མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱམས་བརྩེ་གོང་འཕེལ་གྱི་འཛམ་གླིང་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༤ ཚེས་ ༧ ནས་ཕྱི་ཟླ་ ༧ ཚེས་ ༦ བར་ཟླ་བ་གསུམ་གྱི་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བྱམས་བརྩེ་གོང་འཕེལ་གྱི་འཛམ་གླིང་ཡོངས་ལ་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

འཛམ་གླིང་ཡོངས་ལ་སྙིང་རྗེ་གོང་འཕེལ་གྱི་སྐོར་སྐྱོད་ཀྱི་ལས་འགུལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་པར།

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མིའི་འདུས་སྡོད་ས་གནས་ཁག་ཏུ་རྣམ་པ་འདྲ་མིན་གྱི་ཐོག་ནས་༧སྐུའི་གོ་སྟོན་སྲུང་གཙི་གནང་བཞིན་པའི་ཁྲོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འཛམ་གླིང་ཡོངས་ལ་བྱམས་བརྩེ་གོང་འཕེལ་གྱི་སྐོར་སྐྱོད་ (Compassion Rising World Tour) ལས་འགུལ་ཞིག་སྤེལ་གྱི་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ངོ་དེབ་སྟེང་བརྙན་ཐུང་ཞིག་སྤེལ་བའི་ནང་། འཛམ་གླིང་ཡོངས་སུ་བྱམས་བརྩེ་གོང་འཕེལ་གྱི་སྐོར་སྐྱོད་ལས་འགུལ་དེ་ནི་༧སྐུའི་གོ་སྟོན་སྲུང་གཙི་ཞུ་བ་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་དང་། མཛད་འཕྲིན་ལས་སེམས་འགུལ་ཐེབས་པའི་མི་སྒེར་དང་ཚོགས་སྡེ་ཁག་ལ་དྲ་ཐོག་དང་ངོ་བཅར་གཉིས་ཀའི་ཐོག་ནས་མཉམ་ཞུགས་གནང་རྒྱུའི་མགྲོན་ཤོག་ཕུལ་ཏེ། ༧གོང་ས་མཆོག་གི་བཀའ་སློབ་སྙིང་པོ་སྟེ། སྙིང་རྗེ་ནི་རྒྱས་སྤྲོས་མིན། དེ་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞེས་པའི་ཐོག་ནས་༧མགོན་པོ་གང་ཉིད་ཀྱིས་འཛམ་གླིང་འདིའི་སྟེང་བརྩེ་བ་དང་། ཁྱིམ་ཚང་གཅིག་གི་འདུ་ཤེས་ཡོང་ཐབས། ཁོར་ཡུག་སྲུང་སྐྱོབ་སོགས་༧གོང་ས་མཆོག་གི་མཛད་འཕྲིན་དེ་དག་མི་ཚེའི་ནང་དངོས་སུ་ལག་བསྟར་གནང་ཡོད་མེད་ཐོག་གསུང་བཤད་གནང་རྒྱུ་དང་། ལྷག་པར་དུ་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། དེ་བཞིན་འཚེ་མེད་ཞི་བ་དང་། བྱམས་བརྩེའི་ཉམས་ལེན་སྐོར་གྱི་བཀའ་སློབ་ངོ་སྤྲོད་ཀྱི་མཁས་པའི་གཏམ་བཤད། ཆོས་ལུགས་ཀྱི་དབུ་ཁྲིད་དང་ཁོར་ཡུག་ལས་འགུལ་བ་སོགས་དང་བགྲོ་གླེང་འཚོག་སྟེ། ཁ་ཡོད་ལག་ཡོད་ཀྱིས་རྒྱལ་སྤྱིའི་སྟེང་༧མགོན་པོ་གང་ཉིད་མཆོག་གི་དགོངས་གཞིའི་ཐོག་ནས་འཛམ་གླིང་འདིར་ཞི་བདེ་བསྐྲུན་ཐབས་ལ་དམིགས་ནས་ལས་འགུལ་དེ་གོ་སྒྲིག་ཞུས་ཡོད། ཅེས་འགྲེལ་བརྗོད་གནང་འདུག

བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་མུ་མཐུད་དུ། བྱམས་བརྩེ་གོང་འཕེལ་གྱི་སྐོར་སྐྱོད་ཀྱི་ལས་འགུལ་འདིའི་ཐོག་ནས་བོད་མི་ཙམ་མིན་པར་རྒྱལ་སྤྱི་ཁྱོན་ཡོངས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་སྲུང་གཙི་ཞུ་རྒྱུའི་གོ་སྐབས་བྱུང་བ་མ་ཟད། ༧མགོན་པོ་གང་ཉིད་ལ་བཅངས་པའི་བཀའ་དྲིན་རྗེས་དྲན་དང་། སྨོན་འདུན་ཞུ་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་ལ། ལས་འགུལ་འདི་བརྒྱུད་འཛམ་གླིང་ཡོངས་ཀྱི་མི་མང་རྣམས་ལ་༧གོང་ས་མཆོག་གི་དགོངས་གཞིའི་ཐོག་ནས་འཛམ་གླིང་འདིར་སྨན་པའི་ཕྱག་ལས་གནང་རྒྱུའི་གོ་སྐབས་བྱུང་གི་ཡོད་པ་རེད། ཅེས་བརྗོད་འདུག

སྐུ་ཞབས་མར་ཊིན་སི་ཁོར་སི་སི་ (Martin Scorsese) ལགས་ཀྱིས་བཟོ་སྐྲུན་གནང་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་སྐོར་གྱི་གློག་བརྙན་སྐུ་མདུན།

ཁ་སང་ཕྱི་ཚེས་ ༣༠ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་ཐོག་ཏུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་སྟེང་བཟང་སྤྱོད་དར་སྤེལ་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ་སོགས་རླབས་ཆེན་གྱི་མཛད་པ་བསྐྱངས་ཏེ། འགྲོ་བ་མིའི་བདེ་སྐྱིད་དང་། འཛམ་གླིང་ཞི་བདེ་ཡོང་བར་རླབས་ཆེན་གྱི་མཛད་པ་མུ་མཐུད་བསྐྱངས་དང་སྐྱོང་མུས་ཡིན་པར་བཀའ་དྲིན་རྗེས་དྲན་ཞུ་སླད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་མཛད་པ་འཕྲིན་ལས་རྣམས་རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་གནང་ཐབས་ལ་དམིགས་ཏེ། ༧མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་བྱམས་བརྩེའི་ལོ་ཞེས་སྲུང་གཙི་ཞུ་བཞིན་པ་དང་བསྟུན། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༧ ནས་ཕྱི་ཟླ་ ༧ ཚེས་ ༦ བར་འཛམ་གླིང་ཡོངས་ལ་བྱམས་བརྩེ་གོང་འཕེལ་གྱི་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད། ཅེས་གསལ་འདུག

ཟླ་བ་གསུམ་རིང་གི་སྐོར་སྐྱོད་ཀྱི་ལས་འགུལ་འདིའི་ནང་། ༧སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། ཆབ་སྲིད་བཙོན་ཟུར་ངག་དབང་སངས་སྒྲོན་ལགས། རྩོམ་པ་པོ་གྲགས་ཅན་སྐུ་ཞབས་པེ་ཊི་རིག་མེག་ཌོ་ནེལ་ (Patrick McDonnell) ལགས། ༧གོང་ས་མཆོག་གིས་བསྐོ་གཞག་མཛད་པའི་ར་སྟོད་གྲྭ་ཚང་གི་མཁན་ཟུར་ནི་ཁོ་ལ་སི་ (Nicholas Vreeland) ལགས། ཨ་རི་དང་དབྱིན་ཡུལ། ཉི་ཧོང་སོགས་འཛམ་གླིང་ས་ཕྱོགས་གང་ས་ནས་༧གོང་ས་མཆོག་གི་བཀའ་སློབ་སྙིང་ལ་བཅངས་ཏེ་དངོས་སུ་ལག་བསྟར་གནང་མཁན་གྱི་མི་སྣ་གཙོས་པའི་མཁས་དབང་དང་། ཆོས་ལུགས་ཀྱི་དབུ་ཁྲིད་སོགས་མཉམ་ཞུགས་གནང་རྒྱུ་ཡིན་འདུག ད་དུང་སྐུ་ཞབས་མར་ཊིན་སི་ཁོར་སི་སི་ (Martin Scorsese) ལགས་ཀྱིས་བཟོ་སྐྲུན་གནང་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་སྐོར་གྱི་གློག་བརྙན་སྐུ་མདུན་ཞུ་བ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

འདི་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ཟླ་ ༧ པ་ནས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་བྱམས་བརྩེའི་ལོ་ཞེས་གཞུང་འབྲེལ་གོ་སྟོན་སྲུང་གཙི་ཞུ་གཏན་འཁེལ་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བཅས་ཀྱི་སྐོར་ལ་མཁས་དབང་ཁག་གི་གསུང་བཤད་ཕྱོགས་སྒྲིག་གི་འཕྲུལ་དེབ་དེ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག རྒྱ་གར་གྱི་སྐད་ཡིག་བཅས་སྐད་ཡིག་བཞིའི་ཐོག་འགྲེམ་སྤེལ་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese