མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་འགྲོ་འོང་གི་ཁྲིམས་ཆད་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་རི་དང་རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་བོད་དུ་བསྐྱོད་པར་བཀག་འགོག་བྱས་ཏེ་འདྲ་མཉམ་མིན་པའི་ཁྲིམས་ལག་བསྟར་བྱེད་ཀྱིན་ཡོད་སྟབས། ཨ་རིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གི་འགྲོ་འོང་ལ་བཀག་སྡོམ་ཁྲིམས་ཆད་བཅད་ཡོད་འདུག

ཨ་རིས་རྒྱ་ནག་གི་དཔོན་རིགས་ཁག་ལ་འགྲོ་འོང་གི་ཁྲིམས་ཆད་གཅོད་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་ ༣༡ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཁོ་རོ་བྷོའུ་ལགས་ཀྱིས། ཕྱི་ལོ་ ༢༠༡༨ ལོའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཨ་རིའི་སྲིད་ཇུས་དང་འབྲེལ་ནས། རྒྱ་ནག་དམར་ཤོག་ཚོགས་པས་ད་དུང་ཡང་ཨ་རི་གཞུང་འབྲེལ་གནད་མི་སྣ་ཁག་གཙོས་པའི་གསར་འགོད་པ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་མི་སྣ་རྣམསབོད་ནང་དུ་བསྐྱོད་པར་བཀག་སྡོམ་བྱེད་མུས་ཡིན་སྟབས། ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པའི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གི་འགྲོ་འོང་ལ་བཀག་སྡོམ་ཁྲིམས་ཆད་བཅད་ཡོད་སྐོར་བརྗོད་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་མར་ཁོ་རོ་བྷོའུ་ལགས་ཀྱིས། རྒྱ་ནག་གི་དཔོན་རིགས་ཚོ་དང་གསར་འགོད་པ་དག་གིས་ཡུན་རིང་ཨ་རིའི་ནང་འགྲོ་འོང་གི་སྟབས་བདེར་སྤྱོད་བཞིན་ཡོད། འོན་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་བོད་རང་སྐྱོང་ལྗོངས་ཟེར་བ་དང་རྒྱ་ནག་གི་བོད་ཀྱི་ས་ཁུལ་གཞན་གྱི་ནང་དུ་འགྲོ་འོང་བྱེད་པར་བཀག་སྡོམ་བྱས་ཡོད། ཨ་རིའི་གཞུང་འབྲེལ་མི་སྣ་དག་གིས་ཨ་རིའི་མི་སེར་རྣམས་བོད་ནང་དུ་བསྐྱོད་པའི་གོ་སྐབས་བསྐྲུན་ཐུབ་མེད། འགྲོ་འོང་འདྲ་མཉམ་མིན་པའི་གནས་སྟངས་འདི་ནི་ངོས་ལེན་བྱ་ཐབས་བྲལ་བས། ངས་དམ་དྲག་ཆེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་རྒྱ་ནག་གི་བོད་ཀྱི་ས་ཁུལ་གཞན་དུ་ཨ་རིའི་གནད་ཡོད་མི་སྣ་དང་འབྲེལ་ཡོད་ཁག་འཕྲལ་མ་མྱུར་དུ་འགྲོ་འོང་བྱེད་དུ་འཇུག་པར་རྒྱ་ནག་དམར་ཤོག་ཚོགས་པར་ནན་སྐུལ་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ཐེངས་འདིའི་ཕྱི་སྲིད་བློན་ཆེན་མཆོག་གི་བསྒྲགས་གཏམ་ནང་། བོད་རང་སྐྱོང་ལྗོངས་དང་རྒྱ་ནག་གི་བོད་ཀྱི་ས་ཁུལ་གཞན་ཞེས་བཀོད་འདུག་ལ། ཨ་རིས་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་ཆད་བཀལ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་དག་གི་མིང་ཐེར་འདོན་བྱས་མེད་ཀྱང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་། རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་སོགས་ལ་ཐེ་གཏོགས་མི་བྱེད་པར་གུས་བརྩི་བྱེད་དགོས་པ་སོགས་ནན་བརྗོད་བྱས་དང་བྱེད་མུས་ཡིན་སྐོར་གསལ་འདུག

ཨ་རིའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་དེ་ཕྱི་ལོ་ ༢༠༡༨ ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་སྔ་གཞུག་ཏུ་རྒྱབ་སྐྱོར་ཐོབ་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་མཚན་རྟགས་བསྐྱོན་ཏེ་ཨ་རིའི་ཁྲིམས་སུ་གཏན་འབེབས་གནང་ཡོད་པ་དང་། ཁྲིམས་དེའི་དམིགས་ཡུལ་ནི་རྒྱ་ནག་གཞུང་གིས་བོད་ནང་ཨ་རིའི་མི་སེར་གཙོས་ཕྱིའི་རྒྱལ་ཁབ་ཁག་གི་མགོ་འཁྲིད་དང་ཆེད་མཁས་པ། གསར་འགོད་པ་སོགས་འདྲ་མཉམ་དང་རང་དབང་གིས་གཏོང་གི་མེད་པའི་གནས་སྟངས་ལ་ཡ་ལན་སྤྲོད་ཐབས་ཤིག་ཡིན་ཞིང་། དམིགས་བསལ་རྒྱ་ནག་དམར་ཤོག་ཚོགས་པའི་འབྲེལ་ཡོད་དཔོན་རིགས་ཚོའི་འགྲོ་འོང་བཀག་སྡོམ་བྱས་ཏེ་ཡ་ལན་སྤྲོད་ཀྱིན་ཡོད་པ་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༦ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese