མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁེ་ན་ཌའི་སྲིད་བློན་མཆོག་ལ་འཚམས་འདྲི་གནང་།  

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁེ་ན་ཌའི་གུ་ཡངས་སྲིད་དོན་ཚོགས་པའི་མགོ་ཁྲིད་ཀྱི་མར་ཁི་ཁར་ནི་མཆོག་ཁེ་ན་ཌའི་སྲིད་བློན་དུ་སླར་ཡང་འདེམས་ཐོན་བྱུང་བར་འཚམས་འདྲི་གནང་འདུག

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྐུ་ཞབས་མར་ཁི་ཁར་ནི་མཆོག བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་པར།

ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཁེ་ན་ཌའི་གུ་ཡངས་སྲིད་དོན་ཚོགས་པའི་མགོ་ཁྲིད་ཀྱི་མར་ཁི་ཁར་ནི་ (Mark Carney) མཆོག་ལ་འདི་ལོའི་ཁེ་ན་ཌའི་སྲིད་བློན་གྱི་འོས་བསྡུ་ལས་རྣམ་པར་རྒྱལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲིའི་འཕྲིན་ཡིག་ཅིག་ཕུལ་ཏེ། ཁེ་ན་ཌ་སྲིད་གཞུང་གིས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་སྐོར་སོགས་གསུངས་འདུག

ཚོགས་གཙོ་མཆོག་གི་འཕྲིན་ཡིག་ནང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། ང་ཚོས་ཁྱེད་རང་འོས་བསྡུ་ལས་རྒྱལ་ནས་ཁེ་ན་ཌའི་སྲིད་བློན་དུ་འདེམས་ཐོན་བྱུང་བར་སྙིང་དབུས་ནས་འཚམས་འདྲི་ཞུ་ཡི་ཡོད། ཁྱེད་རང་འོས་བསྡུ་ལས་རྣམ་པར་རྒྱལ་བ་འདིས། ཁེ་ན་ཌའི་མི་མང་གིས་ཁྱེད་ཀྱི་མགོ་ཁྲིད་བཟང་པོ་ལ་གཡོ་མེད་ཀྱི་ཡིད་ཆེས་དང་གདེང་འཇོག་ཡོད་པ་མཚོན་ཐུབ་ཅེས་དང་། ང་ཚོས་ཁེ་ན་ཌའི་གཞུང་མང་གཉིས་ཀྱིས་བོད་དོན་ཐད་ལ་གཡོ་མེད་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ལ། ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཁེ་ན་ཌར་ཕེབས་སྐབས་སྣེ་ལེན་ཟབ་རྒྱས་ཞུས་པ་དང་། ཁེ་ན་ཌར་དུས་ཡུན་རིང་པོར་གནས་སྡོད་བྱེད་མཁན་གྱི་བོད་མི་རྣམས་ལ་གཅེས་སྐྱོང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཞེས་གསལ་འདུག

ཡང་འཕྲིན་ཡིག་ནང་། ང་ཚོས་ཁྱེད་ཀྱི་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཤར་སྐྱོད་གནང་མུས་ཡིན་པའི་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད། ཅེས་གསལ་འདུག

སྐུ་ཞབས་མར་ཁི་ཁར་ནི་མཆོག་ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡ པོའི་ནང་སྲིད་བློན་དུ་འདེམས་ཐོན་བྱུང་སྟེ། ད་ལྟའི་ཆར་སྲིད་བློན་གྱི་ཕྱག་ལས་གནང་མུས་ཡིན་པ་རེད་ཅིང་། འདི་ལོའི་ཁེ་ན་ཊའི་སྲིད་བློན་གྱི་འོས་བསྡུའི་ཁྲོད། ལྗང་ཁུ་སྲིད་དོན་ཚོགས་པར་ (Green Party) ཞབས་བཀྱག་ ༡ དང་། (NDP) སྲིད་དོན་ཚོགས་པར་ཞབས་བཀྱག་ ༧། (Bloc Québécois) སྲིད་དོན་ཚོགས་པར་ཞབས་བཀྱག་ ༢༣། རྙིང་ཞེན་སྲིད་དོན་ཚོགས་པར་ཞབས་བཀྱག་ ༡༤༤། གུ་ཡངས་སྲིད་དོན་ཚོགས་པར་ཞབས་བཀྱག་ ༡༦༩ ཐོབ་སྟེ། སྲིད་དོན་ཚོགས་པ་དེའི་སྲིད་བློན་འོས་མི་མག་ཁར་ནེ་མཆོག་བསྐྱར་དུ་སྲིད་བློན་དུ་འདེམས་ཐོན་བྱུང་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese