མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་གྷེ་མེ་འགྲེམས་སྟོན་ཁང་ལ་མུ་མཐུད་ངོ་རྒོལ་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་བོད་མི་ཁག་ཅིག་གིས་གྷེ་མེ་འགྲེམས་སྟོན་ཁང་གིས་བོད་ཀྱི་མིང་ནག་གསུབ་བཏང་ནས་བོད་ཀྱི་རིག་དངོས་འགྲེམས་སྟོན་བྱེད་བཞིན་པར་མུ་མཐུད་ངོ་རྒོལ་གནང་གི་འདུག

Tibetan community and supporters protests outside Guimet Museum (Photo/SFT France)

གྷེ་མེ་འགྲེམས་སྟོན་ཁང་ (The Musée Guimet) གིས་བོད་ཀྱི་རིག་དངོས་མང་པོ་འགྲེམས་སྟོན་བྱེད་ཀྱི་ཡོད་ཀྱང་། ཡོངས་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་པའི་(Tibet)ཚབ་ཏུ་རྒྱ་ནག་གི་བཀའ་བཀོད་བཞིན་ཞིས་ཚང་(Xizang) ངམ་ཧི་མ་ལ་ཡ་ཞེས་པའི་ཐ་སྙད་བྱེད་སྤྱོད་གཏོང་བཞིན་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་། ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གྷེ་མེ་འགྲེམས་སྟོན་ཁང་གི་ཕྱི་རོལ་དུ་ཞི་བའི་ངོ་རྒོལ་ལས་འགུལ་ཐེངས་ ༢༦ པ་སྤེལ་ཡོད་འདུག

ད་ལན་གྱི་ལས་འགུལ་དེ་ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པས་འགྲེམས་སྟོན་ཁང་དེར་ངོ་རྒོ་ལས་འགུལ་སྤེལ་བ་ཐེངས་ ༢༦ པ་ཡིན་ཞིང་། འགྲེམས་སྟོན་ཁང་དེས་བོད་ཀྱི་རིག་དངོས་རྣམས་ལ་ཞིས་ཙང་ཞེས་བྲིས་ཏེ་ལོ་རྒྱུས་ལ་འཁྱོག་བརྗོད་དང་། བོད་ཀྱི་ངོ་བོ་དང་རིག་གཞུང་ལ་ནག་གསུབ་གཏོང་ཐབས་བྱེད་བཞིན་ཡོད་པར་བརྟེན། ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཐུན་མོང་ཐོག རེས་གཟའ་ཉི་མ་འཆར་ཅན་དུ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་འདུག་ལ། འགྲེམས་སྟོན་ཁང་གིས་ཞིས་ཙང་ཟེར་བའི་ཐ་སྙད་དེ་བོད་ཅེས་པར་བསྒྱུར་བཅོས་མི་གཏོང་བར་དུ་མུ་མཐུད་དུ་ལས་འགུལ་སྤེལ་རྒྱུ་ཡིན་འདུག

ཧྥ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཐུན་མོང་ཐོག འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ཧྥ་རན་སིའི་རིག་གཞུང་བློན་ཆེན་ར་ཆི་ཌ་ (Rachida Dati) མཆོག་གི་མཚན་ཐོག་ཏུ་སྙན་ཞུ་ཕུལ་ཏེ། འགྲེམས་སྟོན་ཁང་དུ་ཡོད་པའི་བོད་ཀྱི་རིག་དངོས་རྣམས་ལ་ (Tibet) ཞེས་པའི་ཐ་སྙད་ཡང་དག་པ་དེ་འབྲི་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། དེ་འབྲེལ་རིག་གཞུང་བློན་ཆེན་གྱིས་ལན་འདེབས་གང་ཡང་གནང་མི་འདུག

དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༤༠ ལྷག་གིས་ཤོག་ངོས་གཉིས་ཅན་གྱི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ཏེ། གྷེ་མེ་འགྲེམས་སྟོན་ཁང་གིས་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པར་ངོ་རྒོལ་དང་། འགྲེམས་སྟོན་ཁང་གིས་བོད་ཀྱི་ལོ་རྒྱུས་དང་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱས་པ་མ་ཟད། ཞིས་ཙང་ཟེར་བའི་ཐ་སྙད་དེ་འཕྲལ་དུ་བཅོས་སྒྲིག་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༩ ཚེས་ ༧ ཉིན་ཧྥ་རན་སི་རུ་ཡོད་པའི་དྷུ་ཁའེ་བྷ་ཧན་ལི་འགྲེམས་སྟོན་ཁང་ (Musée du quai Branly) གིས། བོད་(Tibet) ཅེས་པའི་ཐ་སྙད་ནག་གསུབ་བཏང་སྟེ་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཧྥ་རན་སི་གཞུང་དང་འབྲེལ་ཡོད་སྒྲིག་འཛུགས་ལ་ཞུ་སྐུལ་དང་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་བར་བརྟེན། དྷུ་ཁའེ་བྷ་ཧན་ལི་འགྲེམས་སྟོན་ཁང་གིས་ཞིས་ཙང་ཟེར་བའི་ཐ་སྙད་མེད་པ་བཟོས་ཏེ་ (Tibet) བེད་སྤྱོད་བཏང་ཡོད་པ་རེད།

ལོ་རྒྱུས་ལྟར་ན། དུས་རབས་བཅུ་བདུན་པ་ནས་བཟུང་བོད་ལ་དབྱིན་སྐད་དུ་ (Tibet) ཞེས་རྒྱལ་སྤྱིའི་ཐོག་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་ཡོད་ཀྱང་། རྒྱ་ནག་གིས་བོད་ལ་ཞིས་ཙང་(Xizang)ཞེས་པ་དེ་མཁས་པ་ཁག་ཅིག་གིས་ཡུལ་དང་ཡུལ་མིའི་མིང་ས་མིང་དུ་ཐོགས་པ་སྟེ།  བོད་གངས་ཅན་ལྗོངས་དེ་རྒྱ་ནག་གི་ནུབ་ཏུ་ཡོད་པ་དང་བོད་སྤྱི་ལ་གཙང་པ་རྒྱལ་པོས་མངའ་དབང་བསྒྱུར་སྐབས་སུ་ཞིས་ཙང་(Xizang)ཞེས་ཐོགས་ཡོད་སྐོར་བརྗོད་ཀྱི་འདུག གང་ལྟར་རྒྱ་ནག་གིས་ཞིས་ཙང་ཟེར་དུས་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུར་མ་གཏོགས་བོད་ཁུལ་གཞན་དུ་གོ་ཡི་མེད་ལ། དབྱིན་ཡིག་གི་(Tibet)ནི་བོད་སྤྱི་ལ་གོ་ཡི་ཡོད་སྟབས། དེ་གཉིས་ས་ཁོངས་ཁྱབ་ཚད་ཀྱི་ཐོག་ནས་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་རེད། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༤ རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་ ༧ པ་ཟེར་བའི་ཐོག བོད་ལ་དབྱིན་སྐད་དུ་(Tibet)ཞེས་པ་དེའི་ཚབ་ཏུ་ཞིས་ཙང་(Xizang)ཟེར་བ་ཡོངས་ཁྱབ་ཏུ་བེད་སྤྱོད་གཏོང་བར་ཤུགས་སྣོན་དགོས་པ་ཐག་གཅོད་བྱས་ཏེ། རྒྱ་ནག་གོ་ལའི་དུས་བབ་ཟེར་བ་སོགས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཞིས་ཙང་བེད་སྤྱོད་གཏོང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་འགྲེམས་སྟོན་ཁང་སོགས་ཀྱིས་ཀྱང་བོད་མིང་(Tibet)ཚབ་ཏུ་ཞིས་ཙང་བེད་སྤྱོད་གཏོང་མཁན་གང་ཙམ་ཡོང་གི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༥ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༧ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese