མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འདི་ལོའི་གོ་སྟོན་སྐབས་དམངས་གཙོའི་ཀ་བ་གསུམ་ཀའི་མཛད་གཙོ་རྣམས་སྡིངས་ཆའི་སྟེང་ཕེབས་ཐུབ་པ་བྱུང་བ་ནི་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམས་ཀྱི་གཟི་བརྗིད་རེད་ཅེས་གསུངས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ཟླ་ ༤ ཚེས་ ༢༦ ནས་ཕྱི་ཟླ་ ༦ ཚེས་ ༨ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་དང་། ཁེ་ན་ཊ། ཉི་ཧོང་བཅས་རྒྱལ་ཁབ་གསུམ་གྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ད་ལྟ་ཁེ་ན་ཊའི་ནང་དུ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཊ་ཊོ་རན་ཊོའི་མི་མང་ལ་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་ཕེབས་པ་བཞིན། འདི་ལོའི་ཟླ་བདུན་པའི་ནང་འཚོག་འཆར་ཡོད་པའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ལྔ་པའི་སྟེང་། ༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་སོགས་གསུངས་འདུག

དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་སྐབས། འདི་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་སྟབས། འདི་ལོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བྱམས་བརྩེ་ལོར་སྲུང་གཙིར་ཞུ་རྒྱུ་ཡིན་ཞིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༡༡ ལོར་མགོན་པོ་གང་ཉིད་མཆོག་རྗེ་དགེ་འདུན་གྲུབ་པའི་དགུང་ལོར་ཕེབས་པའི་སྐབས་དང་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་སྐབས་༸སྐུའི་ཡང་སྲིད་དང་འབྲེལ་ནས་བཀའ་སློབ་ཕེབས་རྒྱུ་ཡིན་སྟབས། ད་ལོའི་ཟླ་བ་བདུན་པའི་ནང་ཆོས་ཚོགས་ཀྱི་ཚོགས་ཆེན་ཞིག་འཚོག་རྒྱུ་ཡིན་པ་བརྒྱུད་གནས་ཚུལ་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན། ཞེས་དང་། དེ་བཞིན་མང་ཚོགས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་འགྲེལ་བཤད་གནང་བ་དང་འབྲེལ། འཛིན་སྐྱོང་བཀའ་ཤག་གིས་ལོ་གཅིག་གི་སྔོན་ཚུད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་སྐྱེད་དམ་བཅའི་ཐད་མང་ཚོགས་ལ་གོ་རྟོགས་སྤེལ་ཐབས་གནང་ཡོད་སྐོར་སོགས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་རྒྱའི་བཀའ་རྙོག་སེལ་ཐབས་དང་འབྲེལ་བའི་གནས་ཚུལ་འཐོན་མུས་ཡིན་པའི་མུར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་གནད་དོན་དེའི་ཐད་ལ་དོ་སྣང་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གནད་དོན་ཐད་འབད་བརྩོན་ཞུ་མུས་ཡིན་ཞིང་། འདས་ལོར་ཨ་རིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ (Tibet Resolve Act) གཏན་འབེབས་གནང་བ་དེས། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་བྱས་ཡོད་པ་མ་ཟད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསུམ་བཅུའི་དུས་དྲན་སྐབས་འཕྲིན་ཡིག་ཅིག་བསྐུར་བའི་ཁྲོད། ཨ་རི་གཞུང་གིས་ཨ་རིའི་རོགས་ཚོགས་མཚམས་འཇོག་བྱས་པར་སེམས་འཚབ་དང་ཨ་རིས་མུ་མཐུད་དུ་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུར་ཁས་ལེན་གནང་ཡོད་སྐོར་དང་། བོད་ཀྱི་འཐབ་རྩོད་སྲ་བརྟན་དང་ཚགས་ཚུད་ཡོད་སླད། འཛིན་སྐྱོང་གིས་ཀྱང་གང་ལྕོགས་ཀྱིས་འབད་བརྩོན་གནང་མུས་ཡིན་སྐོར་དང་།  བོད་མི་མང་དག་ཅིག་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྤོར་བྱེད་མུས་ཡིན་པས། མ་འོངས་པར་བོད་པའི་སློབ་གྲྭ་ཁག་གནས་ཐུབ་མིན་གྱི་སྐོར་དང་། དེ་བཞིན་སྐབས་བཅུ་བདུན་པའི་གྲོས་ཚོགས་བརྒྱུད་ཁྲིམས་ཞིབ་པ་རྣམ་པ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་ཁག་བསྐོས་ཐུབ་ཡོད་པས། སླེབས་ལ་ཉེ་བའི་གོ་སྟོན་སྐབས་དམངས་གཙོའི་ཀ་བ་གསུམ་སྡིངས་ཆའི་སྟེང་གནས་ཐུབ་པ་ནི།  སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམས་ཀྱི་གཟི་བརྗིད་དང་གྲུབ་འབྲས་ཡག་ཤོས་ཤིག་ཡིན་སྐོར་སོགས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཊར་གཞུང་འབྲེལ་ཕྱོགས་གནང་མུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༥།༥།༡༨

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཊའི་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭར་ཆེད་ཕེབས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དུ་དམ་དྲག་དང་ལྷག་པར་བོད་ཀྱི་ཆོས་རིག་སྦྱོང་སྤྱོད་ཐད་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་སྟབས། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་དང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པའི་ཁར། བོད་མི་ནང་ཁུལ་སྐད་ཆ་ཤོད་སྐབས་བོད་སྐད་བཤད་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་སྲིད་སྐྱོང་མཆོག་གིས་ཁེ་ན་ཊའི་ལ་ཝིལ་ཊོརེན་ཊོན་ (Belleville- Trenton) གནས་སྡོད་བོད་མི་རྣམས་ལ་ཐུག་འཕྲད་ཀྱིས། བོད་དོན་དང་བོད་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན། བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་སོགས་ཀྱི་ཐོག་ལ་གཏམ་བཤད་གནང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཁེ་ན་ཊའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཡི་ཝོན་བྷ་ཀེར་ (Yvon Baker) ལགས་སོགས་དང་མཇལ་འཕྲད་གནང་ཡོད་འདུག

གསར་འགོད་པ་དཔལ་ལྡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ནས་བསྡུ་སྒྲིག་བྱས། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༧ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༨ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese