མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པ་འཚོག་གིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་སྐབས་ ༡༦ པའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པ་དེ་ཉིན་གྲངས་གསུམ་རིང་དྷ་ས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་འཚོག་བཞིན་འདུག

དྷ་ས་དབུས་སྣེ་ལེན་ཁང་དུ་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པ་འཚོག་གིན་འདུག ༢༠༢༥།༤།༩ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཁ་སང་ཕྱི་ཚེས་ ༩ ནས་ ༡༡ བར་དྷ་ས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་དེེ་འཚོག་མུས་ཡིན་ཞིང་། ཚོགས་ཐོག་ཏུ་བོད་ནང་གི་གནས་སྟངས་དང་། རྒྱ་ནག་ནང་གི་ཆབ་སྲིད་འགྱུར་འགྲོས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ཀྱི་ཐད་ལ་གོ་བསྡུར་གནང་གི་ཡོད་འདུག

དེའི་ཐད་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་འདི་གའི་གསར་འགོད་པར། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ཚོགས་འདུ་དེ་བཀའ་ཤག་སྐབས་བཅུ་དྲུག་པའི་སྐབས་འཆར་ཅན་ལོ་རེར་གཉིས་ལ་འཚོགས་གནང་གི་ཡོད་རེད། ན་ནིང་གི་ཚོགས་འདུ་དེ་སུད་སིའི་རྒྱལ་ས་ཛུ་རིག་ཏུ་འཚོགས་པ་རེད། ཐབས་བྱུས་ཚོགས་འདུ་འཚོགས་དགོས་དོན་ནི་བོད་ནང་གི་གནས་སྟངས་དང་། རྒྱལ་སྤྱི་དང་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་ཐད་བཀའ་བསྡུར་གནང་རྒྱུ་དེ་གཙོ་བོ་གཅིག་རེད། དེ་བཞིན་ཉེ་ལམ་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་ཐད་ལའང་གོ་བསྡུར་གནང་གི་ཡོད། ཅེས་གསུངས་བྱུང་།

ད་ལན་གྱི་ལྷན་ཚོགས་ཐོག་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག  དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚེ་རྒྱམ་ལགས།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་དང་། ཚོགས་མི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས།   བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་འདུག

ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ཉིན་བཀའ་ཤག་སྐབས་ ༡༦ པས་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་གནང་བ་དང་སྦྲགས་ཚོགས་ཆུང་འདི་ཆེད་འཛུགས་གནང་སྟེ། ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་ནོར་གླིང་ཉེ་འཁྲིས་རྒྱ་གར་གྱི་ (Imperial Heights) གསོལ་མགྲོན་ཁང་དུ་འཚོགས་ཡོད་པ་དང་། ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༧  ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་བཞུགས་སྒར་དྷ་སར་ཡོད་པའི་ཨེ་ཤ་ཡའི་གསོལ་མགྲོན་ཁང་ (Asia Health Resort) དང་། ཚོགས་ཐེངས་གསུམ་པ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་དང་། ཚོགས་ཐེངས་བཞི་པ་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་བཅས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཚོགས་ཁང་དང་།  ཚོགས་ཐེངས་ལྔ་བ་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༨ ཉིན་ནས་ཉིན་གྲངས་གསུམ་རིང་སཱ་ར་མཐོ་སློབ། དེ་བཞིན་ཐེངས་དྲུག་པ་དེ་ཡུ་རོབ་རྒྱལ་ཁབ་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་འཚོགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༠ ཟླ་དང་པོའི་ནང་ནས་བཟུང་བོད་རྒྱ་གཉིས་ཀྱི་ཡོངས་ཁྱབ་འབྲེལ་མོལ་མཚམས་ཆད་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཡང་དང་བསྐྱར་དུ་འབྲེལ་མོལ་བསྐྱར་མཐུད་གནང་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུང་གི་ཡོད་པ་རེད། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས ༢༦ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝིན་པིན་( Wang Wenbin) ཟེར་བ་དེས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། བཙན་བྱོལ་བོད་མིའི་གཞུང་ནི་ཁ་བྲལ་བའི་ཚོགས་པ་ཞིག་ཡིན་ལུགས་དང་། དེ་ལ་འཛམ་གླིང་གི་རྒྱལ་ཁབ་སུས་ཀྱང་ངོས་ལེན་བྱེད་ཀྱི་མེད་ཚུལ་བརྗོད་དེ། འབྲེལ་མོལ་བསྐྱར་གསོ་ཡོང་བར་གཅིག ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་ལམ་དང་གྲོས་མོལ་བྱ་རྒྱུ་ཡིན་པ་ལས་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་འབྲེལ་མོལ་བྱ་རྒྱུ་མིན་ལུགས། གཉིས། འབྲེལ་མོལ་དེ་༸གོང་ས་རིན་པོ་ཆེ་མཆོག་དང་སྐུ་འཁོར་ཁག་གཅིག་གི་མ་འོངས་པའི་སྐུ་སྒེར་གྱི་གནད་དོན་ཡིན་པ་ལས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཟེར་བའི་སྐོར་མིན་ལུགས་སོགས་བཤད་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༧ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༩ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

མཆན། 1

  1. Tsepak Rigzin says:
    ཟླ་བ། 11 སྔོན།

    གཏན་འཇགས་ཟེར་ན་ག་རེ་ཟེར་གྱི་ཡོད་རེད། བོད་གཞུང་དང་རྒྱ་གཞུང་། ཆབ་སྲིད་དང་དཔལ་འབྱོར། ཆོས་དང་འཇིག་རྟེན། རོགས་དངུལ་དང་རང་ཁ་རང་གསོ། ཐབས་བྱུས་དང་སྲིད་བྱུས། སྲིད་སྐྱོང་དང་བཀའ་ཤག རྒྱ་འོག་སྡོད་དང་མི་སྡོད་ཆ་ཚང་དངོས་ཤུགས་བརྒྱུད་གསུམ་གང་ག་མི་རྟག་པ་མ་རེད་པས། རྒྱ་དང་མཉམ་དར་གྲོལ་མོལ་ཡང་གཏན་འཇགས་ཤིག་མིན་ཁོ་ཐག་རེད། དཀོན་མཆོག་གསུམ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese