མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ཅེས་པའི་དུས་ཐུང་འགྲེམས་སྟོན་ཞིག་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་གཉིས་རིང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་ཀྱི་ཆབ་སྲིད་དང་ཆོས་རིག་སོགས་ཀྱི་ཐོག་ཞབས་འདེགས་ཞུས་པའི་བུད་མེད་གྲངས་ ༡༥ གཙོ་འདོན་བྱས་པའི་འགྲེམས་སྟོན་ཞིག་བྱེད་བཞིན་འདུག

བོད་ཀྱི་འགྲེམས་སྟོན་ཁང་གིས་བོོད་ཀྱི་བུད་མེད་ཅེས་པའི་འགྲེམས་སྟོན་བྱེད་བཞིན་འདུག ༢༠༢༥།༠༤།༣༠ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་དུ། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་དང་བསྟུན། བོད་ཀྱི་བུད་མེད་ཅེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས། དེ་བཞིན་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་འདུག

ཐེངས་འདིའི་དུས་ཐུང་སྟོན་འགྲེམས་སྟོན་སྐོར་ལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་བོད་ཀྱི་འགྲེམས་སྟོན་ཁང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་དང་བསྟུན་ནས། བོད་ཀྱི་བུད་མེད་སྐོར་གྱི་དུས་ཐུང་འགྲེམས་སྟོན་དམིགས་བསལ་གྱིས་གལ་ཆེན་པོ་ཆགས་ཡོད། བོད་ཀྱི་དཔའ་མོ་དང་། རྒྱལ་ཞེན་བུད་མེད། དེ་བཞིན་ཨ་མ་སོགས་བུད་མེད་མང་པོའི་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་བཙན་བྱོལ་གཞུང་གཞན་དང་མ་འདྲ་བར་ཚགས་ཚུད་ཡོང་ཡོད། ཡིན་ནའང་ཁོང་རྣམ་པའི་བྱས་རྗེས་སྤྱི་ཚོགས་དྲ་ལམ་དང་དྲིལ་བསྒྲགས་སོགས་སུ་དེ་ཙམ་མཐོང་ཐུབ་ཀྱི་མེད་པ་རེད། ད་ལན་གྱི་འགྲེམས་སྟོན་འདི་བརྒྱུད་ནས་ཁོང་རྣམས་ཀྱིས་ལུས་སྲོག་བློས་བཏང་བའི་རྒྱུ་མཚན་ཡིད་ལ་བཅངས་ནས་འགྲོ་ཐུབ་པ་ཞིག་བྱ་རྒྱུ་ཡིན་པ་མ་ཟད།  འདི་ཡང་འགྲེམས་སྟོན་ཙམ་མིན་པར་བོད་མི་རིགས་ཀྱི་འཐབ་རྩོད་ཁྲོད་ཁོང་རྣམ་པའི་བྱས་རྗེས་ནང་བོད་ཀྱི་གཞོན་སྐྱེས་རྣམས་འཁྲིད་ཐུབ་པའི་སེམས་ཤུགས་སྤར་རྒྱུ་དེ་ཡིན། ཐེངས་འདིའི་འགྲེམས་སྟོན་ནང་ཕྱི་ལོ་ ༡༩༥༡ ནས་ད་ལྟའི་བར་རྒྱ་ནག་གཞུང་གིས་བོད་དུ་བཙན་འཛུལ་བྱས་སྐབས་ངོ་རྒོལ་བྱས་ཏེ་འདས་གྲོངས་ཕྱིན་པའི་དཔའ་མོ་ ༥  གཙོས། བོད་ཀྱི་ཤེས་ཡོན། ཆོས་ལུགས། རིག་གཞུང་སོགས་སུ་ཞབས་འདེགས་ཞུས་པའི་བུད་མེད་གྲངས་ ༡༥ གཙོ་འདོན་བྱས་ཏེ་འགྲེམས་སྟོན་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་བུད་ཀྱི་བུད་མེད་ཅེས་འགྲེམས་སྟོན་དབུ་འབྱེད་གནང་བཞིན་པ། ༢༠༢༥།༠༤།༣༠ དུས་བབ་ཀྱི་པར།

དུས་ཐུང་འགྲེམས་སྟོན་འདིའི་གལ་གནད་སྐོར་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་འདི་གའི་གསར་འགོད་པར། འདི་ལོ་བོད་ཀྱི་འགྲེམས་སྟོན་ཁང་དབུ་བརྙེས་ནས་ལོ་ངོ་ ༢༥འཁོར་བའི་དུས་དྲན་དང་བསྟུན་ནས་བརྗོད་གཞི་མང་པོའི་ཐོག་འགྲེམས་སྟོན་བྱ་འཆར་འདུག ཐོག་མར་བོད་ཀྱི་བུད་མེད་ཀྱི་བརྗོད་གཞི་འདི་གལ་ཆེན་པོར་བརྩིས་ནས་འགྲེམས་སྟོན་བྱས་པར་དགའ་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་མ་ནི་ཁྱིམ་ཚང་ཞིག་མཚོན་ན་གལ་ཆེན་པོ་ཞིག་ཡིན་པ་མ་ཟད། འདས་པའི་བོད་ཀྱི་ཆབ་སྲིད་ལ་མཚོན་ན། ཕྱི་ལོ་ ༡༩༥༩ ཟླ་ ༣ པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་རེད། བོད་ཀྱི་བུད་མེད་རྣམས་ཀྱིས་ཀྱང་དཔའ་མ་ཞུམ་པར་བོད་མི་རིགས་དང་། ཆོས་རིག ཆབ་སྲིད། ཁོར་ཡུག་སོགས་སྲུང་སྐྱོབ་བྱས་ཏེ་སྐུ་ལས་ཧ་ལས་བ་བསྐྱོན་ཡོད། དེ་དག་ལ་རྗེས་དྲན་བྱ་རྒྱུ་ནི་ང་ཚོ་ཚང་མར་འགན་འཁྲི་ཡོད་ལ། བོད་ཀྱི་བདེན་མཐའ་མ་གསལ་བར་མུ་མཐུད་གནས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས། དེ་རིང་བོད་ཀྱི་བུད་མེད་ཀྱི་བརྗོད་གཞིའི་འགྲེམས་སྟོན་ཐོག་བཅར་ཐུབ་པར་དགའ་བོ་བྱུང་། རང་ཉིད་ཀྱི་མི་ཚེའི་གནས་སྟངས་དང་བུད་མེད་ཅིག་ཡིན་པའི་ཆ་ནས། མིའི་སྤྱི་ཚོགས་ནང་དུ་བུད་མེད་ལ་ཡིད་ཆེས་དང་བློ་སྟོབས་ཡོད་པ་དང་། དཀའ་ལས་རྒྱག་ཐུབ་མཁན་གྱི་ཐོག་ནས་གལ་ཆེན་པོ་ཞིག་ཆགས་ཡོད་བསམ་གྱི་འདུག འགྲེམས་སྟོན་ལས་བོད་ཀྱི་བུད་མེད་བགྲེས་པ་རྣམས་ཀྱིས་དུས་ལ་བབས་པའི་ཐོག་ནས་བློ་སྟོབས་ཇི་ཙམ་གནང་བ་མཇལ་དུས་རང་ཉིད་ཀྱིས་ཡིད་ཆེས་བྱས་པ་ནོར་མི་འདུག བུད་མེད་ཅིག་ཡིན་པའི་ཆ་ནས་བོད་ཀྱི་མི་རིགས་དང་། རྩ་དོན། ཆོས་རིག་སོགས་ཀྱི་ཆེད་དུ་མི་ཚེ་བློས་བཏང་འདུག་པའི་ཚོར་བ་བྱུང་། ཞེས་དང་། ང་ཚོའི་མི་ཚེ་ནི་ཆབ་སྲིད་དང་མཉམ་དུ་སྐྱེས་པ་ཞིག་ཡིན་པས་ལོགས་ཀ་ཕྱེ་རྒྱུ་མི་འདུག རྩ་དོན་ཞེས་པའི་ཐོག་༧གོང་ས་མཆོག་གིས་ནམ་རྒྱུན་ཆོས་དང་རིག་གཞུང་གསུང་གི་ཡོད་པ་བཞིན། བོད་མི་ཞིག་ཡིན་པའི་ཆ་ནས་ཆོས་དང་རིག་གཞུང་ལ་ཐུགས་སྣང་དགོས་པ་མ་ཟད་དང་། བུད་མེད་རྣམས་ཀྱིས་ཆོས་དང་རིག་གཞུང་ལ་ཐུགས་སྣང་གནང་ཚེ་ཁྱད་པར་ཆེན་པོ་བཟོ་ཐུབ་པའི་ཡིད་ཆེས་ཡོད། ཅེས་གསུངས་སོང་།

བུད་ཀྱི་བུད་མེད་ཅེས་པའི་འགྲེམས་སྟོན་དབུ་འབྱེད་ཐོག་སྐུ་མགྲོན་གཙོ་བཀའ་ཟུང་རིན་ཆེན་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་བཞིན་པ། ༢༠༢༥།༠༤།༣༠ དུས་བབ་ཀྱ་ིཔར།

བོད་ཀྱི་འགྲེམས་སྟོན་ཁང་ནི་ཕྱི་ལོ་ ༡༩༩༨ ལོར་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་ཆེན་འགྲམ་དུ་ཐོག་མར་གསར་འཛུགས་གནང་ཞིང་། ཕྱི་ལོ་ ༢༠༠༠ ལོའི་ ཟླ་ ༤ ཚེས་ ༣༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འགྲེམས་སྟོན་ཁང་དངོས་སུ་དབུ་འབྱེད་མཛད། ཕྱི་ལོ་ ༢༠༡༧ ལོར་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་འགྲེམས་སྟོན་ཁང་གསར་རྒྱག་ལས་མགོ་ཚུགས་ཏེ།  ཕྱི་ལོ་ ༢༠༢༡ ཟླ་ ༡༢ ནང་འགྲེམས་སྟོན་ཁང་གི་འཛུགས་སྐྲུན་ཡོངས་སུ་ལེགས་གྲུབ་བྱུང་། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་། ད་ལྟའི་ཆར་བོད་ཀྱི་འགྲེམས་སྟོན་ཁང་ནང་ང་ཚོའི་ལེགས་བྱང་དང་། བོད་ཀྱི་ལོ་རྒྱུས། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན། བཙན་འཛུལ། འགོག་རྒོལ། བྲོས་བྱོལ། བཙན་བྱོལ། དེང་སྐབས་ཀྱི་བོད། ཁོར་ཡུག བོད་མི་ཞིག་ཡིན་པའི་ཆ་ནས། ང་བོད་པ་ཡིན། འདི་ངའི་ལོ་རྒྱུས་ཡིན་ཞེས་པ་སོགས་ཀྱི་བརྗོད་གཞིའི་ཐོག་རྒྱུན་ལྡན་འགྲེམས་སྟོན་གནང་བཞིན་འདུག  དེ་བཞིན་ལོ་ལྟར་བོད་ཀྱི་འགྲེམས་སྟོན་ཁང་གི་ངོས་ནས་དུས་ཐུང་འགྲེམས་སྟོན་དང་སྐོར་བསྐྱོད་འགྲེམས་སྟོན་གནང་སྟེ་རྒྱལ་སྤྱིའི་ཐོག་བོད་དོན་གོ་རྟོགས་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese