མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་བསྐོ་གཞག་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། དེ་བཞིན་སྤྱི་ཁྱབ་རྩིས་ཞིབ་པ་བཅས་འོས་འདེམས་བྱུང་སོང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་བསྐོ་གཞག་གནང་སོང་། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༣།༢༩

དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་དགུ་པའི་ལས་ཉིན་ ༡༢ སྟེང་། བོད་མི་མང་སྤྱི་འཐུས་ཚོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་གཉིས་ལ་འོས་འཕངས་པར། བསོད་ནམས་རྒྱལ་མཚན་ལགས་སུ་འོས་གྲངས་ ༡༢ དང་ཡེ་ཤེས་དབང་མོ་ལགས་སུ་འོས་གྲངས་ ༣༡ བཅས་ཐོབ་སྟེ། ཡེ་ཤེས་དབང་མོ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་འོས་འདེམས་བྱུང་ཞིང་བུད་མེད་ཁྲིམས་ཞིབ་པ་ཆེ་བ་ཐོག་མར་གྱུར་ཡོད་འདུག  ཡང་ཁྲིམས་ཞིབ་པ་གཞན་གཅིག་གི་འོས་མི་དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ་འོས་གྲངས་ ༢༥ དང་། དབུ་དཀར་ཚང་གཡུ་སྒྲོན་ལགས་སུ་འོས་གྲངས་ ༤ ། ཕུར་བུ་རྡོ་རྗེ་ལགས་སུ་འོས་གྲངས་ ༩ བཅས་ཆགས་ཏེ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འོས་འདེམས་བྱུང་། དེ་མཚུངས་བཞིན། བཀའ་ཟུར་འཕགས་པ་ཚེ་རིང་ལགས་སུ་འོས་གྲངས་  ༣༡ དང་རྒྱ་རི་སྐལ་བཟང་ཚེ་དབང་ལགས་སུ་འོས་གྲངས་ ༡༢ བཅས་ཆགས་ཏེ།  བཀའ་ཟུར་འཕགས་པ་ཚེ་རིང་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འོས་འདེམས་བྱུང་། གཞན་ཡང་། སྤྱི་ཁྱབ་རྩིས་ཞིབ་པའི་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༣༢ དང་། བསམ་གཏན་ནོར་བུ་ལགས་སུ་འོས་གྲངས་ ༨ བཅས་ཐོབ་ནས། བཀྲ་ཤིས་སྟོབས་རྒྱལ་ལགས་སྤྱི་ཁྱབ་རྩིས་ཞིབ་པར་མང་མོས་འོས་འདེམས་བྱུང་སོང་།

ཁྲིམས་ཞིབ་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ནི་ཕྱི་ལོ་ ༡༩༧༢ ཟླ་ ༣ ཚེས་ ༡   ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཅོན་ཏ་རར་སྐྱེས།  ཌལ་ཧོར་གཏན་སློབ་ནས་སློབ་ཐོན་བྱས་རྗེས་རྒྱ་གར་གྱི་ (B.Sc GCG College Chandigarh) ནས་མཐོ་སློབ་ཐོན། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༥ ཉིན་ཐོག་མར་ལས་བྱེད་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༨ ཉིན་བདེ་སྲུང་ཉམས་ཞིབ་ཁང་གི་དྲུང་ལས་སུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༢༤ ཉིན་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༢ ཟླ་ ༢ ཚེས་ ༨ ཉིན་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༢ ཉིན་འཕྲོད་བསྟེན་ལས་ཁུངས་རང་འཇགས་ཐོག་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༡༠ ཉིན་གཞུང་འབྲེལ་མིན་པའི་སློབ་བསྐྱོད་ནས་ཕྱིར་འཁོར་རྗེས་བཀའ་ཤག་གི་ཟུང་དྲུང་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༧ ཉིན་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༦ ཉིན་དྲུང་འཕར་དུ་གནས་སྤར།  ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༧ ཉིན་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༨ ཉིན་ནས་དྲུང་ཆེ་གནས་རིམ་དུ་གནས་སྤར་གྱིས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དུ་བསྐོ་གཞག་གནང་འདུག

དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནི་ཕྱི་ལོ་ ༡༩༦༣ ཟླ་ ༧ ཚེས་ ༩ ཉིན་སྐྱེས། དྷ་ས་བོད་ཁྱིམ་དུ་སློབ་བཞེས་ཀྱིས་སློབ་གྲྭའི་ནང་སྤྱི་ཁྱབ་རྒན་བདག་གི་འགན་འཁུར་འཐུས་ཚང་ཞུས་པ་དང་། བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་བུ་རྩེ་ཕུད་ཀྱི་བྱ་དགའ་ཡང་སྩལ་ཐོབ་བྱུང་། འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་སྤྲོད་མཐའ་མ་དེ་ལེགས་འཕྲོད་བྱུང་རྗེས་ (Christian Medical College, Vellore) དང་། (St. John’s Medical College, Bangalore) བཅས་མཐོ་སློབ་གཉིས་ནང་སྨན་ཁང་དང་འཕྲོད་བསྟེན་འཛིན་སྐྱོང་གི་རིག་གནས་ཐོག་སློབ་མཐར་ཐོན་རྗེས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར། ཕྱི་ལོ་ ༡༩༨༧ ཟླ་ ༡ ཚེས་ ༡ ནས་བདེ་ལེགས་སྨན་ཁང་དུ་འཕྲོད་བསྟེན་འབྲེལ་མཐུད་པ་དང་། འཕྲོད་བསྟེན་ལས་ཁུངས་དབུས་མར་འཕྲོད་བསྟེན་འཆར་འགོད་འགན་འཛིན་གྱི་ལས་ཁུར་ཞུ་བཞིན་པའི་སྐབས།  ༡༩༩༤  ལོར་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་དང་། དེ་རྗེས་ཕྱི་ལོ་ ༢༠༠༦ ནས་བཟུང་སྨན་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱུང་བ་བཞིན་ལས་ཁུར་ཞུ་མུས། དེ་བཞིན་རང་རེའི་སྤྱི་ཚོགས་དང་འབྲེལ་བའི་ཞབས་ཞུའི་ཁོངས་རྡ་ས་ས་གནས་གཞོན་ནུའི་ཚོགས་གཙོ་སྐབས་གཉིས། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། དབུས་གཙང་དབུས་རྒྱུན་ཚོགས་གཞོན་སྐབས་གཉིས། གཞན་ཡང་དྷ་ས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་། དྷ་སར་རྒྱལ་སྤྱིའི་ (Rotary Club) ཚོགས་པ་སོ་སོའི་ནང་ལོ་མང་ཞབས་ཞུ་ཞུས་དང་ཞུ་མུས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་འགའི་ནང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། དབུས་གཙང་སྤྱི་ཁྱབ་ཀྱི་སློབ་སྟོན་པའི་འགན་ཁུར་ཞུ་མུས། དབུས་གཙང་ཆོལ་ཁའི་རྒྱ་ཆེའི་མི་མང་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༣ པ་དང་ ༡༤། ༡༥། ༡༦། ༡༧ བཅས་སོ་སོར་འོས་འདེམས་འགན་ཁུར་ཞུ་མུས་ཡིན་འདུག

བཀའ་ཟུར་འཕགས་པ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༦༥ ཟླ་ ༡༡ ཚེས་ ༧ ཉིན་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ས་དཀར་སྡེ་བར་སྐྱེས། ཕྱི་ལོ་ ༡༩༧༣ ནས་ ༡༩༧༨  ནས་སྡེ་བའི་ཉེ་འདབས་ཀྱི་སློབ་ཆུང་དུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༨༥ ནས་ཕྱི་ལོ་ ༡༩༨༩ བར་ནུབ་བྱང་མི་རིགས་སློབ་གླིང་གི་བོད་ཀྱི་སྐད་ཡིག་སྡེ་ཚན་ནས་ཉེ་བའི་གཙུག་ལག་རབ་འབྱམས་ལག་འཁྱེར་ཐོབ། ཕྱི་ལོ་ ༡༩༨༩ ལོ་ནས་ ༡༩༩༢ མདོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་གཞུང་ལས་ཁང་དུ་ལས་ཀ་བྱས། ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༧ ཉིན་ཆབ་སྲིད་ཀྱི་རྐྱེན་གྱིས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར།  ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༩ ཉིན་ནས་ཚོད་ལྟའི་ཐོག་དྲུང་ལས་གནས་རིམ་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༥ ནས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་གནས་རིམ་རང་འཇགས་ཐོག་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༩ ནས་གཞུང་ཞབས་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༦ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༨ ཟླ་ ༣ ཚེས་ ༡༧ ནས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་དྲུང་གཞོན་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༡༠ ཚེས་ ༢༦ ནས་ལོ་གཉིས་རིང་ཕོགས་མེད་སློབ་སྦྱོང་དུ་བསྐྱོད། ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༡༦ ནས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་དྲུང་གཞོན། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༤ ནས་ཟུང་དྲུང་དུ་གནས་སྤར་གྱིས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་ཟུང་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༨ ནས་ཞབས་ལོའི་འབབས་ཀྱི་དྲུང་ཆེ་ལས་འཕར་གྱི་གནས་རིམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༥ ནས་བདེ་སྲུང་ལས་ཁུངས་སུ་གནས་སྤོས་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༢ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ཉིན་ནས་ཕྱི་ལོ་ ༢༠༡༦ ཟླ་ ༧ བར་བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཡིག་ཆེན་མོའི་ལས་འགན་འཁུར། ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་གྱི་ལས་འགན་འཁུར་ཡོད་འདུག

བཀྲ་ཤིས་སྟོབས་རྒྱལ་ལགས་ནི་ཕྱི་ལོ་ ༡༩༧༣ ཟླ་ ༤ ཚེས་ ༢ ཉིན་སྐྱེས་ཤིང་། ཚོང་རིག་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༧ ཉིན་ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་དྲུང་ལས་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༧ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་དྲུང་གཞོན་གྱི་ཕྱག་ལས་གནང་མྱོང་བ་མ་ཟད། ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༡༥ ཉིན་ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་ཟུང་དྲུང་གི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༥ ནས་ཉི་ཧོང་སྐུ་ཚབ་དོན་ཁང་དུ་ཟུང་དྲུང་གི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༩ ཉིན་ནས་ཤེས་རིག་ལས་ཁུངས་སུ་དྲུང་འཕར་དང་། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་དྲུང་འཕར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༩ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་དྲུང་ཆེའི་ཕྱག་ལས་གནང་མྱོང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese