མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་གསའ་ལ་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསའ་ལ་གྲངས་ཉུང་མི་རིགས་ཀྱི་བརྗོད་གཞི་ཐོག་ཕུལ་བྱུང་གློག་བརྙན་གྱི་གཟེངས་རྟགས་ཐོབ་འདུག

བོད་ཀྱི་གློག་བརྙན་གསའ་ལ་ཧྭ་པའོ་ཕུལ་བྱུང་གློག་བརྙན་བྱ་དགའ་ཐོབ་པའི་ཡུལ་དངོས། ༢༠༢༥།༠༤།༢༧ དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་དགོང་མོ་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཆིན་ཏོ་གྲོང་ཁྱེར་དུ། སྐབས་ ༢༠ པའི་རྒྱ་ནག་ཧྭ་པའོ་གློག་བརྙན་གྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། ཐེངས་འདིའི་གློག་བརྙན་གཟེངས་རྟགས་མཛད་སྒོ་ཐོག་རྒྱ་ནག་རྒྱལ་ཡོངས་ཀྱི་གློག་བརྙན་བརྩམས་ཆོས་མི་འདྲ་བ་ ༡༠ ལ་ཕུལ་བྱུང་གཟེངས་རྟགས་རེ་སྤྲད་ཡོད་པའི་ཁྲོད། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསའ་ལ་གྲངས་ཉུང་མི་རིགས་ཀྱི་བརྗོད་གཞི་ཐོག་ཕུལ་བྱུང་གློག་བརྙན་གྱི་གཟེངས་རྟགས་ཕུལ་ཡོད་འདུག སྐབས་དེའི་གློག་བརྙན་གཟེངས་རྟགས་མཛད་སྒོའི་ཐོག་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་བུ་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ཀྱིས་ཕའི་ཚབ་ཏུ་གཟེངས་རྟགས་བླངས་ཡོད་པ་དང་། གློག་བརྙན་གསའི་ནང་གི་འཁྲབ་སྟོན་པ་བློ་བཟང་ཆོས་འཕེལ་དང་། དབང་སྒྲོན་མཚོ། སྒྲ་ལེན་པ་གདུགས་ཚེ་རིང་བཅས་ཡུལ་དངོས་སུ་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ཀྱིས། ང་ནི་གློག་བརྙན་གསའི་རྩོམ་སྒྲིག་པ་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བུ་ཡིན། ངས་ཨ་ཕའི་ཚབ་བྱས་ཏེ་གློག་བརྙན་དཔྱད་བདམས་ཚོགས་ཆུང་དང་ཧྭ་པའོ་གློག་བརྙན་གཟེངས་རྟགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་གློག་བརྙན་གསའ་བཀྲམས་སྤེལ་བྱེད་མཁན་དང་ལྷག་བསམ་རྣམ་དག་གི་རོགས་རམ་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ། གློག་བརྙན་གསའ་ནི་ངའི་ཨ་ཕའི་བོད་སྐད་ཀྱི་གློག་བརྙན་ཐེངས་བརྒྱད་པ་དེ་ཡིན་ལ། ཧྭ་པའོ་གློག་བརྙན་གཟེངས་རྟགས་ཀྱི་མཚན་སྙན་ཐོབ་པ་ཐེངས་དང་པོ་ཡིན། ངས་ཁོང་ཡང་འདོད་བློ་ཁེངས་པའི་ཡིད་ཆེས་ཡོད། ང་ཚོ་ངའི་ཡབ་ཆེན་གྱི་གསར་གཏོད་ལམ་ཁར་བརྗེད་མི་སྲིད་པའི་ལོ་ཟླ་ཡོད་པས།
ངས་བརྗོད་འདོད་པ་ནི་ང་ཚོས་ངའི་ཨ་ཕའི་གསར་གཏོད་ཀྱི་སྙིང་སྟོབས་དང་ལམ་སྟོན་ཐོག་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ཆེས་བཟང་པོའི་གློག་བརྙན་ཕབ་སྐྲུན་བྱ་རྒྱུ་ཡིན། ཅེས་བརྗོད་འདུག

བོད་ཀྱི་གློག་བརྙན་གསའ་ནི་འཁྲབ་ཁྲིད་པ་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་བོད་སྐད་གློག་བརྙན་བརྒྱད་པ་དེ་ཆགས་ཡོད་ཅིང་། ཁོང་གིས་བརྩམས་ཆོས་དེ་ཕྱི་ལོ་ ༢༠༢༠ ལོའི་རིམས་ནད་ཀྱི་སྐབས་སུ་འབྲི་མགོ་བཙུགས་ཤིང་། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༠ པ་ནས་བཟུང་ཕབ་སྐྲུན་བྱེད་མགོ་ཚུགས་པ་ཞིག་ཡིན་འདུག་ལ། གློག་བརྙན་འདིའི་ནང་དུ་མི་དང་སྲོག་ཆགས་གཉིས་ཇི་ལྟར་མཉམ་དུ་འཚོ་སྡོད་བྱེད་པའི་སྐོར་གྱི་གཏམ་རྒྱུད་བཤད་ཡོད་པ་དང་། གློག་བརྙན་གྱི་ཕབ་སྐྲུན་བྱ་ཡུལ་ནི་རི་དྭགས་གསའ་རྒྱུན་དུ་འཚོ་སྡོད་བྱ་སའི་ཡུལ་དངོས་ཏེ། མགོ་ལོག་རྨ་སྟོད་ཀྱི་སྟོང་རི་མཚོ་རྒན་ཉེ་འདབས་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་འདུག

གློག་བརྙན་འདིའི་ནང་དུ་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པ་དང་ཚེ་བརྟན་བཀྲ་ཤིས། ཞོང་ཙི་ཆིས་བཅས་ཀྱིས་གཙོ་འཁྲབ་གནང་ཡོད་པ་དང་། གཞན་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་བློ་བཟང་ཆོས་འཕེལ་དང་། དབང་སྒྲོན་མཚོ། དགེ་འདུན་ཕུན་ཚོགས། ཀུན་བདེ། འཇིགས་བྷ། དཀའ་ཐུབ་ཚེ་རིང་། བདེ་ཆེན་གཡང་འཛོམས། འཇུ་ཁྱུང་ཆེན། ཏང་ཧའོ་ཡོས་སོགས་ཀྱིས་འཁྲབ་སྟོན་ནང་དུ་མཉམ་ཞུགས་གནང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ནས་ཕྱི་ཟླ་ ༦ ཚེས་ ༥ བར་ཐའེ་པེ་རྩོམ་རིག་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་ཁག་ཅིག་བསྟན་འཆར་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་ཨེ་ཤ་ཡའི་གློག་བརྙན་གཟེངས་རྟགས་ཆེན་མོའི་ཐོག་བོད་ཀྱི་གློག་བརྙན་བརྩམས་ཆོས་གསའ་ལ་གློག་བརྙན་འཁྲབ་གཞུང་རྩེ་གྲས་དང་བརྙན་ལེན་རྩེ་གྲས་ཀྱི་བྱ་དགའ་ཐོབ་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ནང་ཧྥ་རན་སི་ཝེ་སོལ་ཨེ་ཤེ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ (Vesoul International Film Festival of Asian Cinema) ཐེངས་ ༣༠ པའི་སྟེང་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ནང་རྒྱ་ནག་གི་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་བསྡུས་པའི་སྟེང་གློག་བརྙན་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་གསེར་གྱི་བྱ་དགའ་ཐོབ། ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཕྱི་ལོ་ ༢༠༢༣ ལོའི་ཊོག་ཡོའི་གློག་བརྙན་དུས་སྟོན་ཐེངས་ ༣༦ པའི་ (The 36th Tokyo International Film Festival) སྟེང་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ། དེ་བཞིན་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཨེ་ཊ་ལི་རྒྱལ་ཁབ་ཀྱི་ལི་ཌོ་(Lido) གླིང་ཕྲན་དུ། རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་མཐུན་ཚོགས་ (International Federation of Film Producers Association) ཀྱིས་གོ་སྒྲིག་བྱས་པའི་སྐབས་ ༨༠ པའི་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ (80th Venice International Film Festival) སྟེང་གཟིགས་འབུལ་ཞུས་ཡོད་འདུག

SOURCE: MANI STONE PICTURES / REDIANCE ‘SNOW LEOPARD’

འདས་པོ་སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་མདོ་སྨད་ཁྲི་ཀ་ནས་སྐྱེས་ཤིང་། གློག་བརྙན་འཁྲབ་ཁྲིད་པ་དང་། རྩོམ་པ་པོ། ལོ་ཙཱ་བ་བཅས་ཡིན་ལ། ཕྱི་ལོ་ ༢༠༠༢ ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ལ་ཆེད་སྦྱོང་གནང་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་གནང་། ད་བར་ཁོང་གིས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་། འཚོལ། ཁྱི་རྒན། གཡང་མདའ། ཐར་ལོ་སོགས་གློག་བརྙན་རིགས་ ༡༤ ལྷག་འཁྲབ་འཁྲིད་གནང་སྟེ་བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་གཟེངས་རྟགས་ཁག་ཅིག་ཀྱང་ཐོབ་སྟེ། བོད་པ་རང་གིས་བཟོས་པའི་གློག་བརྙན་གྱིས་རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་གློག་བརྙན་ཁྲོམ་རའི་ནང་གོམ་པ་དང་པོ་སྤོས་ཡོད་པ་རེད། དེ་བཞིན་ཁོང་གི་གློག་བརྙན་ཐར་ལོ་དང་ཁྱི་རྒན། ལག་དམར། དབུགས་ལྒང་བཅས་ལ་རྒྱལ་སྤྱིའི་ཝཱ་ནེ་སི་ (Venice) དང་། ཨ་རིའི་བྷིར་ཀི་ལིན་ (Brooklyn)། ཐའེ་ཝན་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་གཟེངས་རྟགས་བྱ་དགའ་ཐོབ་སྟེ། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པའི་ཚབ་མཚོན་མི་སྣ་ལྟ་བུར་གྱུར་ཡོད་ལ། ཁོང་གི་གློག་བརྙན་གྲགས་ཅན་ཐར་ལོ་ལ་རྒྱ་ནག་དང་རྒྱལ་སྤྱིའི་གཟེངས་རྟགས་མི་འདྲ་བ་ ༡༢ ཐོབ་ཡོད་འདུག ཡིད་སྐྱོ་བ་ཞིག་ལ་པདྨ་ཚེ་བརྟན་ལགས་ཕྱི་ཟླ་ ༢༠༢༣ ཟླ་ ༥ ཚེས་ ༨ ཉིན་གྱི་དགོང་མོར་བོད་ཀྱི་རྒྱལ་ས་ལྷ་སར་གློ་བུར་དུ་སྐུ་གྲོངས་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese