མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་བཀྲོངས་པ་གསལ་པོ་ཡིན་ཡང་ག་འདྲ་བཀྲོངས་ཡོད་མེད་ཁ་གསལ་བཟོ་ངེས་ཡིན་སྐོར་བརྗོད།

དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལྔ་ཡི་གོ་སྒྲིག་འོག དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོགས་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་གི་ཐོག་ནས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་རྗེས་དྲན་དང་། ཁོང་གི་མཛད་རྗེས་གླེང་སློང་དང་འབྲེལ་བའི་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད། དེ་ཡང་བོད་ནང་དུ་ཡོད་པའི་གཞིས་ལུས་བོད་མི་ཚོས་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་བློས་གཏོང་མང་པོ་གནང་ཡོད་པ་དེ་དག་དྲན་པ་བརྗེད་མེད་པ་དང་། བོད་ནང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གཙོས་པའི་བླ་སྤྲུལ་དང་མཁས་ཆེན་མང་པོ་ཞིག་གིས་བོད་མི་རིགས་ཀྱི་ཆེད་དུ་བློས་གཏོང་མང་པོ་གནང་གི་ཡོད་པ་དེ་དག་བོད་པའི་སྤྱི་ཚོགས་ནང་དུ་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་དམིགས་པ་ཞིག་རེད། ཅེས་དང་། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་སྤྲད་དེ། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ཝི་ཐི་ནམ་དུ་ཕེབས་དགོས་བྱུང་བ་དང་། རྒྱ་ནག་གིས་བོད་མི་རྣམས་ལ་གནོན་ཤུགས་མུ་མཐུད་དུ་སྤྲོད་ཀྱི་ཡོད་པས་དེ་ལ་གདོང་ལེན་བྱེད་དགོས་སྐོར། གཞིས་ལུས་བོད་མི་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་གཏོང་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་སྐུ་ལས་རབ་དང་རིམ་པ་བསྐྱོན་གྱི་ཡོད་པ་དེ་ལ་རྗེས་སུ་དྲན་པ་དང་། རང་དབང་ཡོད་པ་དེ་དག་ལོངས་སུ་སྤྱོད་དེ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་དཀའ་ལས་མུ་མཐུད་དུ་རྒྱག་དགོས་པའི་བརྡ་ལན་སྤྲོད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་དང་འབྲེལ་ནས་ད་ལྟའང་གནས་ཚུལ་ཆ་ཚང་བ་རག་གི་མེད་པ་དང་། ཁུངས་ལྡན་གྱི་གནས་ཚུལ་རག་པར་ཐབས་ཤེས་རིམ་པ་བྱེད་ཀྱི་ཡོད་པ་རེད། ཕྱི་དྲིལ་ལས་ཁུངས་ནས་དོན་གཅོད་ཁག་ལ་ཕྱག་བྲིས་བཏང་སྟེ། སོ་སོའི་ཁྱབ་ཁོངས་ཀྱི་གཞུང་དང་སྒྲིག་འཛུགས་ཁག་ལ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་བའི་ཐོག་ནས་གོ་རྟོགས་སྤེལ་རྒྱུ་དང་། གནོན་ཤུགས་སྤྲོད་རྒྱུའི་ལམ་སྟོན་གནང་ཡོད་པ་རེད། རྒྱལ་མཚམས་བརྒལ་བའི་གནས་སྟངས་འདི་དང་འབྲེལ་བའི་དཀའ་ངལ་དེ་དག་གདོང་ལེན་བྱེད་དགོས་པའི་རིམ་པ་གསར་པ་ཞིག་ལ་བསླེབས་འདུག་བསམ་གྱི་འདུག ཅེས་དང་། མ་འོངས་པར་བླ་མ་དང་མཁས་པ་སོགས་བོད་མི་སུ་འདྲ་ཞིག་ཡིན་རུང་ཕྱིའི་རྒྱལ་ཁབ་ལ་ཕེབས་སྐབས། སོ་སོའི་ངོས་ནས་གཟབ་གཟབ་བྱེད་དགོས་ཀྱི་ཡོད་སྐོར་དང་། བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱ་དགོས་གལ་ཆེ་སྐོར། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་སྤྲད་དེ་ཝི་ཐི་ནམ་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་བཀྲོངས་པའི་གནས་ཚུལ་དང་འབྲེལ་ནས་ཁུངས་ལྡན་གནས་ཚུལ་རག་པར་མུ་མཐུད་དུ་འབད་བརྩོན་བྱེད་བཞིན་ཡོད་སྐོར། མ་འོངས་པར་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་རྗེས་མ་དེ་བོད་ནང་དུ་འཁྲུངས་པའམ། ཡང་ན་རང་དབང་ཅན་གྱི་ལུང་པ་ཞིག་ལ་འཁྲུངས་རྒྱུའི་སྨོན་འདུན་ཞུ་ཡི་ཡིན་སྐོར་སོགས་གསུངས་སོང་།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། རིན་པོ་ཆེ་མཆོག་ནས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་མགོ་ལོག་ཁུལ་དུ་བསླེབས་སྐབས་རྒྱ་གཞུང་གི་འདོད་བློ་ལྟར་སྣེ་ལེན་མ་ཞུས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་ཤུགས་ཆེན་གནང་བ། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་བའི་ཉེས་བཙུགས་ཀྱི་རྐྱེན་གྱིས། རིན་པོ་ཆེ་མཆོག་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་ཏེ་ཉེན་གཡོལ་དུ་ཕེབས་ཡོད་ཀྱང་། རྒྱ་གཞུང་གིས་གནོན་ཤུགས་འོག་ཝི་ཐི་ནམ་ནང་སྐུ་བཀྲོངས་པ་གསལ་པོ་ཡིན་ཡང་། ག་འདྲ་བཀྲོངས་ཡོད་མེད་གསལ་ཁ་གང་ཡང་ཆགས་མེད་པས། བཙན་བྱོལ་གྱི་གཞུང་སྒེར་ཁག་ནས་མུ་མཐུད་དུ་གསལ་ཁ་བཟོ་ངེས་ཡིན་སྐོར་གསུངས་སོང་།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦

བཙུན་མ་དགེ་འདུན་བཟང་མོ་ལགས་ཀྱིས། ཕྱི་ལོ་ ༢༠༠༥ ལོར་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་མདོ་སྨད་ཚེ་རིང་ལྗོངས་བཀྲ་ཤིས་གཡས་འཁྱིལ་གླིང་ཞེས་པའི་བཙུན་དགོན་གསར་བཞེངས་གནང་ཡོད་ཅིང་། བཙུན་མའི་གྲྭ་ཚང་དུ་རྒྱུན་བཞུགས་ཀྱི་གྲངས་ ༢༠༠ ལྷག་ཅིག་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༤ ཡས་མས་སུ་བཙུན་མའི་སྒོམ་གྲྭ་རིག་སྟོང་བདེ་ཆེན་ཕོ་བྲང་གསར་བཞེངས་གནང་ཞིང་། དེའི་ནང་བཙུན་མའི་སྒོམ་གྲྭ་བའི་གྲངས་ ༡༦ ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༥ ཉིན་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་བཙུན་མ་རྣམས་ལ་སློབ་གཉེར་གྱི་གོ་སྐབས་དགོས་པ་གལ་ཆེན་དུ་དགོངས་ཏེ་བཙུན་མའི་བཤད་གྲྭ་དབྱངས་ཅན་བཞད་པའི་དགའ་ཚལ་ཞེས་པ་གསར་འཛུགས་མཛད་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

འདི་ལོའི་ཕྱི་ཟླ་ ༡ པོའི་ནང་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཨ་མ་གདུགས་དཀར་སྒྲོན་མ་ལགས་སུ་གཏམ་རྒྱུད་ཀྱི་རྣམ་པའི་འཕྲིན་ཡིག་ཅིག་བསྐུར་ཡོད་པའི་ནང་། རྩོག་གྲིབ་དེ་ཕྱི་ནང་གི་བར་ཆད་སྣ་མང་སློང་བའི་རྩ་བར་གྱུར་བ་དང་། རང་ཉིད་རྒྱང་དུ་བཞུད་དགོས་པའི་གོ་དོན་ལ་གཞོལ་ཞིང་འཇིགས་པ་དང་སྡུག་བསྔལ་གྱིས་ཁེངས་ཤིང་མི་ཚེའི་ལྷིང་འཇགས་ཞིག་པའི་འགུལ་བསྐྱོད་ཅིག་དང་དུ་བླང་བར་བརྩམས། སྔ་ཕྱི་གཉིས་ཀའི་རྔོན་པའི་དམིགས་ཡུལ་དུ་གྱུར་བས་ཉིན་དལ་མཚན་ཉལ་མེད་པ་ལྟ་བུའི་མི་ཚེ་ཞིག་ཏུ་གྱུར་བ་དང་། ཉིན་མོ་རི་དྭགས་དང་མཚན་མོ་འུག་པའི་རྟུལ་ཞུགས་ལྟར་འགྲུལ་བཞུད་མང་དུ་བྱས། འཛིན་པའམ་གསོད་པ་གང་རུང་བྱེད་དགོས་པའི་བཀའ་བབ། རྔོན་པ་དེ་དག་གི་ཀླད་པའི་རྩལ་དང་སྒྱུ་རྩལ་གྱི་ངོ་མཚར་ཡོ་ཆས་དང་། གཞན་ཡང་རྫས་དུག་དང་། འོད་དུག རེག་དུག་སོགས་ཅི་རིགས་བཀོལ་བར་བྱེད་དོ་ཅེས་པའང་ཐོས་པར་གྱུར་བ་དང་། རྙི་ལ་གཞུག་པའམ་གསོད་པའི་བྱེད་ཐབས་མང་དུ་བརྩམས། ཉིན་རེ་ཉིན་རེར་རྔོན་པའི་ཚོགས་དང་ཐག་ཇེ་ཉེ་རུ་ཕྱིན་པ་དང་། ཉིན་རེ་ཉིན་རེར་འཇིགས་པ་ཆེ་རུ་ཕྱིན། རྔོན་པ་ཚོས་ས་གནས་ཀྱི་རྔོན་པ་གཞན་པ་ཚོར་གསེར་གྱི་རྔན་པ་སྤྲད་ནས། ཞེས་གསལ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese