མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་ཟིན་སྐོར་གྱི་བརྡ་ཡིག་ཅིག་སྤྲད་ཡོད་པ་ལས་སྐུ་ཕུང་རྩིས་སྤྲད་མི་འདུག

མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་མཆོག འབྲེལ་ཡོད་ནས་པར་འདི་གར་མཁོ་སྤྲོད་གནང་།

ཕྱི་ལོ་ ༢༠༢༤ ལོར་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་མེད་ཀྱི་གནས་ཚུལ་ཐོན་ཡོད་ཀྱང་།  ལོ་དེའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་སྤྲུལ་སྐུ་ཁོང་བོར་བརླག་ཏུ་ཕྱིན་ཡོད་སྐོར་བསྒྲགས་ཡོད་པ་རེད། ཕྱིས་སུ་སྤྲུལ་སྐུ་ཁོང་ཕྱིའི་རྒྱལ་ཁབ་ཅིག་ནང་བཙན་བྱོལ་དུ་ཕེབས་ཐུབ་ཡོད་སྐོར་དང་།  ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་སྐོར་སོགས་ཀྱི་གནས་ཚུལ་འདྲ་མིན་ཐོན་ཡོད་ཀྱང་། དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པས། དེ་རིང་ཞོགས་པར་རྒྱ་ནག་དམར་གཞུང་གིས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་མཁན་པོ་སོགས་གནད་ཡོད་མི་སྣ་བདུན་བརྒྱད་ཅིག་ལ་སྤྲུལ་སྐུ་ཁོང་སྐུ་གྲོངས་ཟིན་སྐོར་བརྗོད་པ་ཙམ་ལས་ས་གནས་གང་དུ་ག་འདྲ་སྐུ་གྲོངས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག་ཀྱང་། ཕྱིས་སུ་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཝེ་ཐི་ནམ་གྱི་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital )ནང་སྐུ་གྲོངས་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་ནག་དམར་གཞུང་གིས་སྤྲུལ་སྐུར་ནག་ཉེས་ག་རེ་བཙུགས་ཡོད་མེད་ཐད་འདི་གའི་གནས་ཚུལ་མཁོ་སྤྲོད་པས། འདས་ལོར་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་མགོ་ལོག་ཁུལ་དུ་བསླེབས་སྐབས་རྒྱ་གཞུང་གི་རེ་འདོད་ལྟར་སྣེ་ལེན་ཟབ་རྒྱས་ཞུས་མེད་སྐོར་དང་། གོང་རིམ་གྱི་བཀའ་ལ་མི་ཉན་པར་དགོན་པ་དང་སློབ་གྲྭ་མང་པོ་སྒེར་གྱིས་བཙུགས་པ། ཉམ་ཆུང་དབུལ་ཕོངས་ཀྱི་ཐོབ་ཐང་རྩོད་ལེན་གནང་ནས་རྙོག་ཟིང་བསླངས་ཡོད་སྐོར་གྱི་ཉེས་མིང་གཡོགས་ཏེ་སྐུ་བཀྲོངས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

བོད་ཕྱི་ནང་གཉིས་སུ་སྤྲུལ་སྐུ་ཁོང་གི་དད་ལྡན་པ་ཧ་ཅང་མང་པོ་ཡོད་འདུག་ལ། དེ་རིང་ཡིད་སྐྱོའི་གནས་ཚུལ་ཐོན་འཕྲལ་ཁོང་གི་སློབ་བུ་ཞིག་གིས་སྐད་འཕྲིན་དྲ་སྟེགས་སྟེང་། གློ་བུར་དབྱིངས་སུ་གཤེགས་པའི་རྣམ་ཐར་ནི། ། སྙིང་ལ་ལྕགས་ཀྱུས་བཏབ་པའི་དཔེར་མ་འོས། ། དགོངས་ཤིག་དགོངས་ཤིག་ཡབ་ཆེན་བཀའ་དྲིན་ཅན།  ཞེས་དང་། ཡང་སྐྱོ་སྡུག་སེམས་ལ་མྱོང་བའི་དྭ་བུ་དག། དབུགས་ཀྱི་རྒྱུ་བ་ལྟོ་བར་མི་ཤོང་ནས།། ཤུགས་རིང་ཤོར་བའང་ཁྱེད་ལ་གདུང་བའི་མཐུ།། ཞེས་སོགས་བརྗོད་དེ་ཁོང་གི་སྐུ་པར་རྣམས་དྲ་ལམ་དུ་བཀྲམས་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་བོད་ནང་སྙན་གྲགས་ཡོད་པའི་ལུང་སྔོན་དགོན་ཕྱག་འདེབས་མཁན་སྤྲུལ་སྐུ་པདྨ་གཏུམ་པོ་མཆོག་གི་སྲས་ཡིན་ཞིང་། ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་གསར་འཛུགས་གནང་སྟེ་གེ་སར་རིག་གནས་རྒྱུན་འཛིན་ཐད་ཕྱག་ལས་མང་པོ་གནང་།  ཕྱི་ལོ་ ༢༠༠༧ ལོ་ནས་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུྃ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་གསར་འཛུགས་གནང་བ་སོགས་བོད་ཁུལ་གྱི་རོང་འབྲོག་གི་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་སླད་སློབ་གྲྭ་ཆུང་འབྲིང་ ༡༤ ཙམ་སྔ་གཞུག་ཏུ་ཆེད་འཛུགས་གནང་ཡོད་པ་དང་། དེ་བཞིན་དགོན་པ་དང་བཤད་གྲྭ་མང་པོ་ཕྱག་བཏབ་སྟེ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་ཆབ་སྲིད་ཀྱི་སྙོན་འཛུགས་སྣ་ཚོགས་བྱས་ཡོད་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༦༩ ལོར་བོད་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་སུ་ཡབ་བླ་མ་༧པདྨ་གཏུམ་དྲག་རྡོ་རྗེ་མཆོག་དང་། ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་ལགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ལུང་སྔོན་དགོན་པ་ནས་ཐུན་མིན་རིག་གནས་སྤྱི་དང་། ལྷག་པར་དུ་ནང་བསྟན་གཞུང་ཆེན་ལ་གསན་བསམ་རྒྱ་ཆེན་མཛད།  ཕྱིས་སུ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་ཕྱི་ལོ་ ༡༩༨༩ ནས་ ༡༩༩༤ བར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་མཛད། ཕྱི་ལོ་ ༡༩༩༥ ནས་ ༡༩༩༧ བར་ཨ་རིར་ཕེབས་ཏེ་སློབ་གཉེར་མཛད་རྗེས་ཕྱིར་བོད་དུ་ཕེབས། ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་དམར་གཞུང་གི་ཆོག་མཆན་ཐོབ་པ་ལྟར་མགོ་ལོག་དགའ་བདེ་རྫོང་ཁོངས་ཀྱི་ལུང་སྔོན་དགོན་པའི་གདན་རབས་བཅུ་པར་གསེར་ཁྲིར་མངའ་གསོལ་ཞུས། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་པེ་ཅིན་དུ་ཕེབས་ནས་ནང་བསྟན་ཆོས་ལུགས་ཐོག་དམིགས་བསལ་གསན་བསམ་མཛད་ཡོད་འདུག

 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. འཇམ་དབྱངས་བསོད་ནམས། says:
    ལོ་ 1 སྔོན།

    སྔོན་མ་ལས་གསར་འགྱུར་མང་ཙམ་སྤེལ་རོགས་།
    ཨ་རིའི་གསར་ཁང་གཉིས་སྒོ་བརྒྱབ་པར་བརྟེན་་གསར་འགྱུར་ལྟ་ཉན་བྱེད་ས་་མང་པོ་མི་འདུག ཁྱེད་ཚོའི་མང་རུ་གཏོང་ཐུབ་ན་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese