མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་འབར་མ་དང་ཐའེ་ལེན་ཊིའི་མི་མང་ལ་ཐུགས་སྨོན་མཛད། 

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འབར་མ་དང་ཐའེ་ལེན་ཊི་རུ་ས་ཡོམ་ཁྲོད་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བར་ཐུགས་སྨོན་མཛད།

༧གོང་ས་མཆོག་ནས་འབར་མ་དང་ཐའེ་ལེན་ཊིའི་མི་མང་ལ་ཐུགས་སྨོན་མཛད།

ཁ་སང་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་འབར་མ་རྒྱལ་ཁབ་ཀྱི་མན་ཌ་ལེ་(Mandalay) ཁུལ་སོགས་སུ་ཚད་རིམ ༧། ༧ ཅན་གྱི་ས་འགུལ་བརྒྱུགས་ནས། འབར་མ་དང་ཐའེ་ལེན་ཊིའི་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་ཞིག་ཐེབས་མུས་ཡིན་སྟབས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས། འབར་མ་དང་ཐའེ་ལེན་ཊིའི་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་ཤུལ་ལུས་ནང་མི་སོགས་ལ་ཐུགས་གསོ་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ཁྲོད། ངོས་རང་གིས་འབར་མའི་ས་ཡོམ་གྱི་གོད་ཆག་ཁྲོད་དུ་རང་གི་སྤུན་ཉེ་རྣམས་འཆི་རྨས་ཐེབས་མཁན་གྱི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་སྨོན་དང་། ས་འགུལ་གྱི་གོད་ཆག་འདིའི་ཁྲོད་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་ཐའེ་ལེན་ཌི་གཙོས་གནོད་འཚེ་ཐེབས་མཁན་རྣམས་ལ་ཐུགས་སྨོན་མཛད་ཀྱིན་ཡོད།  ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱ་གར་དང་རྒྱལ་ཁབ་ཁག་གིས་གནོད་འཚེ་ཐེབས་པའི་ཡུལ་དངོས་སུ་ངལ་སེལ་སོགས་ཀྱི་ཐད་ནས་རོགས་འདེགས་ཞུ་མུས་ཡིན་པ་ནི་ཆེས་བློ་སྟོབས་སྐྱེས་འོས་པ་ཞིག་རེད། ཅེས་གསུངས་འདུག

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། འབར་མའི་ས་ཡོམ་གྱི་གོད་ཆག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། མྱུར་སྐྱོབ་དང་ངལ་སེལ་གྱི་སླད་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སེམས་ཙམ་མཚོན་སླད་ཞལ་འདེབས་ཤིག་འབུལ་རྒྱུར་མངག་བཅོལ་བྱས་ཡོད། ཅེས་གསུངས་འདུག

ཁ་སང་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་འབར་མ་རྒྱལ་ཁབ་ཀྱི་མན་ཌ་ལེ་(Mandalay) ཁུལ་སོགས་སུ་ཚད་རིམ ༧། ༧ ཅན་གྱི་ས་འགུལ་བརྒྱུགས་ནས། ད་བར་ཉུང་མཐར་མི་གྲངས་ ༡༠༠༢ རྐྱེན་འདས་དང་། མི་གྲངས་ ༢༣༧༦ ལ་རྨས་སྐྱོན། མི་གྲངས་ ༣༠ གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། རྒྱལ་ཁབ་དེའི་དགོན་པ་དང་། ལྷ་ཁང་གཙོས་སྡོད་ཁང་། གཞུང་ལམ་སོགས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པའི་ཁར། ས་ཡོམ་དེའི་འགུལ་ཤུགས་ཐའེ་ལན་ཌིའི་རྒྱལ་ས་བྷེན་ཀོག་ཁུལ་དུའང་བརྒྱུགས་ནས། ད་བར་ཉུང་མཐར་མི་གྲངས་ ༡༠ རྐྱེན་འདས་དང་། ཁུལ་དེར་འཛུགས་སྐྲུན་གྱི་ལས་ཀ་བྱེད་མུས་ཡིན་པའི་ཨར་ལས་བ་མི་གྲངས་ ༡༠༠ ལྷག་གར་སོང་ཆ་མེད་དུ་གྱུར་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese