མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་སྒྲིལ་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་བྱས་ཏེ་བོད་དང་བོད་ཀྱི་རྩ་དོན་ཐོག་དྲིལ་བསྒྲགས་བྱ་རྒྱུ་གལ་ཆེན་ཡིན་པ་དང་། སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་ལོག་པར་བཏང་ཚེ་སྤྱི་ཚོགས་སྤྱི་ཡོངས་ལ་བརྡབ་གསིག་ཐེབས་ཀྱི་ཡོད་པ་གསལ་པོ་ཡིན།  དེར་བརྟེན་བོད་ཀྱི་རྩ་དོན་ཐོག་ཞབས་འདེགས་ཕྲན་བུ་ཞིག་ཞུ་ཐུབ་ན་སོ་སོ་གསོན་པའི་རིང་ལ་བྱས་རྗེས་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་སྒྲིལ་སོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༥།༣།༣༡

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། གྲོས་ཚོགས་ནང་དགོངས་ཚུལ་བྱུང་བ་ཁག་ལ་གཞི་བཞག་ནས་སྔོན་རྩིས་ཀྱི་ཐོག་བསྲི་ཚགས་གནང་རྒྱུ་དང་། སྔོན་རྩིས་ཀྱི་ལས་རིམ་གང་དང་གང་བརྩམས་རུང་། དོན་དག་ལ་ཕན་ཐོགས་རྒྱུ་ཞིག་ཡོང་བར་འགན་ཁུར་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། དེ་སྔོན་བོད་པའི་ལོ་གསར་སྐབས་སྦེལ་ཀོབ་ཏུ་བཅར་བ་རེད། སྐབས་དེ་དུས་སྔོན་རྩིས་ཕུལ་སྟངས་ལ་ཆབ་སྲིད་དང་འཛིན་སྐྱོང་། སྤྱི་ཚོགས་བདེ་དོན་བཅས་སྡེ་ཚན་གསུམ་ནང་བསྡུས་ཐུབ་ཀྱི་ཡོད་པ་རེད། སྔོན་རྩིས་གཏོང་ས་མང་ཤོས་དེ་སྤྱི་ཚོགས་བདེ་དོན་ཆགས་ཀྱི་ཡོད་པ་རེད། འཕྲོད་བསྟེན་དང་ཤེས་ཡོན་སོགས་རིགས་གཅིག་ལ་ང་ཚོས་མ་གཏོང་ཀ་མེད་ཆགས་ཀྱི་ཡོད་པ་རེད། དེ་མིན་བཙན་བྱོལ་དུ་ཆགས་ནས་ལོ་ངོ་ ༦༦ ཆགས་ཀྱི་ཡོད་པ་དང་། རང་ཁ་རང་གསོའི་འགྲེལ་བཤད་སྣ་ཚོགས་པ་གནང་གི་འདུག་སྟེ། སོ་སོས་གཞན་ལ་བརྟེན་མ་དགོས་པ་ཞིག་ཡོང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག མང་ཚོགས་ལ་དཀའ་ངལ་ཡོད་ཀྱང་། དཀལ་ངལ་དེ་སེལ་བར་སོ་སོའི་ངོས་ནས་ཐབས་ཤེས་བྱེད་ཐུབ་དགོས་རྒྱུ་དང་། གཞུང་ལ་ཡིན་ཅིག་མིན་ཅིག་ཞུས་ནས་ཡོང་དགོས་པའི་རེ་བ་དེ་ཏོག་ཙམ་ཉུང་དུ་གཏོང་ཐུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་དང་། གཞུང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་ལས་དོན་མང་པོ་ཞིག་བོད་སྤྱི་ལ་ཕན་པའི་ལས་དོན་ཐོག་གཏོང་ཐུབ་པའི་གོ་སྐབས་དང་རྣམ་པ་ཤུགས་ཆེ་བ་ཐོན་པ་ཡིན་ན། བཙན་བྱོལ་གྱི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་གང་ཅིའི་ཐོག་ནས་ཡར་ཐོན་ཡོང་ཐུབ་རྒྱུར་དཔེ་མཚོན་བཞག་ཐུབ་རྒྱུའི་གོ་སྐབས་ཤིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག དེ་ཡོང་ཐུབ་རྒྱུར་ཚང་མས་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད་འདུག ཉམ་ཐག་དངོས་གནས་དཀའ་ངལ་ཅན་ཡིན་ན་ང་ཚོས་གཏོང་དགོས་ངེས་ཅན་ཆགས་ཀྱི་ཡོད་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུའང་བོད་ཀྱི་རྩ་དོན་ཐོག་བོད་དོན་བདེན་མཐའ་གསལ་ཐུབ་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་ལ་གཟིགས་སྐྱོང་བྱེད་དགོས་པའི་འགན་བསྐུར་ཡོད་པ་རེད། འགན་བསྐུར་བ་གཞིར་བཟུང་ལག་ལེན་ཐོག་ནས་ཕེབས་དགོས་རེད་དེ། སྤྱི་ཚོགས་ཀྱི་ངོས་ནས་དེ་ལ་ཆ་ཤས་བཞེས་སྟངས་ཀྱི་ཐོག་ལ་ཡར་རྒྱས་གཏོང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས།

ཚོགས་གཙོ་མཆོག་གིས། བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༦ ཆགས་ཡོད་པ་དང་། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཆགས་པ་རེད། གཙོ་བོ་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་བོད་མི་གནམ་བསྟན་ཡོངས་ནས་འགན་ཁུར་ཆེ་ཙམ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་བོད་ནང་བོད་མི་ཚོའི་བློས་གཏོང་དང་། ཉིན་འཁྱོལ་ཡང་མཚན་མ་འཁྱོལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཆོས་དད་རང་དབང་། ཁོར་ཡུག་གི་གནས་སྟངས། འདུ་འཛོམས་ཀྱི་རང་དབང་། སྨྲ་བརྗོད་རང་དབང་། སོ་སོའི་སྐད་ཡིག་བེད་སྤྱོད་གཏོང་མི་ཆོག་པའི་གནས་སྟངས་སོགས་ལ་གཞི་བཞག་ནས་ང་ཚོས་གདོང་ལེན་གནང་ཕྱོགས་དེ་གང་འདྲ་དགོས་ཀྱི་འདུག དེང་སང་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་དེ་ཚོ་གང་ལ་གང་འཚམ་ང་ཚོས་ཚོད་དཔག་བྱེད་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་བོད་ནང་གི་བོད་མི་ཚོས་བཀའ་མོལ་གསུང་ཕྱོགས་སོགས་ང་ཚོས་གང་ལ་གང་འཚམ་རྟོགས་ཐུབ་ཀྱི་འདུག ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ཡིན་རུང་གང་ལ་གང་འཚམ་བོད་ནང་གི་བོད་མི་ཚོས་རྟོགས་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་གཅིག་གིས་གཅིག་ལ་སེམས་ཤུགས་སྤར་རྒྱུ་དང་། གྲོགས་སུ་འགྲོ་ཐུབ་པར་འབད་བརྩོན་ག་རེ་ཞུ་དགོས་པའི་ཐོག་ལ་ཏན་ཏན་གྱིས་དགོངས་པ་ཆེན་པོ་ཞིག་བཞེས་རྒྱུ་ཡོད་རེད་བསམ་གྱི་འདུག རྒྱལ་སྤྱིའི་ཆབ་སྲིད་ནང་དུ་བོད་དོན་ཟེར་དུས་ཨ་རི་ཚུད་པའི་ཡུ་རོབ་དང་། ཨེ་ཤ་ཡའི་ནང་དུ་བོད་ཀྱི་གནད་དོན་དེ་རིམ་པ་དང་པོའི་ནང་བསླེབས་མ་ཐུབ་ནའང་། ཚང་མས་ཐུགས་སྣང་གནང་སའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ང་ཚོའི་ངོས་ནས་ཟུར་དུ་ཐོན་ནས་བོད་ཟེར་བའི་རྣམ་པ་ཐོན་ཐུབ་རྒྱུར་སོ་སོའི་ངོས་ནས་ག་རེ་བྱེད་དགོས་ཀྱི་ཡོད་པ་དང་། འདུ་ཤེས་ག་རེ་འཁུར་དགོས་ཀྱི་འདུག བོད་ཟེར་བའི་རྣམ་པ་མ་ཡལ་བར་ག་རེ་བྱེད་དགོས་ཀྱི་འདུག དེ་ཚོའི་ཐོག་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་བྱས་ཏེ་བོད་དང་བོད་མི། བོད་ཀྱི་རྩ་དོན་ཐོག་དྲིལ་བསྒྲགས་བྱ་དགོས་པ་དང་། སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་ལོག་པར་བཏང་སྟེ་སྤྱི་ཚོགས་སྤྱི་ཡོངས་ལ་བརྡབ་གསིག་ཐེབས་ཀྱི་ཡོད་པ་གསལ་པོ་རེད། བོད་དང་བོད་མི་རིགས། བོད་ཀྱི་རིག་གཞུང་དང་། བོད་ཀྱི་རྩ་དོན་ཐོག་ཞབས་འདེགས་ཕྲན་བུ་ཞུ་ཐུབ་ན་ཏན་ཏན་གྱིས་སོ་སོ་གསོན་པའི་རིང་ལ་བྱས་རྗེས་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས།

ཡང་ཚོགས་གཙོ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བཞུགས་རྒྱུ་ནི་བོད་མི་ཚང་མའི་བསམ་འདུན་གཅིག་ཆགས་ཀྱི་ཡོད་ལ། དེ་ནི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ༧གོང་ས་མཆོག་ནས་ལོ་ངོ་ ༩༠ རིང་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་མང་པོ་ཞིག་གནང་ཡོད་པ་དྲན་གསོ་བྱེད་དགོས། ༧གོང་ས་མཆོག་གི་དགོངས་གཞི་ཕྱི་ནང་གསང་གསུམ་ནས་མང་པོ་ཡོད་ཀྱང་། ང་ཚོ་ཐུན་མོང་གི་སྣང་ངོར་དགོངས་གཞི་དེ་དག་གང་འཚམ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད། ༧གོང་ས་མཆོག་གི་དགོངས་གཞི་བསྒྲུབ་པར་གང་དག་བྱེད་དགོས་པ་དང་། དགོངས་གཞི་དང་འགལ་བའི་ཆ་དག་ཉིན་རེ་བཞིན་ཉུང་དུ་གཏོང་བའི་ཐབས་ཤེས་བྱས་ཚེ། ༧མགོན་པོ་གང་ཉིད་མཆོག་གི་སྐུ་ཚེ་ལ་བར་ཆད་མི་ཡོང་བར་བོད་མི་སྤྱི་མཐུན་གྱི་བསོད་ནམས་བསགས་པར་ཏན་ཏན་ཕན་ཐོགས་ཀྱི་རེད། དེ་བཞིན་སོ་སོའི་བློས་བཅད་ཐོག་ནས་ཚེ་ཐར་སྲོག་བསླུ་གཏོང་བ་དང་། རྣམ་དཀར་གྱི་དགེ་བ་བསྒྲུབ་པ། མ་ཎི་ཕྲེང་བསྐོར་རེའང་དགེ་བའི་རྩ་བར་བསྔོས་པ་ཡིན་ན། ང་ཚོས་ཐུགས་ཕན་ཆེན་པོ་གསོས་ཀྱི་ཡོད་ཅིང་། དེ་དག་ཚང་མ་ཀུན་སློང་བཟང་བོ་ཐོག་ནས་གནང་ཐུབ་ཚེ་འབྲས་བུ་གཡུར་དུ་ཟ་བ་ཞིག་སྨིན་ཐུབ་ཀྱི་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese