མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་བཙན་འཁྲིད་བྱས་ཏེ་མི་ལོ་ ༣༠ འཁོར།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ནང་མི་སྐུ་འཁོར་བཅས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ ཧྲིལ་པོ་འཁོར་བ་དང་ཟླ་འདིའི་ཕྱི་ཚེས་ ༢༥ ནས་ཟླ་བ་གཅིག་རིང་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་གོ་རྟོགས་ལས་འགུལ་དང་གློག་བརྙན་གཟིགས་འབུལ་སོགས་ཀྱི་ལས་རིམ་གོ་སྒྲིག་གནང་འདུག

On April 25, 2025, Tashi Lhunpo Monastery celebrates the 36th birthday of His Holiness the 11th Panchen Lama.

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་རུ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་སྲུང་གཙི་ཞུས་ཡོད་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་ལ་དྭགས་ནང་པའི་ཆོས་ཚོགས་ཀྱི་དབུ་འཛིན་ཚེ་རིང་རྡོ་རྗེ་ལྷག་རུང་ལགས་དང་། དམིགས་བསལ་སྐུ་མགྲོན་སེ་ར་བྱེས་སྨད་གཉིས་ཀྱི་༧སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་གཉིས། དེ་བཞིན་མཁན་ཟུར་རིན་པོ་ཆེ་དབུས་པའི་བཀྲ་ཤིས་ལྷུན་པོའི་ལས་སྣེ་དབུ་ཆོས་དང་། སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་མགོ་འཛིན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ལྷན་འཛོམས་གནང་ཡོད་འདུག

སྐབས་དེར་གདན་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས། གདན་ས་བཀྲ་ཤིས་ལྷུན་པོ་དང་༧པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ཁང་ཐུན་མོང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་མོར་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་ཀྱི་ཆོས་ལུགས་ཀྱི་ལམ་སྲོལ་ནང་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་ནི་བོད་མིའི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་ཡིན་ལ། ཆོས་དད་རང་དབང་གི་གནད་དོན་ཞིག་ཀྱང་རེད། རྒྱ་ནག་དམར་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་སོགས་ལ་གང་བྱུང་ཐེ་ཇུས་བྱས་དང་བྱེད་བཞིན་ཡོད་པ་དང་། བོད་མིའི་ཆོས་ལུགས་ཀྱི་ལམ་སྲོལ་དང་དད་སེམས་ལ་འཁྱོག་བརྗོད་དང་འབྲེལ་བཙན་དབང་གི་བྱ་སྤྱོད་སྤེལ་བ་ནི་ཁྲིམས་འགལ་ཡིན་པ་མ་ཟད། མི་ལོ་སུམ་ཅུའི་རིང་རྒྱ་ནག་གཞུང་གིས་མི་སྒེར་གྱི་འཚོ་གནས་དང་རང་དབང་། ཐོབ་ཐང་། ཆོས་དད་རང་མོས་སོགས་བཙན་འཕྲོག་བྱེད་བཞིན་ཡོད་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱ་ནག་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ། བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ལམ་སྲོལ་ཐེ་ཇུས་མི་བྱེད་པར་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་དང་ལེན་གནང་དགོས་པའི་དགོས་འདུན་བཏོན་འདུག

On April 25, 2025, Tashi Lhunpo Monastery celebrates the 36th birthday of His Holiness the 11th Panchen Lama.

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་ཞུ་གཏུག་ཚན་པའི་གོ་སྒྲིག་འོག ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན། བོད་ཀྱི་འགྲེམས་སྟོན་ཁང་གི་ཚོགས་ཁང་དུ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྗེས་དང་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དང་འབྲེལ་ནས་གཏམ་བཤད་གནང་འདུག

དེ་རིང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་སུ་༧པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་ནས་ཟླ་བ་གཅིག་རིང་ལས་གཞི་ག་རེ་སྤེལ་གྱི་ཡོད་མེད་དྲིས་པར་ཁོང་མོས། ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་བོད་ཀྱི་འགྲེམས་སྟོན་ཁང་དང་དྷ་སའི་ཉེ་འཁོར་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཏུ་ལས་གཞི་སྤེལ་དང་སྤེལ་མུས་ཡིན་ལ། དེ་མིན་དོན་གཅོད་ཁང་ཁག་བརྒྱུད་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལས་གཞི་འགྲོ་བཞིན་པ་རེད། བོད་ཀྱི་འགྲེམས་སྟོན་ཁང་དུ་བདུན་ཕྲག་རེའི་གཟའ་པ་སངས་འཆར་ཅན་༧པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་ནས་གཏམ་བཤད་གནང་རྒྱུ་དང་། གཟའ་ལྷག་པ་འཆར་ཅན་རིན་པོ་ཆེ་མཆོག་གི་གློག་བརྙན་གཟིགས་འབུལ་ཞུ་རྒྱུ། དམིགས་བསལ་གྱིས་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་འཆར་ཡོད་པ་རེད། གཞན་ཡང་། གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་སྟེ་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་ངག་རྩལ་གཏམ་བཤད་གནང་འཆར་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

European Parliament Calls for the Release of the 11th Panchen Lama.

ལས་གཞིའི་དགོས་དམིགས་སྐོར་ལ་འབྲུག་ལྡན་སྐྱིད་ལགས་ཀྱིས། ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ ཧྲིལ་པོ་འཁོར་ཡོད་ཀྱང་། ད་དུང་རིན་པོ་ཆེ་མཆོག་གི་གནས་སྟངས་དང་འབྲེལ་ནས་ཁུངས་སྐྱེལ་གྱི་གནས་ཚུལ་མེད་པར་བརྟེན། དེའི་ཐོག་ལ་མུ་མཐུད་དུ་ལས་འགུལ་འདྲ་མིན་སྤེལ་རྒྱུ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་བློ་འཚབ་ཀྱི་རྣམ་པ་སྟོན་ཐུབ་རྒྱུ། རྒྱབ་སྐྱོར་རག་ཐུབ་རྒྱུའི་ཆེད་དུ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན། ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རིན་པོ་ཆེ་མཆོག་མྱུར་དུ་ཀློད་གྲོལ་དགོས་པ་དང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གར་ཡོད་ཀྱི་གནས་སྟངས་ཡོངས་ཁྱབ་བྱ་དགོས་སྐོར་ནན་བརྗོད་གནང་ཡོད་འདུག་ལ། ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐོག་འཛམ་གླིང་ཡོངས་ལ་གསལ་བཤད་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།

ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ནག་ཆུ་ལྷ་རི་རྫོང་དུ་འཁྲུངས་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་གནང་ཡོད་པ་དང་། ཉིན་གྲངས་ ༣ ལས་མ་འགོར་བར་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་དམར་གཞུང་གིས་དགུང་ལོ་དྲུག་ལས་སོན་མེད་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར། བོད་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་དབུ་འཛིན། ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་སོགས་གནད་ཡོད་ཀྱི་མི་སྣ་ཚང་མ་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་བྱས་རྗེས། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་སྐུ་སྒེར་གྱི་འཚོ་བར་བར་ཆད་བཟོ་འདོད་མེད་སྐོར་བཤད་དེ་ཁོང་གང་དུ་ཡོད་མེད་ཙམ་གྱི་གནས་ཚུལ་ཡང་རྦད་དེ་གསང་བ་བྱས་ནས་རྒྱལ་སྤྱིའི་ཐོག་ནས་འབོད་སྐུལ་ཇི་ལྟར་གནང་ཡང་ཉན་འཇོག་བྱེད་ཀྱི་མེད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༡ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese