མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྭ་རྒྱ་ཤེས་རིག་སློབ་གླིང་བསྐྱར་དུ་སྒོ་ཕྱེ་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྭ་རྒྱ་གངས་ལྗོངས་ཤེས་རིག་སློབ་གླིང་བསྐྱར་དུ་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་ཡོད་ཀྱང་། སློབ་གྲྭའི་ངོ་བོ་ལག་རྩལ་སློབ་གྲྭར་བསྒྱུར་ཡོད་པའི་གནས་ཚུལ་ཐོན།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བསྐྱར་དུ་སྒོ་ཕྱེ་རྒྱུ་ཡིན་འདུག

དེ་རིང་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་གླིང་ཐོག་མར་གསར་འཛུགས་གནང་མཁན་རྒན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ནས། རྭ་རྒྱ་སློབ་གྲྭའི་སློབ་མ་དང་ཁྱིམ་བདག་རྣམས་སློབ་གྲྭའི་ཉེ་འགྲམ་ཞིག་ཏུ་བསྐོངས་ཏེ། རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བསྐྱར་དུ་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་པ་ཡོངས་བསྒྲགས་བྱས་འདུག

དེ་འབྲེལ་བོད་ནང་གི་བོད་མི་ཞིག་གིས་བརྙན་ཞིག་བསྐུར་བའི་ནང་། རྒན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས། སློབ་གྲྭ་འདི་ཕྱིར་འཚོགས་ཆོག་པའི་ཡི་གེ་དང་ཆོག་མཆན་ཚང་མ་བཀོད་དེ་མྱུར་དུ་འཚོག་ཆོག་པ་བྱུང་ཡོད། དེར་བརྟེན། ང་ཚོའི་ངོས་ནས་ཀྱང་མང་ཚོགས་ཚང་མས་ཁ་པར་ཇི་ལྟར་བཀོལ་སྤྱོད་བྱེད་མིན་སློབ་ཁྲིད་བྱེད་ངེས་ཡིན།  ད་ལྟ་རང་སློབ་གྲྭ་འཚོགས་ཐུབ་ཀྱི་མི་འདུག་སྟེ། སློབ་གྲྭ་འཚོགས་པའི་སྐབས་སུ། དུས་རབས་འདིའི་རྗེས་ཟིན་ཐབས་སུ་ཚང་མས་ལག་རྩལ་གྱི་ཕྱོགས་འདིར་སྦྱོང་བ་མང་ཙམ་བྱ་རྒྱུ་ནི་ངའི་རེ་བ་ཡིན། བཀའ་དྲིན་ཆེ། ཞེས་གསུངས་འདུག

དེ་བཞིན། བོད་ནང་གི་བོད་མི་ཞིག་གིས། གངས་ལྗོངས་ཤེས་རིག་ནོར་གླིང་བསྐྱར་དུ་སྒོ་ཕྱེས་ཏེ། དེ་སྔའི་སློབ་གྲྭའི་བསླབ་གཞིའི་ཁ་ཕྱོགས་བསྒྱུར་ནས་ལག་རྩལ་སློབ་གྲྭ་གཅིག་པུའི་ངོ་བོར་བཅོས་ཡོད་ཅེས་སྐད་འཕྲིན་ནང་མཆན་འབྲི་མཁན་འདུག

འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་སྒེར་གཉེར་སློབ་གྲྭ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་བརྒྱབ་ཡོད། སློབ་གླིང་དེ་སྒོ་མ་བརྒྱབ་པའི་ཡར་སྔོན་དུ་དབུ་འཛིན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱི་དབུས་སློབ་དཔོན་དམ་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་།    སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར་ལགས། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་སོགས་དགེ་རྒན་དང་ལས་བཟོ་བ་བཅས་ ༥༨ དང་།  ཁྱོན་སློབ་མ་ ༡༤༠༠ མ་ཟིན་ཙམ་ཡོད་འདུག  སློབ་གྲྭའི་ནང་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་དང་།  དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ།  གློག་ཀླད་ཆེད་སྦྱོང་འཛིན་གྲྭ། བཟོ་རིག་ཆེད་སྦྱོང་འཛིན་གྲྭ།  གསོ་རིག་ཆེད་སྦྱོང་འཛིན་གྲྭ།  བརྙན་ལེན་ཆེད་སྦྱོང་འཛིན་གྲྭ། ལུས་རྩལ་ཆེད་སྦྱོང་འཛིན་གྲྭ་བཅས་ཆེད་སྦྱོང་འཛིན་གྲྭ་ ༧ དུ་ཕྱེས་ཡོད་འདུག ཕྱི་ལོ་ ༡༩༩༤ ནས་ཉུང་མཐར་སློབ་མ་ ༢༣༠༠ ལྷག་གི་བསླབ་པ་མཐར་སོན་ཞིང་། དེའི་ཁྲོད་ཉུང་མཐར་སློབ་ཆེན་སློབ་མ་ ༨༠༠ དང་།  ཉུང་མཐར་ཞིབ་འཇུག་སློབ་མ་ ༥༠ ལྷག ཆེད་ལས་སྨན་པ་ ༩༠ ཙམ། གཞུང་ཞབས་པ་ ༡༡༠ ལྷག སློབ་ཆེན་གྱི་དགེ་རྒན་ཚུད་པའི་དགེ་རྒན་གྲངས་ ༢༥༠ ཙམ། སློབ་གཙོ་ ༡༣ ལྷག དགོན་པའི་ལས་གཉེར་བ་ ༡༡༠ ལྷག ཁེ་ལས་གཉེར་མཁན་ ༢༦༠ ལྷག་གསོ་སྐྱོང་གནང་ཡོད་འདུག

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ཕྱི་ལོ་ ༡༩༩༤ ཟླ་༨ པར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་ཟེར་བས་ཆོག་མཆན་སྤྲད་དེ་དངོས་སུ་བཙུགས་ཤིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་དེ་ཡིན་འདུག ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༤ ཚེས་ ༡༤ ཉིན་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་ཆེད་ལས་མཐོ་འབྲིང་དུ་བསྒྱུར། ཕྱི་ལོ་ ༢༠༠༢ ལོར་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་པའི་མིང་ཡང་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ཞེས་པར་བཅོས། ༢༠༠༣ ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ཟེར་བས་དམངས་ཁྲོད་དོ་དམ་རྩ་འཛུགས་ཀྱི་དམངས་ཕན་ལས་ཁུངས་སུ་བདམས། ༢༠༠༦ ལོའི་ཟླ་༣ ཚེས་ ༧ ཉིན་ཀྲུང་ཧྭ་ཆེད་ལས་སློབ་གསོ་སྡེ་ཁག་གིས་ཀྲུང་ཧྭ་ཆེད་ལས་སློབ་གསོའི་མཚོ་སྔོན་ཚོད་ལྟའི་སློབ་གྲྭ་རུ་བསྒྱུར། སློབ་གླིང་དེ་ནི་བོད་ཡུལ་ན་ཆེས་མིང་དུ་གྲགས་པའི་བོད་ཡིག་ཆེད་སྦྱོང་གི་སློབ་གྲྭ་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese