མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་འབུམ་རམས་པ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བརྩམས་པའི་བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་།

བཙན་བྱོལ་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༥།༡༤

དེ་རིང་སྔ་དྲོར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། དཔེ་མཛོད་ཁང་གི་གོ་སྒྲིག་འོག་འབུམ་རམས་པ་རྔ་བ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བརྩམས་པའི་དཔྱད་རྩོམ་བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དབྱིན་ཡིག་དེབ་གསར་བ་ཞིག་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་རིག་གནས་སློབ་དཔོན་ནཱ་ག་སངས་རྒྱས་བསྟན་དར་ལགས་དང་། གཞན་ཡང་གཏམ་བཤད་གནང་མཁན་མི་སྣ་བཅུ་འདུག

སྐབས་དེར་བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔེ་དེབ་ཀྱི་སྐོར་ལ་རྩོམ་པ་པོ་ཀུན་བཟང་སྒྲོལ་མ་ལགས་ཀྱིས། བཙན་བྱོལ་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔེ་དེབ་འདི་ནི་དབྱིན་ཡིག་ནང་བྲིས་པའི་དཔྱད་རྩོམ་དེབ་ཅིག་ཡིན། དཔྱད་རྩོམ་དེབ་འདི་ཕྱི་ལོ་ ༢༠༢༢ ལོ་ནས་བྲི་མགོ་བཙུགས་ཏེ་ད་ལོར་གཞི་ནས་ཚར་བ་ཞིག་ཆགས་ཡོད། དཔྱད་རྩོམ་འདི་འབྲི་དགོས་པའི་རྒྱུ་མཚན་ནི། ང་རང་བོད་ནས་བཙན་བྱོལ་དུ་བསླེབས་ནས་ལོ་ངོ་ཉི་ཤུ་འགྲོ་བཞིན་ཡོད་པ་དང་། ང་དང་འདྲ་བའི་བུད་མེད་བཙན་བྱོལ་དུ་སྐྱེས་པ་དང་བོད་ནས་འབྱོར་བ་སྟོང་ཕྲག་མང་པོར་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་གྱི་འོག་ནས་རྒྱལ་སྤྱིའི་ནང་འགྲོ་ཆོག་པའི་སྡིངས་ཆ་མང་པོ་བསྐྲུན་ཡོད། དེར་བརྟེན། འདི་ལོ་༧སྐྱབས་མགོན་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་ཀྱི་ཡོད་པ་དང་སྟབས་བསྟུན་ནས། ངས་ང་ཚོ་སྐྱེས་མ་ཚང་མའི་ཚབ་ཞུས་ཏེ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་སྐྱེས་མ་ཚང་མར་གོ་སྐབས་བསྐྲུན་པར་ཐུགས་རྗེ་བཀའ་དྲིན་ཞུ་སླད་དུ་བྲིས་པ་ཞིག་ཡིན། ཞེས་བརྗོད་སོང་།

ཡང་དཔེ་དེབ་ཀྱི་ནང་དོན་སྐོར་ལ་ཁོང་མོས། ནང་དོན་གྱི་ཆ་ནས་ཞུས་ན་དེབ་འདིའི་ནང་གཙོ་བོ་བཙན་བྱོལ་དུ་ཡོད་པའི་བུད་མེད་ཀྱི་གནས་སྟངས་དང་བསམ་བློ། དཀའ་ངལ། ཤེས་ཡོན་པའི་སྡེ་ཁག་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཉུང་ཉུང་ཡིན་སྟབས། དེབ་འདིའི་ནང་ང་ཚོས་ཤེས་དགོས་པའི་བུད་མེད་རྩོམ་པ་པོ་སྟེ། དབྱིན་ཡིག་བརྩམས་སྒྲུང་བྲིས་ཏེ་རྒྱལ་སྤྱིའི་ནང་འགྲོ་བཞིན་པའི་བུད་མེད་རྩོམ་པ་པོའི་སྐོར་ཡིན། དེབ་རྗེས་མའི་ནང་དུ་བོད་ཡིག་ནང་རྩོམ་འབྲི་མཁན་བུད་མེད་རྣམས་ཀྱི་སྐོར་བྲིས་ཡོད། དཔྱད་རྩོམ་འདིའི་ལེའུ་མཐའ་མའི་ནང་བཙན་བྱོལ་དུ་ཡོད་པའི་བུད་མེད་ཀྱི་ཤེས་ཡོན་གནས་ཚད་དང་བརྩམས་སྒྲུང་ཡར་རྒྱས་གཏོང་བར་ཐབས་ཤེས་ག་རེ་ཡོད་མེད་སྐོར་ཡིན། དེབ་འདིའི་ནང་དཔེ་མཚོན་གསུམ་བཀོད་ཡོད། གཅིག་ཚེ་རིང་དབང་མོ་ལྡོམ་པ་ཚང་ཡིན། མོ་རང་གི་བརྩམས་ཆོས་ལ་ཆ་བཞག་ན། མོ་རང་རྒྱ་གར་དུ་སྐྱེས་པ་དང་རང་ལོ་ཉེར་གསུམ་གྱི་སྟེང་ནས་དྲིན་ཆེན་ཨ་མ་དང་ཁ་བྲལ་རྗེས། ལུང་པ་མེད་པའི་སྐྱེས་མེད་ཅིག་གི་ཚོར་བ་དང་བརྩམས་ཆོས་འདོན་སྟངས་སྐོར་རེད།   དཔེ་མཚོན་གཉིས་པ་དེ་ཚེ་རིང་དབྱངས་འཛོམས་བླ་མའི་སྐོར་ལ་བྲིས་ཡོད།  དེང་རབས་རྩོམ་རིག་གི་ནང་ནས་མི་སྣ་བཞེངས་བསྐྲུན་བྱེད་པའི་བརྩམས་སྒྲུང་ཁྲོད། མོ་ནི་བཙན་བྱོལ་དུ་སྐྱེས་འཚར་བྱུང་བའི་སྐྱེས་མའི་ནང་ནས་ཚབ་མཚོན་རང་བཞིན་གྱི་མི་སྣ་ཞིག་ཏུ་བཞག་ན་འགྲིག་གི་བསམ་གྱི་ཡོད། ལྷག་པར་དུ་མོ་རང་གི་བརྩམས་སྒྲུང་བཀླགས་པ་ཡིན་ན། བརྩམས་སྒྲུང་ནང་གི་མི་སྣ་བཞེངས་བསྐྲུན་དང་མི་སྣའི་ངོ་སྤྲོད་བྱེད་པའི་རྣམ་པ་དེ་བོད་ནང་གི་བརྩམས་སྒྲུང་ཁག་དང་བསྡུར་བ་ཡིན་ན་ཐུན་མོང་མ་ཡིན་པའི་ལྟ་ས་ཞིག་འདུག་བསམ་གྱི་ཡོད།  དཔེ་མཚོན་གསུམ་པ་དེ་བསྟན་འཛིན་བདེ་སྐྱིད་ལགས་ཡིན། ང་ཚོར་བཙན་བྱོལ་དང་བོད་ནང་། ཕྱི་རྒྱལ་སོགས་སུ་རྩོམ་པ་པོ་མང་པོ་ཡོད་ཀྱང་། མོས་ང་ཚོར་དེབ་གཅིག་གི་སྟེང་དུ་ནུས་པ་མཉམ་སྤུངས་བྱས་ནས་འགྲོ་ཐུབ་པའི་ལམ་ཁ་ཡག་པོ་བསྟན་ཡོད། མོའི་བརྩམས་སྒྲུང་གི་ནང་དུ་རྒྱ་གར་དང་། བོད་ནང་དང་ཕྱི་རྒྱལ་སོགས་སུ་ཡོད་པའི་རྩོམ་པ་པོ་མང་པོའི་བརྩམས་སྒྲུང་ཕྱོགས་སྒྲིག་བྱས་ནས་འཁོད་ཡོད། དེས་ག་རེ་མཚོན་གྱི་ཡོད་ཟེར་ན། ང་ཚོ་ལུང་པ་མེད་པའི་མི་རིགས་ཤིག་ཡིན་ནའང་། ང་ཚོ་དཔེ་དེབ་ཀྱི་ཐོག་ནས་མཉམ་མཐུན་བྱེད་དགོས་པའི་དཔེ་མཚོན་ཡག་པོ་བསྟན་ཡོད།  ཅེས་བརྗོད་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས། དུས་རབས་ཉི་ཤུ་བའི་ནང་དཔེ་མཛོད་ཁང་ནས་བོད་ཀྱི་བུད་མེད་ཀྱིས་བོད་ཡིག་ཐོག་པར་སྐྲུན་བྱས་པའི་དེབ་ཕལ་ཆེར་གཅིག་ཀྱང་བྱུང་མི་འདུག དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གཞི་ནས་མགོ་བཙུགས་འདུག སྤྱིར་བཏང་བོད་ཀྱི་བུད་མེད་ཀྱི་བརྩམས་ཆོས་ཧ་ཅང་ཉུང་ཉུང་རེད། ཕྱི་ལོ་ ༢༠༢༠ ལོར་དབྱིན་ཡིག་ཐོག་བརྩམས་པའི་བོད་དང་ངའི་ལོ་རྒྱུས་ཞེས་པ་དེ་བོད་ཡིག་ནང་བསྒྱུར་བ་ཞིག་རེད། དེབ་དེ་བོད་ཡིག་ནང་བསྒྱུར་མཁན་བུད་མེད་ཡིན་པས་བུད་མེད་ཀྱི་བརྩམས་ཆོས་ཁོངས་སུ་འཇོག་གི་ཡོད། དེ་བཞིན་ལོ་དེའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགྲོ་གྲོན་བཏང་ནས་བོད་ཀྱི་དཔེ་མཛོད་ཁང་གིས་བཙུན་མ་བཅོ་ལྔ་ལྷག་གི་ལོ་རྒྱུས་པར་སྐྲུན་བྱས་ཡོད། དེ་ནི་བོད་ཀྱི་བུད་མེད་རྩོམ་པ་པོས་བཙོན་ཁང་ནང་གི་དཀའ་ངལ་བྲིས་པའི་ལོ་རྒྱུས་བརྩམས་ཆོས་རེད། ཕྱི་ལོ་ ༢༠༢༢ ལོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བསམ་གཞིགས་དང་ལྟ་ཚུལ་ཞེས་པའི་བོད་ཡིག་ཐོག་བརྩམས་ཆོས་པར་སྐྲུན་བྱས། ཕྱི་ལོ་ ༢༠༢༤ ལོར་དགེ་བཤེས་མ་ཕུན་ཚོགས་ཚུལ་འཛིན་ལགས་ཀྱིས་མཐོ་སྒང་ཇོ་མོའི་དཔྱད་གླེང་ཞེས་པ་དང་། ཤར་གླིང་ཟླ་སྒྲོན་ལགས་ཀྱི་བརྩམས་ཆོས་བོད་ནང་གི་ལོ་ཉི་ཤུ་ཞེས་པ་བོད་བསྒྱུར་བྱས་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས།  ཉེ་ཆར་ནུབ་སྒང་བྱམས་པ་བསྟན་དར་གྱིས་ཚེ་རིང་གཡང་འཛོམས་ཀྱི་སྒྲུང་རིང་བོད་བསྒྱུར་བྱས་ཡོད། དེ་ཡང་བུད་མེད་ཀྱི་བརྩམས་ཆོས་ཀྱི་ཁོངས་སུ་བཞག་ཆོག་པ་ཞིག་རེད། གཞན་ཡང་ཕྱི་ལོ་ ༡༩༩༣ ནས་ ༡༩༩༥ ཙམ་ལ་ཨ་མྱེས་རྨ་ཆེན་རིག་གཞུང་གཅེས་སྐྱོང་ཁང་གིས་ཡུམ་མཚོ་ཞེས་པའི་དུས་དེབ་ཅིག་བཏོན་ཡོད། དུས་དེབ་གྲངས་གསུམ་གྱི་ནང་དུ་རྩོམ་མང་པོ་ཡོད་ཀྱང་བུད་མེད་ཀྱིས་བྲིས་པའི་རྩོམ་གསུམ་མ་གཏོགས་མི་འདུག་ལ། དེའི་ཁྲོད་ཀྱི་བུད་མེད་གཉིས་ནི་བོད་ནང་ནས་བྲིས་པ་རེད་འདུག  བོད་ཀྱི་དཔེ་མཛོད་ཁང་ནས་ད་ལྟ་བར་དུ་ངག་རྒྱུན་ལོ་རྒྱུས་དེབ་གྲངས་ ༥༦ བཏོན་ཡོད་ཀྱང་། བུད་མེད་ཀྱི་ངག་རྒྱུན་ལོ་རྒྱུས་བཤད་མཁན་གྲངས་ ༢ ལས་བྱུང་མི་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་ཚོགས་པ་ཁག་གི་ལས་འགུལ་སོགས་ཀྱི་ནང་དུ་བུད་མེད་མཉམ་ཞུགས་བྱས་པའི་གྲངས་མང་པོ་ཡོད། ཡིན་ནའང་བོད་ཀྱི་སྐད་ཡིག་ནང་བྲིས་པའི་བརྩམས་ཆོས་ཀྱི་ཐོག་ནས་བུད་མེད་ལ་དཀའ་ངལ་འཕྲད་ཀྱི་འདུག ཅེས་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༣ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༤ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese