མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་བོད་ཀྱི་བདེན་པའི་འཐབ་རྩོད་བྱེད་པར་བོད་ཀྱི་རིག་གཞུང་དང་དེང་སང་གི་ཤེས་ཡོན་ཐོག་ལ་སློབ་གཉེར་བྱེད་དགོས་གལ་ཆེན་པོ་རེད་ཅེས་གསུངས།

དྷ་སྟེང་བོད་ཁྱིམ་དུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙིའི་ཆེད་ངག་རྩལ་འགྲན་བསྡུར་ཞིག་འཚོག་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་ (Hermann Gmeiner Hall) དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ཀྱི་གོ་སྒྲིག་འོག ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་གཙིའི་ཆེད་དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས་ཤིང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet’s Stolen Child) ཅེས་པ་དབུ་འབྱེད་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་དགེ་བཤེས་ལྷ་རམས་པ་བསྟན་འཛིན་རྡོ་རྗེ་མཆོག ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན། སློབ་གྲྭ་ཁག་གི་དགེ་རྒན་དང་། སློབ་ཕྲུག་སོགས་ལྷན་འཛོམས་གནང་སོང་།

དམིགས་བསལ་སྐུ་མགྲོན་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་དགེ་བཤེས་ལྷ་རམས་པ་བསྟན་འཛིན་རྡོ་རྗེ་མཆོག་གིས་གསུང་བཤད་གནང་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧

ཐོག་མར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དབུ་འབྱེད་གསུང་བཤད་དང་ལས་རིམ་ངོ་སྤྲོད་གནང་གྲུབ་མཚམས། དམིགས་བསལ་སྐུ་མགྲོན་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་དགེ་བཤེས་ལྷ་རམས་པ་བསྟན་འཛིན་རྡོ་རྗེ་མཆོག་གིས། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གི་ལོ་རྒྱུས་དང་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་དང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་སྐུ་འཁོར། དེ་བཞིན་བཀྲ་ཤིས་ལྷུན་པོའི་མཁན་པོ་བྱ་བྲལ་རིན་པོ་ཆེ་མཆོག་སོགས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༣༠ ཧྲིལ་པོ་འཁོར་ཡོད་ལ། ༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བ་དེས་བོད་བརྒྱུད་ནང་བསྟན་ཐོག་བློ་འཚབ་སྐྱེ་རྒྱུ་དང། བོད་མི་རྣམས་བློ་ཕམ་སྐྱེ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྐོར། ད་ལྟའི་ཆར་༧པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་མིན་དང་བདེ་འཇགས་ཡིན་མིན་གྱི་གནས་ཚུལ་སོགས་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་པ་རེད། མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱིས་རང་གི་མི་རིགས་ལ་རྒྱ་དང་ཞེན་ཁོག་ཡོད་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་འཛིན་སྐྱོང་སྤེལ་གསུམ་ཡོང་བར་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཞུ་ཡི་ཡིན། གཞན་ཡང་། ད་བར་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་། ཕྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཡོང་བའི་ཆེད་དུ་ལས་འགུལ་རབ་དང་རིམ་པ་སྤེལ་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན་སྐོར་སོགས་གསུངས་སོང་།

ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་ཆབ་སྲིད་དང་། བོད་མིའི་བདེ་དོན་དང་འབྲེལ་ནས་ལས་འགུལ་གང་འདྲ་ཞིག་སྤེལ་རུང་། ལྟ་གྲུབ་དང་སྲིད་ཇུས། ལངས་ཕྱོགས་གཅིག་ལ་གཞི་བཞག་ནས་ལས་འགུལ་སྤེལ་གྱི་ཡོད་པ་རེད། ད་བར་བཙན་བྱོལ་གཞུང་མང་གཉིས་ཀྱིས་རྒྱ་ནག་གི་བཙན་འོག་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་ཀློད་གྲོལ་གཏོང་ཐབས་སུ་རྒྱལ་སྤྱིའི་སྟེང་གོ་རྟོགས་སྤེལ་བ་དང་། བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་སྐོར་དང་། བོད་དོན་ལས་འགུལ་སྤེལ་བའི་སྐབས་བོད་མི་དང་སློབ་ཕྲུག་རྣམས་ཀྱིས་མཉམ་ཞུགས་དང་རྒྱབ་སྐྱོར་གནང་དགོས་གལ་ཆེ་སྐོར། བོད་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་འབད་བརྩོན་གནང་དགོས་གལ་ཆེན་པོ་ཡིན་པ་མ་ཟད། ངག་རྩལ་གྱི་ལས་རིམ་དེ་འདྲ་ཡང་ནས་ཡང་དུ་གོ་སྒྲིག་གནང་དགོས་གལ་ཆེ་སྐོར་དང་། སློབ་ཕྲུག་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཛད་པའི་སྨྲ་བརྗོད་བྲལ་བ་རྣམས་ཀྱི་འབོད་སྒྲ་ (Voice for the Voiceless)། མི་ལོ་བདུན་ཅུ་ལྷག་རིང་ངོས་ཀྱི་ཡུལ་དང་མི་དམངས་ཀྱི་ཆེད་རྒྱ་ནག་དང་འཐབ་རྩོད་ཅེས་པའི་ཕྱག་དེབ་ངེས་པར་དུ་ལྗགས་ཀློག་གནང་དགོས་སྐོར་སོགས་འགྲེལ་བརྗོད་གནང་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མཆོག་གི་ལོ་རྒྱུས་དང་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་དང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་སྐུ་འཁོར། དེ་བཞིན་བཀྲ་ཤིས་ལྷུན་པོའི་མཁན་པོ་བྱ་བྲལ་རིན་པོ་ཆེ་མཆོག་སོགས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་ལ། ད་ལྟའི་ཆར་༧པཎ་ཆེན་རིན་པོ་ཆེ་མཆོག་ས་གནས་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། བོད་མི་རྣམས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་གོ་རྟོགས་སྤེལ་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཞུ་གཏུག་བྱེད་དགོས་གལ་ཆེ་ལ། ཞུ་གཏུག་གི་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་གལ་ཆེ་སྐོར་དང་། རྒྱ་ནག་ནང་དུ་ཤུགས་རྐྱེན་ཐེབས་ཐུབ་རྒྱུའི་ཐབས་ལམ་ག་རེ་ཡོད་མེད་ཐོག་ལ་བསམ་བློ་གཏོང་དགོས་པ་དང་། དེ་འབྲེལ་གོ་བསྡུར་གནང་ཚེ་ཕན་ཐོགས་ཡོང་གི་ཡོད་སྐོར། བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་བ་དང་། བོད་ཀྱི་བདེན་པའི་འཐབ་རྩོད་བྱེད་པར་སློབ་སྦྱོང་ངེས་པར་དུ་དགོས་ཀྱི་ཡོད་པར་བརྟེན། སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་རིག་གཞུང་དང་དེང་སང་གི་ཤེས་ཡོན་ཐོག་ལ་སློབ་གཉེར་བྱེད་དགོས་གལ་ཆེན་པོ་རེད། སློབ་གཉེར་བྱས་པ་ཡིན་ན་༧པཎ་ཆེན་རིན་པོ་ཆེ་མཆོག་ཀློད་གྲོལ་ཡོང་ཐབས་དང་། བོད་དོན་བདེན་མཐའ་གསལ་བར་ཕྱག་ལས་རྒྱ་ཆེན་པོ་གནང་ཐུབ་ཀྱི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༧ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༧ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese