མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་བཞི་སྒང་དྲུག་ཅེས་པའི་བོད་ཀྱི་གློག་བརྙན་ལ་བྱ་དགའ་ཐོབ། 

བོད་ཀྱི་དུས་བབ།
༢༠༢༥/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༥ ལོའི་ཇུ་ལེན་དྷུ་བྷུ་འུག་གློག་བརྙན་དུས་སྟོན་སྟེང་གཞན་ཕན་ཁྱིམ་གསར་ལགས་ཀྱིས་བཟོ་སྐྲུན་བྱས་པའི་ཆུ་བཞི་སྒང་དྲུག་ཅེས་པའི་བོད་ཀྱི་གློག་བརྙན་ལ་གདངས་ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག

བོད་ཀྱི་གློག་བརྙན་ཆུ་བཞི་སྒང་དྲུག་གི་བཟོ་སྐྲུན་པ་གཞན་ཕན་ཁྱིམ་གསར་ལགས་སུ་རྒྱལ་སྤྱིའི་གློག་བརྙན་བྱ་དགའ་ཐོབ། པར་དུས་བབ་ཀྱིས་བཟོ་སྒྲིག་བྱས།

ཁ་སང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༧ བར་ཨ་རིའི་ལོ་ཝ་མངའ་སྡེའི་དྷུ་བྷུ་འུག་(dubuque ) ཏུ་འཚོགས་པའི་ཕྱི་ལོ་ ༢༠༢༥ ལོའི་ཇུ་ལེན་དྷུ་བྷུ་འུག་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(Julien Dubuque International Film Festival 2025) ཐོག ཨ་རིའི་རྒྱལ་ཡོངས་ཀྱི་གློག་བརྙན་འཁྲབ་ཁྲིད་པ་བརྒྱ་ལྷག་གིས་མཉམ་ཞུགས་བྱས་འདུག་ལ། བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་གཞན་ཕན་ཁྱིམ་གསར་ལགས་ཀྱིས་བཟོ་སྐྲུན་བྱས་པའི་ཆུ་བཞི་སྒང་དྲུག་(Four Rivers Six Ranges ) ཅེས་པའི་གློག་བརྙན་ལ་གདངས་(Soundtrack) ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག

དེའི་ཐད་གཞན་ཕན་ཁྱིམ་གསར་ལགས་ཀྱིས། ངས་གློག་བརྙན་ཆུ་བཞི་སྒང་དྲུག་ལ་གདངས་ཡག་ཤོས་ཀྱི་བྱ་དགའ་ཐོབ་སོང་། དེ་ནི་ང་རང་གིས་སླར་ཡང་སེམས་ཤུགས་སྐྱེད་ནས་གོམ་སྟབས་གསར་པ་ཞིག་སྤོས་པ་ཡིན། ཚང་མས་ང་ལ་རྒྱབ་སྐྱོར་དང་ཡིད་ཆེས་གནང་བར་བཀའ་དྲིན་ཆེ། ཞེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡ ཚེས་ ༢༥ ནས་ཟླ་ ༢ ཚེས་ ༤ ཉིན་ཡུ་རོབ་ཀྱི་ནཱ་ཐར་ལེན་ཌི་སི་རྒྱལ་ཁབ་ཀྱི་རོ་ཌིར་ཌམ་( Rotterdam) གྲོང་ཁྱེར་དུ་འཚོགས་པའི་རྒྱལ་སྤྱིའི་རོ་ཌིར་ཌམ་གློག་བརྙན་དུས་སྟོན་ཐེངས་ ༥༤ (International Film Festival Rotterdam) པའི་སྐབས་བསྟན་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་གློག་བརྙན་དེས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་བྱས་ཏེ་ཁ་བྲལ་རིང་ལུགས་པའི་དྲིལ་བསྒྲགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་གྱི་ཡོད་ཚུལ་གྱི་སྐྱོན་བརྗོད་བྱས་ཡོད།

འབྲས་ལྗོངས་དུས་བབ་ (SIKKIM TIMES) ཀྱིས་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ པའི་ནང་གློག་བརྙན་དེ་ཨ་རི་དང་ཁེ་ན་ཊ། ཕྱི་ཟླ་ ༧ པའི་ནང་ཡུ་རོབ་དང་དེ་བཞིན་ཕྱི་ཟླ་ ༧ པའི་ནང་རྒྱ་གར་ནང་བསྟན་འཆར་ཡོད་འདུག

གཞན་ཕན་ཁྱིམ་གསར་ལགས་ཀྱི་ལོ་རྒྱུས་འཐབ་འཛིང་གི་གློག་བརྙན་ཆུ་བཞི་སྒང་དྲུག་ཅེས་པའི་ནང་བོད་མིའི་དཔའ་ངར་ལྡན་པའི་དམག་དོན་གྱི་རྣམ་པ་གསལ་སྟོན་བྱས་ཡོད་ལ། དེ་ནི་དགེ་འདུན་པ་ཚོས་ན་བཟའ་ཕུད་དེ་མེ་མདའ་བཟུང་བའི་གློག་བརྙན་ཞིག་ཡིན་པ་མ་ཟད།  གཡུལ་ས་རུ་རྒྱལ་གཅེས་པ་ཚོའི་དཔའ་རྟུལ་དང་། སྙིང་སྟོབས། མཐུན་སྒྲིལ། དམིགས་ཡུལ། བློས་གཏོང་བཅས་མངོན་པར་གསལ་བའི་གློག་བརྙན་ཞིག་ཡིན་འདུག ལེའུ་བཞི་ཅན་གྱི་གློག་བརྙན་དེ་ནི་གཞན་ཕན་ཁྱིམ་གསར་ལགས་ཀྱིས་རྩོམ་འབྲི་དང་འཁྲབ་ཁྲིད་བྱས་པ་དང་། བདེ་བ་ཚང་རྡོ་རྗེ་དབང་འདུས་ལགས་ཀྱིས་བཟོ་སྐྲུན་བྱས་ཡོད་འདུག གློག་བརྙན་དེའི་ནང་ཨ་རིའི་ཧོ་ལི་ཝོ་ཌིའི་གློག་བརྙན་བཟོ་སྐྲུན་པ་གྲགས་ཆེན་བྷི་རཱན་ཌོན་(Brandon Cox) ལགས་དང་། རྒྱ་གར་དང་བལ་ཡུལ་གྱི་བརྙན་ལེན་པ་གྲགས་ཅན་ཁག་ཅིག་གིས་བརྙན་ལེན་བྱས་ཡོད་འདུག  གློག་བརྙན་དེ་ཕབ་སྐྲུན་བྱ་ཡུལ་གཙོ་བོ་ནི་བལ་བོད་གཉིས་ཀྱི་ས་མཚམས་གློ་སྨོན་ཐང་ཡིན་ཞིང་། གློག་བརྙན་འཁྲབ་སྟོན་བྱེད་མཁན་གྱི་མི་སྣ་གཙོ་བོ་དག་ནི་བོད་པ་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese