མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་དྷ་ས་ས་གནས་མགོ་འཛིན་གྱི་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། ད་ལྟའི་ཆར་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལས་ཐོག་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་མ་གཏོགས་གཞན་མི་འདུག

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤

བཙན་བྱོལ་བོད་མིའི་ས་གནས་ཁག་གི་ཁྲོད་ནས་ཧ་ཅང་གལ་ཆེན་དུ་བརྩི་བའི་དྷ་ས་ས་གནས་མགོ་འཛིན་གྱི་འོས་བསྡུ་བྱེད་གཏན་ཁེལ་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་དྷ་ས་ས་གནས་འོས་བསྡུ་ལས་ཁང་ལ་འབྲེལ་བ་ཞུས་ཏེ། འདི་ལོའི་ས་གནས་མགོ་འཛིན་གྱི་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་ག་དུས་ཡིན་མིན་དང་ད་སྔ་བར་འོས་མི་སུ་དང་སུ་ཡོད་མེད་སྐོར་བཀའ་འདྲི་ཞུ་སྐབས། ད་ལྟ་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་རྣམ་རྒྱལ་ལགས་ཀྱིས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལེའུ་ ༨ པའི་དགོངས་དོན་ལྟར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་དྷ་ས་ས་གནས་མགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༩ ཉིན་དངོས་གཞིའི་འོས་བསྡུ་བྱེད་གཏན་ཁེལ་ཡོད། ད་ལྟའི་ཆར་ལས་ཐོག་ས་གནས་མགོ་འཛིན་བསྐྱར་དུ་འོས་ལང་བྱ་རྒྱུ་ཡིན་པ་གོ་ཐོས་བྱུང་བ་ཙམ་ལས། གཞན་ས་གནས་མགོ་འཛིན་གྱི་འོས་མིར་བཞེང་མཁན་གྱི་འོས་བསྡུའི་དྲིལ་བསྒྲགས་བྱེད་བཞིན་པ་སོགས་གང་ཡང་ཤེས་ཚོར་བྱུང་མེད་སྐོར་བརྗོད་བྱུང་།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལས་ཐོག་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ། བསླེབ་ལ་ཉེ་བའི་དྷ་ས་ས་གནས་མགོ་འཛིན་གྱི་འོས་བསྡུའི་ནང་ཆ་ཤས་བཞེས་རྒྱུ་ཡིན་མིན་སྐོར་དྲིས་པར་ཁོང་གིས། ང་རང་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན། འོན་ཀྱང་། ད་ལྟ་འོས་མི་གཞན་ཡོད་མེད་ཤེས་རྟོགས་བྱུང་མ་སོང་། ཞེས་ལན་འདེབས་གནང་བྱུང་ལ། གསར་འགོད་པས་དྷ་ས་མེག་ལོར་གྷན་ཇི་གཡས་གཡོན་དུ་གནས་བཞུགས་མི་མང་དང་ཚོགས་སྐྱིད་ཁག་ཅིག་གི་འབྲེལ་ཡོད་ལ་བཀའ་འདྲི་ཞུས་པར་ད་ལྟ་ས་གནས་མགོ་འཛིན་གྱི་འོས་མིར་དཀོན་མཆོག་མིག་དམར་ལགས་མ་གཏོགས་མི་གཞན་ཡོད་པ་མཐོང་ཐོས་བྱུང་མེད་པའི་འགྲེལ་བརྗོད་གནང་བྱུང་།

ཕྱི་ཟླ་ ༤ ཚེས་ ༢༩ ཉིན་དྷ་ས་ས་གནས་འོས་བསྡུ་ལས་ཁང་ནས་ཁྱབ་ཁོངས་དགོན་སྡེ་ཁག་དང་། སློབ་གྲྭ་ཁག  ཚོགས་སྐྱིད་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཛིན་རྣམས་དང་།  དེ་བཞིན་སེར་སྐྱ་མི་མང་ཡོངས་ལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་ས་གནས་འགོ་འཛིན་གྱི་ལས་ཡུན་ལོ་གསུམ་དེ། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༥ ཉིན་ཚང་གི་འདུག་ན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལེའུ་ ༨ པའི་དགོངས་དོན་ལྟར་ས་གནས་མགོ་འཛིན་གྱི་འོས་བསྡུ་བྱ་དགོས་པས། ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༠ ཉིན་འགྲོའི་འོས་བསྡུ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༩ ཉིན་དངོས་གཞིའི་འོས་བསྡུ་བྱ་གཏན་ཁེལ་ཡོད་སྟབས། ཕྱི་ཟླ་ ༥ ཚེས་ ༡ ནས་ ༡༩ བར་མང་ཚོགས་ས་གནས་འོས་བསྡུའི་དེབ་སྐྱེལ་གནང་མེད་རིགས་ལ་དེབ་སྐྱེལ་བྱ་རྒྱུ་ཡིན་ན།  འབྲེལ་ཡོད་དོ་བདག་སོ་སོའི་དཔྱ་དངུལ་ལག་དེབ་དང་ཕྱེད་པར་རེ་མཉམ་འཁྱེར་གྱིས་ས་གནས་མགོ་འཛིན་ལས་ཁུངས་དེབ་སྐྱེལ་གནང་བར་ངེས་ཕེབས་ཡོང་བ་སོགས་འཁོད་འདུག

སྤྱིར་བཏང་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་བཞེང་བར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་དོན་བདུན་པའི་དགོངས་དོན་ལྟར།  བོད་ཀྱི་ཡུལ་མི་ཡིན་པ། རང་ལོ་ ༢༥ ཧྲིལ་པོ་ལོན་པ།  ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།  བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།  ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ། བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས།  དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ།  ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ།  ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་སོ་སོའི་ལས་འཁུར་ཡུན་ཚད་གཉིས་བསྟུད་མར་བྱེད་བཞིན་པ་མ་ཡིན་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའི་དན་རྟགས་ཡོད་པ་མ་ཡིན་པ་ཞིག་ཡིན་དགོས་ཀྱི་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༣ ཉིན་དྷ་ས་ས་གནས་མགོ་འཛིན་གྱི་དངོས་གཞིའི་འོས་བསྡུའི་ཁྲོད་ནས། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་རོགས་ཚོགས་དྲུང་ཡིག་ཟུར་པ་དཀོན་མཆོག་མིག་དམར་ལགས་སུ་འོས་གྲངས་ ༡༡༤༩ དང་། ས་གནས་མགོ་འཛིན་ལས་ཐོག་ཀུན་དགའ་ཚེ་རིང་ལགས་སུ་འོས་གྲངས་ ༦༩༠ ཐོབ་སྟེ། དཀོན་མཆོག་མིག་དམར་ལགས་དྷ་ས་ས་གནས་མགོ་འཛིན་གསར་པར་བདམས་ཐོན་བྱུང་ཡོད་འདུག དཀོན་མཆོག་མིག་དམར་ནི་བོད་མངའ་རིས་ཁུལ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་འབྱོར་ཏེ་ཕྱི་ལོ་ ༢༠༠༩ ལོར་དྷ་སའི་ཉེ་འཁྲིས་སུ་ཡོད་པའི་གོ་པར་པུར་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་ནས་སློབ་མཐར་སོན། ཕྱི་ལོ་ ༢༠༡༢ ལོར་ལྡི་ལི་གཙུག་ལག་སློབ་གྲྭ་ནས་སྲིད་དོན་རིག་པའི་ཐོག་ལ་རབ་འབྱམས་པའི་བསླབ་པ་མཐར་སོན་གྱིས། ཕྱི་ལོ་ ༢༠༡༧ ལོར་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩའི་ནང་ལོ་གཅིག་ཙམ་རིང་ལས་ཀ་བྱས་ཤིང་། ཕྱི་ལོ་ ༢༠༡༨ ནས་ཉེ་ཆར་བར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་སུ་རོགས་ཚོགས་ཀྱི་དྲུང་ཡིག་གི་ལས་འཁུར་ཞུས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese