མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོན་རྟ་དབང་དུ་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་སྲུང་གཙི་ཞུ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐོག་མར་ཞབས་ཀྱིས་བཅགས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་འཕགས་བོད་མཐའ་མཚམས་ཀྱི་སྐས་འཛེགས་མཎི་སོགས་སུ་ཉིན་གྲངས་ ༦ རིང་རྗེས་དྲན་གོམས་བགྲོད་གནང་བཞིན་འདུག

ཕྱི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་བྱང་ཤར་མོན་རྟ་དབང་གི་འཕགས་བོད་མཐའ་མཚམས་ཀྱི་སྐས་འཛེགས་མཎི་ནས་མགོ་བཙུགས་ཏེ་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པའི་ས་གནས་ཁག་ཏུ་རྗེས་དྲན་གོམ་བགྲོད་གནང་བཞིན་པ། འབྲེལ་ཡོད་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་རྒྱ་གར་བྱང་ཤར་མོན་རྟ་དབང་གི་འཕགས་བོད་མཐའ་མཚམས་ཀྱི་སྐས་འཛེགས་མཎི་རུ་རྟ་དབང་རྫོང་དཔོན་ལས་ཁུངས་དང་། ཨ་རུ་ཎ་ཅལ་ཆོས་རིག་ལས་ཁུངས། རླུང་ལ་རྫོང་གི་སྤྱི་འཐུས་བཅས་ཀྱི་གོ་སྒྲིག་འོག ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ལོ་རྒྱུས་ཀྱི་ཞབས་རྗེས་ཞེས་པའི་བརྗོད་གཞིའི་ཐོག ཕྱི་ལོ་༡༩༥༩ ཟླ་ ༣ ཚེས་ ༣༡  ཉིན་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐས་འཛེགས་མཎིར་ཐོག་མར་ཞབས་ཀྱིས་བཅགས་པའི་ལོ་རྒྱུས་རྗེས་དྲན་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་སྦྲགས། ཉིན་གྲངས་དྲུག་རིང་ལོ་རྒྱུས་རང་བཞིན་ལྡན་པའི་ས་གནས་ཁག་ཏུ་རྗེས་དྲན་གོམ་བགྲོད་གནང་བཞིན་ཡོད་འདུག་ལ། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཨ་རུ་ཎ་ཅལ་མངའ་སྡེའི་ཆོས་རིག་ལས་ཁུངས་ཀྱི་དབུ་འཛིན་འཇམ་དཔལ་དབང་འདུས་ལགས་དང་། རླུང་ལའི་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས། འབུམ་སྡེ་ལའི་ས་གནས་མགོ་འཛིན་བསྟན་འཛིན་དར་རྒྱས་ལགས་བཅས་ཀྱི་གཙོས། ཁུལ་དེའི་ཡུལ་མི་དང་བོད་མི་ ༢༠༠ ལྷག་ཅིག་འཛོམས་ཡོད་འདུག

གནས་ཚུལ་དེའི་ཐད་རྟ་དབང་བློ་གསར་མིག་འབྱེད་སློབ་གྲྭའི་བོད་ཡིག་དགེ་རྒན་བསྟན་དར་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ལོ་༡༩༥༩ ལོའི་ཟླ་ ༣ ཚེས་ ༣༡ ཉིན་གྱི་ཉིན་གུང་ཆུ་ཚོད་གཉིས་པ་ཡས་མས་ཤིག་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འཕགས་བོད་མཐའ་མཚམས་ཀྱི་ཉེ་ཁུལ་སྐས་འཛེགས་མཎིར་ཐོག་མར་ཕེབས་ཡོད་སྟབས། ད་ལན་༧མགོན་པོ་གང་ཉིད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཚོད་རྗེས་དྲན་སླད་མཛད་སྒོ་དང་། ཉིན་གྲངས་དྲུག་རིང་༧གོང་ས་མཆོག་ནས་ཞབས་ཀྱིས་བཅགས་ཏེ་ཞག་བཞུགས་མཛད་སའི་ས་གནས་ཁག་ཏུ་རིམ་གྱིས་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་གྱིན་ཡོད། ཐོག་མར་སྐས་འཛེགས་མཎི་ནས་མགོ་བཙུགས་ཏེ་ཆུ་དྭངས་མ་དང་། གོར་ཟབ་མཆོད་རྟེན་ལ་སོགས་ལ་༧གོང་ས་མཆོག་ཞག་རེར་བཞུགས་ཞག་མཛད་པ་བཞིན། མི་མང་གིས་མཚན་རེར་ངལ་གསོས་ནས་རིམ་པས། ཤག་ཏི་དང་། རླུང་ལ། མཐོང་ལེགས་བཅས་སུའང་མཚན་རེར་ངལ་གསོས་ནས་རྟ་དབང་དུ་འགྲོ་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་ ༥ ཉིན་མོན་རྟ་དབང་རྒྱལ་བའི་ཕོ་བྲང་དུ་མཇུག་སྡོམ་གྱི་མཛད་སྒོ་འཚོག་རྒྱུ་ཡིན་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། ད་ལན་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་དོན་གཙོ་བོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་དེར་ཞབས་ཀྱིས་བཅགས་པའི་ལོ་རྒྱུས་ཀྱི་ཉིན་མོ་རྗེས་སུ་དྲན་སླད། ཕྱོགས་ཡོངས་ནས་བོད་དོན་དང་། ལོ་རྒྱུས་རང་བཞིན་ལྡན་པའི་ས་གནས་དེ་མོན་རྟ་དབང་ལ་མཚོན་ན་དཔེ་མི་སྲིད་པའི་བྱིན་རླབས་ཅན་གྱི་གནས་མཆོག་ཅིག་ཏུ་ངོས་འཛིན་བྱེད་ཆེད་ཡིན། ཞེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྗེས་དྲན་དང་ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཚིགས་དག་ཏུ་གོམ་་བགྲོད་ཀྱི་ལས་འགུལ་ཁྲོད་མཉམ་ཞུགས་གནང་མཁན་མི་གྲངས་ཉེར་ལྔ་ལྷག་ཡོད་སྐོར་སོགས་བརྗོད་བྱུང་།

ཕྱི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་བྱང་ཤར་མོན་རྟ་དབང་གི་འཕགས་བོད་མཐའ་མཚམས་ཀྱི་སྐས་འཛེགས་མཎི་ནས་མགོ་བཙུགས་ཏེ་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པའི་ས་གནས་ཁག་ཏུ་རྗེས་དྲན་གོམ་བགྲོད་གནང་བཞིན་པ། འབྲེལ་ཡོད་ཀྱི་པར།

ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུས་བོད་མི་རྣམས་བོད་ནས་རྒྱ་གར་བཙན་བྱོལ་དུ་བཙན་བྱོལ་དུ་ཕེབས་སྐབས། ཧིན་བོད་གཉིས་ཀྱི་ས་མཚམས་སྐས་འཛེགས་མ་ཎིར་ཞབས་སོར་འཁོད་དེ། དང་ཐོག་ (Lhasa Dwar) ཞེས་པའི་རྒྱལ་སྒོའི་ཉེ་འཁྲིས་སུ་སྐུ་ངལ་གསོ་གནང་མཛད་སྐབས། ༧གོང་ས་མཆོག་གིས་བསྣམས་པའི་ཕྱག་མཁར་དེ་ས་གནས་དེར་འདེབས་འཛུགས་གནང་སྟེ། ད་ཆ་དེ་ལ་ཡོངས་གྲགས་སུ་བྱིན་གྱིས་རླབས་པའི་ལྗོན་ཤིང་ (holy tree) ཞེས་འབོད་ཀྱིན་ཡོད་ཅིང་། བཞུགས་ཞག་དང་པོ་ཆུ་དྭངས་མོ་དང་། གོར་ཟམ་མཆོད་རྟེན་དུ་བཞུགས་ཞག་གཉིས་པ་མཛད། དེ་ནས་ཤག་ཏི་དང་། རླུང་ལ། མཐོང་ལེགས། རྟ་དབང་དགོན་པ། ལྗང་། སེང་གེ་རྫོང་། སྡེ་རང་། ར་ཧུང་། འབུམ་སྡེ་ལ་བཅས་སུ་ཞག་པོ་རེ་རེ་བཞུགས་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese