མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འོངས་སྔོན་འགོག་གི་ཁྲིམས་འཆར་དེ་ཞིབ་འཇུག་ཚོགས་ཆུང་ལ་གཏོང་གཏན་ཁེལ་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་བསྣམས་པའི་བསྐྱར་བཅོས་ཁྲིམས་འཆར་ཨང་ ༢༢ པ་སྟེ། མ་འོངས་པར་བཀའ་ཤག་གམ་སྤྱི་འཐུས་རྒྱུན་ལས། ཡང་ན་བཀའ་སྤྱི་གཉིས་ཀ་མེད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་བཀའ་འཁྲོལ་རྒྱུན་མཐུད་དེ་སྒྲིག་འཛུགས་ཀྱི་ལས་དོན་ལ་འགག་རྐྱེན་མི་འཕྲད་ཐབས་ཀྱི་ཁྲིམས་འཆར་དེ། མང་མོས་འོས་བསྡུའི་ལམ་ནས་བཀའ་སྤྱི་གཉིས་ཀྱི་ཞིབ་འཇུག་ཚོགས་ཆུང་ཞིག་ལ་གཏོང་དགོས་པའི་ཐག་གཅོད་བྱུང་སོང་།

གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཅིག་པའི་སྟེང་བསྐྱར་བཅོས་ཁྲིམས་འཆར་ཨང་ ༢༢ པར་འོས་བསྡུ་བྱེད་བཞིན་པ། པར་བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་དྲ་ངོས་ནས་བླངས། ༢༠༢༥།༣།༣༨

དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཅིག་པའི་སྟེང་། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༢༢ པ་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཐོག་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་བཀའ་ཤག་མེད་པ་དང་། བཀའ་སྤྱི་གཉིས་ཀ་མེད་པའི་གནས་སྟངས་མེད་པ་དང་ཚོགས་དྲུང་ག་དུས་ཡིན་ཡང་ཡོད་པ་གཞིར་བཞག་སོགས་ཀྱི་གནས་སྟངས་ལ་དོགས་འདྲི་དང་འབྲེལ་ནས་རྣམ་རྟོག་སློང་བྱེད་ཅིག་ཡིན་སྐོར་གསུངས་ཤིང་། ཡང་སྲིད་སྐྱོང་གཙོས་སྤྱི་འཐུས་གཞན་ཁག་ཅིག་གིས་དམངས་གཙོའི་ལམ་ལུགས་ནང་ཕུགས་རྒྱང་རིང་བའི་ཁྲིམས་དང་སྒྲིག་གཞི་ཡག་པོ་བཟོ་གལ་ཆེ་ཞིང་། ད་ལྟ་ནས་མ་འོངས་པར་འཕྲད་སྲིད་པའི་དཀའ་ངལ་གྱི་རིགས་ལ་སྔོན་འགོག་གི་ཚུལ་དུ་གཏན་འབེབས་མ་བྱུང་ན། བཀའ་སྤྱི་གཉིས་ཀྱི་འཐུས་མི་ལྡན་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་བྱས་ཏེ་ཞིབ་འཇུག་ཚགས་ཚུད་ཡོང་ཐབས་གནང་དགོས་པའི་དགོངས་འཆར་བཏོན་པ་ལྟར། གྲོས་ཚོགས་ནང་མང་མོས་འོས་བསྡུ་བྱེད་སྐབས་སྤྱི་འཐུས་ ༡༧ གྱིས་དགག་པ་གནང་ཞིང་། སྤྱི་འཐུས་ ༢༢ ཀྱིས་རྒྱབ་སྐྱོར་གནང་བས། ཡིག་ཆ་ཨང་ ༢༢ པ་དེ་ཚོགས་ཆུང་ལ་གཏོང་དགོས་པའི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོབ་སོང་།

དེ་བཞིན། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བརྒྱད་ལ་བརྗོད་པ་གཉིས་པའི་ཐོག་ནས་གཏན་འབེབས་གནང་བའི་ཁྲོད། ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞི་བཅོ་ལྔ་པའི་ནང་གསེས་བཞི་པ། ལས་བྱེད་སུའང་གནས་རིམ་གོང་མར་རྒྱུགས་འཕྲོད་བཀོད་སྒྲིག་བྱུང་བསྟུན་སྔོན་གྱི་ཞབས་ཡུན་ཇི་ཡོད་ཞབས་ལོའི་ཁོངས་སུ་བརྩི་རྒྱུ་ཡང་། ཞབས་ཡུན་སྔ་མའི་སྡེབ་གསོག་གུང་གསེང་རྩིས་ཁུར་མི་ཆོག་ཅིང༌། ཟླ་དྲུག་ཚོད་ལྟ་ངེས་པར་བརྒྱུད་དགོས། གནས་རིམ་གོང་མའི་ཟླ་དྲུག་ཚོད་ལྟའམ་ཕར་འགྱངས་ནས་གནས་རིམ་སྔ་མར་ཕྱིར་ལོག་བྱུང་ཚེ། གནས་རིམ་སྔ་མའི་གྲལ་མཚམས་དེ་སྔ་གང་ཡིན་དེར་འཇོག་དགོས། ཞེས་པའི་བསྐྱར་བཅོས་ཁྲིམས་འཆར་ལ་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་སྟབས་ཟགས་སོང་།

ཡིག་ཆ་ཨང་ ༢༢ པའི་བསྐྱར་བཅོས་ཚིག་བརྗོད་ནང་། དོན་ཚན་ལྔ་པ། ཕྱོགས་བསྡོམས་མ་དངུལ། ༣ ཕྱོགས་བསྡོམས་མ་དངུལ་ནས་གཏོང་དགོས་ཀྱི་འགྲོ་གྲོན་གང་ཡང་འཕྲལ་སེལ་སྔོན་རྩིས་ (Interim Budget) དམིགས་བསལ་ཕུད། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་ལོ་རེའི་གཏོང་ལེན་ཁྲིམས་ཡིག་ (Appropriation Act) གམ། ཚོད་དཔག་འཆར་རྩིས་ལ་འོས་ཤོག་བསྡུས་པའི་ (Vote on Account) ཐོག་ནས་བཀའ་འཁྲོལ་མ་ཐོབ་པ་ཞིག་འགྲོ་སོང་སྔོན་བཏང་བཀའ་འཁྲོལ་རྗེས་ཞུའི་རྩིས་འགྲོ་ནམ་ཡང་གཏོང་མི་ཆོག

དོན་ཚན་དྲུག་པ། ངེས་མེད་དགོས་དངུལ། ༡ གློ་བུར་ངེས་མེད་གཞུང་གྲོན་གཏོང་དགོས་རིགས་ཀྱི་ཆེད་སྤོམ་ཚོད་དངུལ་འབབ་མང་མཐའ་ལོ་འཁོར་སྔོན་རྩིས་ཀྱི་ཚོད་དཔག་འགྲོ་གྲོན་སྤྱི་བསྡོམས་ཀྱི་བརྒྱ་ཆ་བཅུ་བཞི་ལས་མ་བརྒལ་བ་ཞིག་ངེས་མེད་དགོས་དངུལ་ཞེས་པའི་རྩིས་འགོའི་འོག་ལོ་འཁོར་སྔོན་རྩིས་སུ་བཀའ་ཤག་གི་རྩིས་ཁོངས་སུ་འཇོག་རྒྱུ་དང་། དགོས་གལ་ནམ་བྱུང་ལ་བཀའ་ཤག་ལྷན་རྒྱས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་ཆོག་མཆན་དང་། དགོས་དངུལ་སྤྲོད་འཐུས། (གློ་བུར་ངེས་མེད་ཅེས་པ་ལོ་འཁོར་སྔོན་རྩིས་འགོད་སྐབས་གཏོང་དགོས་ཚོད་དཔག་མེད་པར་གློ་བུར་དགོས་ངེས་ཀྱི་གཏོང་དགོས་གསར་བྱུང་གྲས་ལ་གོ་དགོས།) བཀའ་ཤག་མེད་སྐབས། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བཀའ་འཁྲོལ་དང༌། བཀའ་སྤྱི་གཉིས་ཀ་མེད་སྐབས། བཀའ་དྲུང་གི་གཙོ་སྐྱོང་འོག དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་དང་། བཀའ་བློན་ལས་ཁུངས་ཁག་གི་དྲུང་ཆེ་ལྷན་ཚོགས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་ནས་གྲོས་ཆོད་བཞག་སྟེ་དགོས་དངུལ་བཀའ་འཁྲོལ་སྤྲོད་ཆོག

༣ ལས་བྱེད་གསར་བསྐོ་དང་། གནས་སྤར། གནས་སྤོ། ཆོད་གན། བར་བརྒལ་བཀོད་སྒྲིག་བཅས་བར་མའི་དུས་ཡུན་གྱི་གླ་ཕོགས་ཆེད་བཀའ་དྲུང་ཡིག་ཚང་གི་རྩིས་ཁོངས་སུ་སྤོམ་དངུལ་གྱི་རྩིས་འགོའི་འོག་དངུལ་འབོར་རན་འཚམས་ཤིག་འཇོག་འཐུས་དང་། དགོས་གལ་ནམ་བྱུང་སྐབས་བཀའ་ཤག་ནས་འདོན་སྤྲོད་བཀའ་འཁྲོལ་ཞུ་དགོས། བཀའ་ཤག་མེད་སྐབས། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོར་བཀའ་འཁྲོལ་དང༌། བཀའ་སྤྱི་གཉིས་ཀ་མེད་སྐབས། བཀའ་དྲུང་གི་གཙོ་སྐྱོང་འོག །དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་དང༌། བཀའ་བློན་ལས་ཁུངས་ཁག་གི་དྲུང་ཆེ་ལྷན་ཚོགས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་ནས་གྲོས་ཆོད་བཞག་སྟེ་དགོས་དངུལ་འདོན་སྤྲོད་བྱེད་ཆོག

དོན་ཚན་བདུན་པ། ལོ་འཁོར་སྔོན་རྩིས། ༡ ལས་ཁུངས་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་གཤམ་འོག་ལས་ཁུངས་དང་། སྨན་ཁང་། སློབ་གྲྭ། འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན། འགྲོ་གྲོན་ཆ་ཚང་གཞུང་ནས་གཏོང་དགོས་ཀྱི་རང་སྐྱོང་སྒྲིག་འཛུགས་ཁག་བཅས་ནས་འཆར་ལོའི་ལོ་འཁོར་སྔོན་རྩིས་གཏན་འབེབས་རེའུ་མིག་ཏུ་བཀོད་པ་ལས་ཁུངས་སོ་སོའི་གཏོང་ལེན་འགན་འཛིན་གྱི་མིང་རྟགས་བཀོད་པ་དང་རང་སྐྱོང་སྒྲིག་འཛུགས་ཡིན་ན་སྒྲིག་འཛུགས་སོ་སོའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པ་བཅས། ལོ་ལྟར་ཕྱི་ཟླ་ ༡༡ ཚེས་ ༣༠ འགྱངས་མེད་དབུས་ལས་ཁུངས་སམ། སྡེ་ཚན་སོ་སོར་ཕུལ་ཟིན་པ་དགོས། གོང་གསལ་དུས་བཀག་ནང་ཕུལ་མ་ཐུབ་པའི་གནས་ཚུལ་བྱུང་ཚེ་རྒྱུ་མཚན་དང་སྦྲགས་འབྲེལ་ཡོད་ལས་ཁུངས་སམ་སྡེ་ཚན་ནས་དུས་འགྱངས་ཞུ་དགོས། དགོས་དངུལ་དབུས་ནས་གཏོང་མ་དགོས་པ་ཡིན་ཚེ་ལོ་རེའི་སྔོན་རྩིས་ས་གནས་འཐུས་མིའི་ཚོགས་འདུ་སོ་སོ་ནས་དུས་ཚོད་རྒྱས་བཅད་ནང་ཞུ་དགོས། ས་འཐུས་མེད་རིགས་དབུས་ནས་ཞུ་དགོས།

༡༠ ཟུར་བཀོལ་རྩིས་གྲོན་གྱི་རྩིས་འགོ་བཀའ་འཁྲོལ་ཐོབ་པ་གང་ཞིག་རོགས་དངུལ་བཀག་བསྐྱིལ་ལམ་ཆད་པ་བྱུང་ཚེ། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སུ་ལས་ཁུངས་སོ་སོའི་རང་བདག་མ་དངུལ་ལམ་སྔོན་རྩིས་མ་དངུལ་ནས་གཏོང་འཐུས་ ཆོག་པའི་བར་བརྒལ་བཀའ་འཁྲོལ་ཞུ་ཆོག

 ༡༡ བཀའ་ཤག་མེད་སྐབས། གསང་བའི་འགྲོ་གྲོན་ཁག་ལ་རང་དབང་ལྡན་པའི་སྡེ་ཚན་ཁག་གི་ངོ་ཡོད་འགན་འཛིན་ཚོགས་གཙོ་རྣམ་པས་ཡིག་ཐོག་ཆོག་མཆན་འགོད་དགོས་པ་ཕུད། འཕྲོས་བཀའ་དྲུང་གིས་གཙོ་སྐྱོང་བྱས་པའི་དྲུང་ཆེ་ ལྷན་ཚོགས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་ནས་རྒྱབ་གཉེར་བྱེད་ཆོག་པ་དང་། བཀའ་འཁྲོལ་ཞུ་ཡུལ་སྤྱི་འཐུས་རྒྱུན་ལས་མེད་སྐབས། རང་དབང་ལྡན་པའི་སྡེ་ཚན་ཁག་གི་ངོ་ཡོད་འགན་འཛིན་ཚོགས་གཙོ་རྣམ་པས་མང་མོས་སམ་སྤྱི་མོས་ཐོག་བར་བརྒལ་གྱིས་མཚོན་པའི་བཀའ་འཁྲོལ་ཞུ་སྒོ་ཁག་ཆོག་མཆན་སྤྲོད་འཐུས།

 བརྒྱད་པ་ཀ འཕྲལ་སེལ་སྔོན་རྩིས། (Interim Budget)

 ༡ འཕྲལ་སེལ་སྔོན་རྩིས་ནི་ལོ་འཁོར་སྔོན་རྩིས་རྒྱབ་གཉེར་བྱེད་མཁན་བཀའ་ཤག་དང༌། བཀའ་འཁྲོལ་སྤྲོད་མཁན་གྲོས་ཚོགས་མེད་པའམ། ཡང་ན་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་མ་ཐུབ་པའི་གནས་སྐབས་སུ། ཆབ་སྲིད་དང་འཛིན་སྐྱོང་། སྤྱི་ཚོགས་བདེ་དོན་བཅས་པའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང༌། ལས་འཆར་གྱི་འབབ་གྲོན་རྣམས་འཁོར་རྒྱུགས་ཐུབ་པར་དམིགས་པ་ཞིག་ཡིན་ཞིང་། འཕྲལ་སེལ་སྔོན་རྩིས་ཀྱི་དུས་ཡུན་ནི་གྲོས་ཚོགས་སུ་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་ གཏན་འབེབས་བྱེད་ཐུབ་པའི་བར་ཡིན།

༢ སྔོན་རྩིས་རྒྱབ་གཉེར་བྱེད་མཁན་བཀའ་ཤག་མེད་པའི་སྐབས་སུ། ལས་ཁུངས་སོ་སོའི་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་དཔལ་འབྱོར་ལས་ཁུངས་ནས་དཔྱད་ཞིབ་ཀྱིས་དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་དང༌། བཀའ་བློན་ལས་ཁུངས་ཁག་གི་དྲུང་ཆེ་ལྷན་ཚོགས་ནས་རྒྱབ་གཉེར་དང་སྦྲགས་བཀའ་དྲུང་ཡིག་ཚང་བརྒྱུད་ཚོགས་དྲུང་ལས་ཁུངས་སུ་འཕྲལ་སེལ་སྔོན་རྩིས་འཆར་འབུལ་ཞུས་པར། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་འགན་བསྐུར་གནང་སྟེ། དེས་སྤྱི་འཐུས་ལྷན་ཚོགས་སུ་འཕྲལ་སེལ་སྔོན་རྩིས་ངོ་སྤྲོད་གཏམ་བཤད་དང་། ལན་འདེབས་གསལ་བཤད་ཀྱི་འགན་ཁུར་ལེན་རྒྱུ།

༣ གནས་སྟངས་ཅི་རིགས་དབང་གིས་གྲོས་ཚོགས་ཚོགས་མ་ཐུབ་པའམ། འཆར་ལོའི་ལོ་འཁོར་སྔོན་རྩིས་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་མ་ཐུབ་པའི་གནས་ཚུལ་བྱུང་སྐབས། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་འཕྲལ་སེལ་སྔོན་རྩིས་བཀའ་འཁྲོལ་ཞུ་ཆོག དེའང་མེད་ཚེ། བཀའ་ཤག་གིས་འཕྲལ་སེལ་སྔོན་རྩིས་བཀའ་འཁྲོལ་སྤྲོད་ཆོག

 ༤ སྤྱི་འཐུས་ལྷན་ཚོགས་དང་། བཀའ་ཤག་གཉིས་ཀ་ལས་ཁུར་འཛིན་མ་ཐུབ་པའི་གནས་སྟངས་བྱུང་སྐབས། དོན་ཚན་འདིའི་ནང་གསེས་ ༢ ལྟར་དྲུང་ཆེ་ལྷན་ཚོགས་ནས་རྒྱབ་གཉེར་དང་སྦྲགས་བཀའ་དྲུང་ཡིག་ཚང་བརྒྱུད་ཚོགས་དྲུང་ལས་ཁུངས་སུ་འཕྲལ་སེལ་སྔོན་རྩིས་འཆར་འབུལ་ཞུས་པར། རང་དབང་ལྡན་པའི་སྡེ་ཚན་ཁག་གི་ངོ་ཡོད་འགན་འཛིན་ཚོགས་གཙོ་རྣམ་པས་མང་མོས་སམ་སྤྱི་མོས་ཐོག་འཕྲལ་སེལ་སྔོན་རྩིས་བཀའ་འཁྲོལ་སྤྲོད་ཆོག་པ་དང་། བཀའ་དྲུང་ཡིག་ཚང་བརྒྱུད་བཀའ་འཁྲོལ་བཀོད་ཁྱབ་ཁུངས་གཏོང་བྱ་རྒྱུ།

 ༥ སྲིད་སྐྱོང་མེད་པའི་གནས་སྐབས་སུ། གཏོང་ལེན་ཁྲིམས་ཡིག་ལ་སྤྱི་འཐུས་ཚོགས་གཙོས་ཆོག་མཆན་བསྩལ་ཏེ། བཀའ་དྲུང་ཡིག་ཚང་བརྒྱུད་བཀའ་འཁྲོལ་བཀོད་ཁྱབ་ཁུངས་གཏོང་བྱ་རྒྱུ།

 དོན་ཚན་དགུ་པ། ཁ་བསྒྱུར།  ༣ སྤྱི་འཐུས་རྒྱུན་ལས་སུ་ཞུ་ཡུལ་མེད་སྐབས་བཀའ་ཤག་ནས་བཀའ་འཁྲོལ་སྤྲོད་ཆོག་པ་དང༌། བཀའ་ཤག་མེད་སྐབས། སྤྱི་འཐུས་ཚོགས་གཙོར་རྒྱབ་གཉེར་ཞུས་ཏེ་སྤྱི་འཐུས་རྒྱུན་ལས་ནས་བཀའ་འཁྲོལ་ཞུ་དགོས་ལ། བཀའ་སྤྱི་གཉིས་ཀ་མེད་སྐབས། དྲུང་ཆེ་ལྷན་ཚོགས་ཀྱི་རྒྱབ་གཉེར་ལ་རང་དབང་ལྡན་པའི་སྡེ་ཚན་ཁག་གི་ངོ་ཡོད་འགན་འཛིན་ཚོགས་གཙོ་རྣམ་པས་མང་མོས་སམ་སྤྱི་མོས་ཐོག་ཁ་བསྒྱུར་བཀའ་འཁྲོལ་སྤྲོད་ཆོག

 དོན་ཚན་བཅུ་པ། དངུལ་རྩིས་ལོ་མཚམས། ༢ རྩིས་ཞིབ་སྒྲིག་གཞི་གཞིར་བཟུང་རྩིས་སྒོ་བརྒྱབས་པ་ནས་དུས་ཡུན་ངེས་ཅན་ནང་ལས་ཁུངས་སོ་སོའི་རྩིས་ཁྲ་རྩིས་ཞིབ་ལས་ཁང་ལ་འབུལ་དགོས་པ་དང་། རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་གནང་སྟེ་སྙན་ཤོག་རྩིས་སྒོ་བརྒྱབས་པ་ནས་ཟླ་དགུའི་ནང་ཚུན་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས། རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོ་རྩིས་ཞིབ་ཚོགས་ཆུང་རེ་ལོ་ལྟར་སྤྱི་འཐུས་རྒྱུན་ལས་ཀྱིས་བསྐོ་གཞག་གནང་རྒྱུ་དང་། དེས་རྩིས་ཞིབ་ཀྱི་གཏོང་ཡོང་ཡོངས་རྫོགས་ཀྱི་རྩིས་ཁྲར་རྩིས་ཞིབ་བགྱིས་ཏེ་དག་མཆན་འཁོད་པའི་སྙན་ཤོག་གོང་བཞིན་ཟླ་དགུའི་ནང་ཚུན་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས། སྤྱི་འཐུས་རྒྱུན་ལས་མེད་སྐབས། བཀའ་ཤག་གིས་རྩིས་ཞིབ་ཚོགས་ཆུང་བསྐོ་གཞག་བྱ་རྒྱུ།

 དོན་ཚན་བཅུ་གཅིག་པ། གཏོང་ལེན་དང་། རྩིས་ཀྱི་འགན་དབང་། ༢ ལས་ཁུངས་སོ་སོའི་དྲུང་ཆེ་དང་། འགན་འཛིན། དེ་དག་གི་ལས་རོགས། ཡང་ན་ལས་བྱེད་གཞན་དག་བཅས་ལ་སྐབས་བསྟུན་དངུལ་འབོར་གྲངས་བཅད་ཀྱི་དཔལ་འབྱོར་དབང་ཚད་དུས་ནས་དུས་སུ་སྤྲོད་རྒྱུ་དང་གཏོང་ལེན་འགན་འཛིན་དུ་བསྐོ་གཞག་བྱ་རྒྱུ་བཅས་བཀའ་ཤག་གིས་འཛིན་སྐྱོང་བཀོད་ཁྱབ་བརྒྱུད་བྱ་རྒྱུ། བཀའ་ཤག་མེད་སྐབས། དོན་ཚན་བརྒྱད་པ་ཀ་ ༥ ནང་གསལ་ལྟར་སྤྱི་འཐུས་ཚོགས་གཙོས་དང༌། བཀའ་སྤྱི་གཉིས་ཀ་མེད་སྐབས། དོན་ཚན་བརྒྱད་པ་ཀ་ ༤ ནང་གསལ་ལྟར་རང་དབང་ལྡན་པའི་སྡེ་ཚན་ཁག་གི་ངོ་ཡོད་འགན་འཛིན་ཚོགས་གཙོ་རྣམ་པས་བཀའ་དྲུང་ཡིག་ཚང་བརྒྱུད་བཀའ་འཁྲོལ་བཀོད་ཁྱབ་ཁུངས་གཏོང་བྱ་རྒྱུ།

 དོན་ཚན་བཅུ་གཉིས་པ། དངུལ་ཁང་རྩིས་སྒོ། ༢ བཀའ་ཤག་གི་བཀའ་འཁྲོལ་དང་འབྲེལ་དཔལ་འབྱོར་བཀའ་བློན་དང་། བཀའ་བློན་གཞན་སུ་རུང་གཅིག་བཅས་བཀའ་བློན་གཉིས་ཀྱི་མིང་རྟགས་མ་བཀོད་པར་གོང་གསལ་དངུལ་འབོར་ནས་འདོན་གཏོང་མི་ཆོག བཀའ་ཤག་མེད་སྐབས། དོན་ཚན་བརྒྱད་པ་ཀ་ ༥ ནང་གསལ་ལྟར་སྤྱི་འཐུས་ཚོགས་གཙོ་དང༌། བཀའ་སྤྱི་གཉིས་ཀ་མེད་སྐབས། དོན་ཚན་བརྒྱད་པ་ཀ་ ༤ ནང་གསལ་ལྟར་རང་དབང་ལྡན་པའི་སྡེ་ཚན་ཁག་གི་ངོ་ཡོད་འགན་འཛིན་ཚོགས་གཙོ་རྣམ་པར་ཆོག་མཆན་མིང་རྟགས་ཞུས་ཏེ་འདོན་གཏོང་བྱེད་དགོས།  ཞེས་གསལ་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese