མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་དགོན་སྡེ་ཁག་ཏུ་བསླབ་གཞི་གསར་པ་ཞིག་གཏན་འབེབས་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་ཁག་ཏུ་བསླབ་གཞི་གསར་པ་ཞིག་གཏན་འབེབས་བྱས་ཏེ་རྒྱ་གར་རྒྱལ་ཡོངས་སུ་ངོས་འཛིན་ཡོང་ཐབས་བྱེད་བཞིན་འདུག

A man shows books that are part of the new school curriculum for Buddhist monasteries at the office of Indian Himalayan Council of Nalanda Buddhist Tradition (IHCNBT) in New Delhi, India, March 13, 2025. REUTERS/Anushree Fadnavis

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་རྒྱ་གར་གཞུང་གིས། ཧི་མ་ལ་ཡའི་དགོན་སྡེ་ཁག་ཏུ་བསླབ་གཞི་གསར་པ་ཞིག་གཏན་འབེབས་ཀྱིས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེ་ནི་རྒྱ་གར་གྱི་ཤེས་ཡོན་སློབ་གསོ་གཅིག་གྱུར་དང་དམིགས་བསལ་བོད་དང་ས་འབྲེལ་ཡིན་པའི་ཧི་མ་ལ་ཡའི་དགོན་སྡེ་ཁག་ཏུ་རྒྱ་གར་གྱི་འདུ་ཤེས་གོང་མཐོར་གཏོང་བར་དམིགས་པ་ཞིག་ཡིན་འདུག་ལ། ཟླ་འདིའི་ནང་དུ་བསླབ་གཞི་དེ་དག་དགོན་སྡེ་ཁག་ཏུ་འགྲེམ་སྤེལ་བྱེད་རྩིས་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་ཁག་ཏུ་དེང་རབས་ཀྱི་སློབ་ཚན་དབྱིན་ཡིག་སོགས་སློབ་ཁྲིད་བྱེད་ཀྱིན་ཡོད་ཀྱང་། སློབ་ཚན་དེ་དག་ལ་དགོན་སྡེ་ཁག་ཙམ་ལས་རྒྱ་གར་གྱི་སྤྱི་ཚོགས་གཞན་ནང་ངོས་འཛིན་བྱེད་ཀྱི་མེད་སྟབས། ད་ལན་རྒྱ་གར་གཞུང་གི་ངོས་ནས་དགོན་སྡེ་དེ་དག་གི་ནང་དུ་རྒྱལ་ཡོངས་རང་བཞིན་ཅན་གྱི་བསླབ་གཞི་ལག་བསྟར་བྱེད་རྩིས་ཡོད་འདུག་ལ། ད་སྔ་བར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་ ༢༠ ཡིས་རྒྱ་གར་གཞུང་གི་སློབ་གསོའི་སྲིད་ཇུས་དེར་མོས་མཐུན་བྱས་ཡོད་པ་སོགས་གསལ་འདུག

གནད་དོན་དེའི་ཐད་རྒྱ་གར་གྱི་བྷེ་ཇི་པུ་ཆབ་སྲིད་ཚོགས་པའི་ལས་མི་དང་རྒྱ་གར་གྱི་ནང་པའི་རིག་གཞུང་གོང་འཕེལ་ཚན་པའི་ཚོགས་མི་མཱ་ལིན་གྷོམ་བུ་ལགས་ཀྱིས། རྒྱ་ནག་གིས་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ང་ཚོའི་དགོན་སྡེ་ཁག་ལ་དབང་བསྒྱུར་བྱེད་མི་ཐུབ་པའི་ཆེད་དུ། ང་ཚོས་ནང་ཆོས་དང་ལྷན་དུ་ཤེས་ཡོན་བརྒྱུད་ནས་ཧི་མ་ལ་ཡའི་དགོན་སྡེ་ཁག་ཏུ་རྒྱ་གར་གྱི་ངོ་བོ་བསྐྲུན་པར་འབད་བརྩོན་བྱེད་ཀྱི་ཡོད། མཐའ་མཚམས་ཁུལ་གྱི་དགོན་སྡེ་ཁག་ཏུ་བྱིས་པ་སྟོང་ཕྲག་མང་པོ་ཡོད་པ་རྣམས་ལ་རྒྱ་གར་གཞུང་གིས་ངོས་འཛིན་བྱས་པའི་སློབ་སྦྱོང་དང་ལག་འཁྱེར་སྤྲོད་འོས་པ་རེད།  ཅེས་བརྗོད་འདུག

རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་རྒྱལ་ཡོངས་སློབ་གྲྭ་གསར་འཛུགས་ལྟེ་གནས་ཁང་གི་འགན་འཛིན་ཀོ་མཱར་སིཧི་ལགས་ཀྱིས། བོད་མི་ཚོར་རྒྱ་གར་ནང་བོད་པའི་ལོ་རྒྱུས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་པའི་རང་དབང་ཡོད། འོན་ཀྱང་། ཁོང་ཚོ་རྒྱ་གར་ནང་གནས་སྡོད་བྱེད་བཞིན་ཡོད་སྟབས། རྒྱ་གར་གྱི་སྐོར་དང་དགོན་པའི་ཕྱི་ལོགས་ནས་ལས་ཀ་རག་ཐུབ་པའི་སློབ་སྦྱོང་ཡག་པོ་ཞིག་བྱ་དགོས། ཞེས་བརྗོད་འདུག

ཡང་དགོན་སྡེ་ཁག་ཅིག་གི་ནང་བསླབ་གཞི་གསར་འཇུག་བྱ་རྒྱུར་མོས་མཐུན་མེད་པའི་རིགས་བྱུང་ཡོད་ཅིང་། དགེ་བཤེས་དོན་འགྲུབ་ཟེར་བ་ཞིག་གིས། ང་ཚོའི་དགོན་པའི་ནང་དུ་རྒྱ་གར་གྱི་སློབ་ཚན་གསར་འཇུག་བྱེད་དགོས་པ་མཐོང་མ་སོང་། རྒྱུ་མཚན་ནི། སློབ་ཚན་གསར་འཇུག་བྱས་པ་དེས་ཕྱི་ལོ་ ༡༩༧༠ ཙམ་ནས་གཏན་འབེབས་བྱས་པའི་དགོན་པའི་སློབ་གསོར་དོ་ཕོག་གཏོང་གི་ཡོད་ཅེས་བརྗོད་འདུག་ལ། དགེ་བཤེས་ལགས་ཁོང་དགོན་པ་གང་གི་ཁོངས་གཏོགས་ཡིན་མིན་སོགས་གསལ་ཁ་མི་འདུག ད་ལྟ་རྒྱ་གར་གཞུང་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་རེ་རེ་བཞིན་འབྲེལ་བ་བྱས་ཏེ། བསླབ་གཞི་དེ་དག་དགོན་སྡེའི་སློབ་གསོའི་ཁོངས་སུ་བཅུག་དགོས་པ་དང་། དགོན་སྡེ་ཁག་ཏུ་དགེ་རྒན་དང་ལས་བྱེད། སློབ་དེབ་སོགས་ཀྱི་གྲ་སྒྲིག་བྱེད་མུས་ཡིན་འདུག

རོའུ་ཊར་གསར་ཁང་གི་གནས་ཚུལ་ལྟར་ན། བསླབ་གཞི་དེར་ལོ་ལྔའི་རིང་ལ་བརྟག་དཔྱད་ཀྱི་དམིགས་ཚད་བཟུང་ཞིང་རྒྱ་གར་བ་དང་བོད་པའི་སློབ་ཕྲུག་ཚོར་རྒྱ་གར་ནང་ཤེས་ཡོན་སློབ་གསོའི་ཐོག་ནས་འཚོ་བ་བསྐྱལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་འདུག རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་དང་ཧི་མ་ཅལ། ཨོ་ཊར་ཁན། ལ་དྭགས། ཇཱ་མུ་ཀ་ཤི་མུར་སོགས་ཀྱི་ནང་དུ་བོད་པ་དང་རྒྱ་གར་གྱི་ནང་པའི་དགོན་སྡེ་ ༦༠༠ ཙམ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༥ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༧ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese