མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁེ་ན་ཊའི་སྲིད་བློན་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁེ་ན་ཊའི་གུ་ཡངས་སྲིད་དོན་ཚོགས་པའི་མགོ་ཁྲིད་སྐུ་ཞབས་མར་ཁི་ཁར་ནི་མཆོག་ཁེ་ན་ཊའི་སྲིད་བློན་ལ་བསྐྱར་དུ་འོས་འདེམས་བྱུང་བར་འཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁེ་ན་ཊའི་སྲིད་བློན་ལ་འཚམས་འདྲི་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༤།༢༩

དེ་རིང་ཁེ་ན་ཊའི་གུ་ཡངས་སྲིད་དོན་ཚོགས་པའི་མགོ་ཁྲིད་ཀྱི་མར་ཁི་ཁར་ནི་ (Mark Carney) མཆོག་ལ་འདི་ལོའི་ཁེ་ན་ཊའི་སྲིད་བློན་གྱི་འོས་བསྡུ་ལས་རྣམ་པར་རྒྱལ་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས། ཁེ་ན་ཊའི་གུ་ཡངས་སྲིད་དོན་ཚོགས་པའི་མགོ་ཁྲིད་མར་ཁི་ཁར་ནི་མཆོག་གི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཏེ། ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པ་འོས་བསྡུ་ལས་རྣམ་པར་རྒྱལ་ནས་ལོ་རྒྱུས་རང་བཞིན་གྱི་ཟིན་ཐོ་ཞིག་གསར་དུ་གཏོད་པར་འཚམས་འདྲི་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་། ངོས་རང་གི་ཁེ་ན་ཊའི་ཕྱོགས་སྐྱོད་དེ་དག་གི་སྐབས། ཁེ་ན་ཊའི་མི་མང་གི་མཛའ་བརྩེའི་དྲོད་ཁོལ་དང་བརྩེ་སེམས་ཀྱིས་ཡིད་འགུལ་ཆེན་པོ་ཐེབས་སོང་། ངོས་རང་གིས་ཀྱང་ཁེ་ན་ཊའི་མི་སེར་གྱི་ཆེ་བསྟོད་དེ་དང་ལེན་ཞུས་ནས། སྣ་འཛོམས་རིག་གཞུང་རང་བཞིན་ལྡན་པའི་མང་གཙོའི་ཐོབ་ཐང་ལོངས་སྤྱོད་བྱེད་མཁན་གྱི་ཁེ་ན་ཊའི་མི་སེར་གྱུར་བར་ཡིད་སྨོན་སྐྱེས་ཀྱིན་ཡོད། ཅེས་དང་།  ངོས་རང་གིས་ཁྱེད་ཀྱི་གོང་མ་རྣམས་ལ་ཞུས་པ་བཞིན་ཁྱེད་ཅག་གིས་བོད་མི་རྣམས་ལ་རྒྱུན་མཐུད་ནས་རྒྱབ་སྐྱོར་དང་རོགས་རམ་གནང་བར། ཁེ་ན་ཊའི་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཅག་གིས་ཁེ་ན་ཊ་མི་མང་གི་རེ་བ་དང་སྨོན་འདུན་ཡོངས་སུ་སྐོང་ཐུབ་པ་དང་། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་གི་ཐད་ལ་ནུས་པ་གང་མང་འདོན་ཐུབ་པའི་སྨོན་འདུན་ཞུ། ཞེས་གསུངས་འདུག

ཕྱི་ལོ་ ༢༠༠༧ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཁེ་ན་ཊའི་སྲིད་བློན་ཧར་པུར་(Stephen Joseph Harper) མཆོག་རྣམ་གཉིས་མཇལ་འཕྲད་གནང་སྟེ་ཐུགས་རེ་གནང་བ་ལྟར། ཁེ་ན་ཊའི་གཞུང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་བཟུང་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་མེའོ་ཆོས་འཕེལ་གླིང་དང་ཏེ་ཛུ་དར་རྒྱས་གླིང་། ཀྲུ་ཀྲིང་དང་བསྟན་འཛིན་སྒང་བཅས་གཞིས་ཆགས་ཁག་ ༤ ནས་གཞིས་སྤོ་བ་བླངས་ཏེ། ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་ (Toronto) དང་ཝན་ཀོ་ཝར་ (Vancauver)། ཨོ་ཊ་ཝ་ (Ottawa) ལ་སོགས་པར་གཞིས་ཆགས་སུ་བཅུག་ཡོད་པ་རེད། སྐབས་དེར་ཁྱོན་བོད་མི་ ༡༠༠༠ ལྷག་ཅིག་ལས་གཞི་དེའི་འོག་ནས་ཁེ་ན་ཊའི་ནང་གཞིས་སྤོར་བྱས་ཡོད་འདུག དེ་བཞིན་ཕྱི་ལོ་ ༡༩༧༠ དང་ ༡༩༧༡ ཙམ་ལ་སྔ་རྗེས་སུ་ཁེ་ན་ཊ་གཞུང་གིས་རྒྱ་གར་བྱང་ཕྱོགས་ནས་བོད་མི་ ༢༣༠ ཙམ་སྐྱབས་བཅོལ་དུ་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་བསྡོམས་རྩིས་ལྟར་ན། ཁེ་ན་ཊའི་ནང་དུ་བོད་མི་ ༨༠༠༠ ལྷག་གནས་སྡོད་བྱེད་ཀྱི་ཡོད་འདུག

སྐུ་ཞབས་མག་ཁར་ནེ་མཆོག་གིས་འདས་པའི་ལོ་ངོ་ ༡༣ རིང་བྷོ་སི་ཊོན་དང་། ལོན་ཌོན། ནེའུ་ཡོག ཊོག་ཡོ། ཊོ་རོན་ཊོ་སོགས་ལ་ཡོད་པའི་དངུལ་ཁང་མང་པོ་ཞིག་ཏུ་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༣ ལོར་ཁེ་ན་ཊའི་དངུལ་ཁང་དུ་འགན་འཛིན་གཞོན་པའི་ལས་གནས་གཉེར་ཞིང་། ལོ་ངོ་གཅིག་གི་རྗེས་སུ་ཁེ་ན་ཊའི་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་རུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་ཁེ་ན་ཌའི་དངུལ་ཁང་དུ་འགན་འཛིན་གྱི་ཕྱག་ལས་གནང་མྱོང་བ་མ་ཟད། ཕྱི་ལོ་ ༢༠༡༣ ནས་ ༢༠༢༠ བར་དབྱིན་ཡུལ་དངུལ་ཁང་གི་འགན་འཛིན་གྱི་ཕྱག་ལས་གནང་། ༢༠༢༠ ནས་ ༢༠༢༤ བར་ལོ་ངོ་བཞིའི་རིང་ཁེ་ན་ཌའི་སྲིད་བློན་རྗ་སི་ཊིན་ཊིར་ཌུའུ་མཆོག་གི་སློབ་སྟོན་པའི་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡ པོའི་ནང་སྲིད་བློན་དུ་འདེམས་ཐོན་བྱུང་སྟེ། ད་ལྟའི་ཆར་སྲིད་བློན་གྱི་ཕྱག་ལས་གནང་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༣ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༥ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese