ་སློབ་ཕྲུག་གྲངས་ ༡༤༠༠ ཙམ་ཡོད་ཅིང་། དེའི་ཁྲོད་སློབ་ཕྲུག་ ༤༠༠ ཙམ་ལ་དྭགས་པ་ཆགས་ཡོད། ཅེས་དང་། དེ་བཞིན་གོ་སྟོན་ཐོག་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཕེབས་གཏན་ཁེལ་ཡོད་པ་དང་། ལ་དྭགས་ཀྱི་ཆོས་ཚོགས། ཡུལ་མི་སོགས་སུ་འབྲེལ་ལམ་ཡག་པོ་ཡོད། ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༣ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese