མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོ་བརྒྱུད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྩི་བཀུར་དང་། བོད་པའི་རིག་གཞུང་ལ་བརྩི་མཐོང་བསླེབ་ཀྱི་ཡོད་པ་གསལ་བོ་རེད་ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།

 དེ་རིང་ཕྱི་ཚེས་ ༢༡ ནས་ ༢༧ བར་ཉིན་གྲངས་བདུན་རིང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་ཞིག་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས།  རྒྱ་གར་དང་བལ་ཡུལ་གྱི་བོད་སློབ་ཁག་ ༣༣ ནས་སཱི་ཤེས་ཡོན་མཐུན་སྦྱོར་བ་གྲངས་ ༦༦ མཉམ་ཞུགས་གནང་འདུག

ཐེངས་འདིའི་ཟབ་སྦྱོང་སྐོར་ལ་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་འདི་གའི་གསར་འགོད་པར། སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ལོ་འཆར་ཅན་ལྟར་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུ་བཞིན་ཡོད།ཐེངས་འདིའི་ཟབ་སྦྱོང་སྔོན་མ་དང་ཅུང་ཙམ་མི་འདྲ་བ་ཞིག་ནི་ནམ་རྒྱུན་སཱི་ཤེས་ཡོན་མཐུན་སྦྱོར་བ་རུ་ཁག་གསུམ་དུ་བགོས་ཏེ་རུ་ཁག་སོ་སོར་ཟབ་སྦྱོང་སྤྲོད་བཞིན་ཡོད་ཀྱང་། ད་ལན་སཱི་ཤེས་ཡོན་མཐུན་སྦྱོར་བའི་རུ་ཁག་གསུམ་པོ་མཉམ་ཞུགས་གནང་བཞིན་ཡོད་པས་ཟབ་སྦྱོང་གི་ཉིན་གྲངས་ཀྱང་མང་དུ་བཏང་ཡོད། ཟབ་སྦྱོང་ཉིན་རེའི་ནང་ཉུང་མཐར་ཚོགས་ཐུན་ལྔ་དྲུག་ཡོད། ཉིན་གསུམ་རིང་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དང་། ཉིན་གསུམ་རིང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་སྦྱོང་བྱ་རྒྱུ་ཡིན། ཞེས་དང་། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སཱི་ཤེས་ཡོན་སློབ་གསོ་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད་ལ། ཤེས་ཡོན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་གཞི་བཟུང་ཤེས་རིག་ལས་ཁུངས་ཀྱིས་ལག་ལེན་དུ་བསྟར་བཞིན་ཡོད་པ་དང་། མ་འོངས་བའང་སཱི་ཤེས་ཡོན་སློབ་གསོའི་ཐོག་མུ་མཐུད་དུ་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་གསུང་བཤད་གནང་། ༢༠༢༥།༥།༢༡ དུས་བབ་ཀྱི་པར།

འདི་གའི་གསར་འགོད་པས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་རྒྱལ་སྤྱིའི་ཐོག་གི་སཱི་ཤེས་ཡོན་སློབ་གསོའི་སྐོར་དྲིས་པར་ཁོང་གིས། སྤྱིར་འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་ཐོབ་ཡོད་ཅིང་།  ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ ༧༨ ནང་སཱི་ཤེས་ཡོན་སློབ་གསོའི་ལས་གཞི་ལག་བསྟར་བྱེད་བཞིན་པ་རེད། ཕྱི་ལོ་ ༢༠༢༤ ཟླ་ ༥ བར་གྱི་གྲངས་ཐོ་ལྟར་ན་སློབ་ཕྲུག་གྲངས་ས་ཡ་ ༡༧ ལྷག་གིས་སློབ་གཉེར་བྱས་ཡོད་འདུག སྰི་ཤེས་ཡོན་མཐུན་སྦྱོར་བ་གྲངས་ ༡༠༠༠ ལྷག་ཡོད། ང་ཚོ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ ༥༠ ལྷག་ཡོད། དེའི་ཁྲོད་རྒྱ་གར་དང་བྷ་རཱ་ཛིལ་སོགས་ཀྱི་རྒྱལ་ཁབ་ཁག་ཅིག་གིས་རང་ཉིད་ཀྱིས་སཱི་ཤེས་ཡོན་མཐུན་སྦྱོར་བའི་སྦྱོར་བརྡར་བྱེད་ཐུབ་ཀྱི་ཡོད་པས། དེ་དག་ང་ཚོས་གྲངས་ཐོའི་ནང་དུ་བླངས་ཡོད་པ་མ་རེད། སཱི་ཤེས་ཡོན་སློབ་གསོས་དགེ་རྒན་དང་སློབ་ཕྲུག་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་མ་ཟད། ཁྱིམ་ཚང་ནང་གི་བཟའ་ཚང་དང་བུ་ཕྲུག་སོགས་ཀྱི་མཐུན་ལམ་དང་འབྲེལ་བ་ཡག་པོ་ཡོང་བར་ཕན་ཐོགས་ཡོང་གི་འདུག དེའང་རྒྱལ་ཁབ་གཅིག་གཉིས་ཤིག་གི་ནང་དུ་བྱུང་བ་ཞིག་མ་རེད། སཱི་ཤེས་ཡོན་སློབ་གསོའི་ལས་གཞིའི་ཐོག་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་མང་པོར་ཐུག་དུས། སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞིས་སྤྱི་ཚོགས་ནང་དང་བུ་ཕྲུག་གི་དཀའ་ངལ་སེལ་བར་རྨི་ལམ་འགྲུབ་སོང་ཟེར་གྱི་འདུག སཱི་ཤེས་ཡོན་སློབ་གསོ་བརྒྱུད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྩི་བཀུར་དང་། བོད་མི་དང་བོད་པའི་རིག་གཞུང་ལ་བརྩི་མཐོང་བསླེབ་ཀྱི་ཡོད་པ་གསལ་བོ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

མཛད་སྒོའི་ཐོག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ང་ཚོས་ཤེས་བྱ་རིག་པའི་གནས་ཐམས་ཅད་ཤེས་ཀྱི་མེད་ཀྱང་། ཡིན་གཅིག་མིན་གཅིག་ཤེས་དགོས་པ་དེ་ཡག་པོ་ཤེས་དགོས། ཡིན་དགོས་མིན་གཅིག་ཤེས་དགོས་པའི་ནང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའམ་སཱི་ཤེས་ཡོན་སློབ་གསོ་ཞེས་པ་དེ་གལ་ཆེ་ཤོས་ཤིག་རེད། དེ་གལ་ཆེན་པོ་ཡིན་ཚུལ་ང་ཚོས་བཤད་ནས་ཕན་ཐོགས་ཀྱི་མེད་པར་སོ་སོས་བསམ་བློ་གཏོང་དགོས། སོ་སོའི་ཁྱིམ་ཚང་ནང་རྟག་ཏུ་རྒྱག་རེས་བྱས་ན་ཡག་གམ། ཁོང་ཁྲོ་ཉུང་ཙམ་བསྟན་ནས་འཆམ་པོ་བྱས་ན་ཡག་པོ་རེད། དེ་ནི་རང་ཉིད་ཀྱི་ཉམས་མྱོང་སྟེང་ནས་མྱོང་དགོས་པ་ལས། ཡིན་གཅིག་མིན་གཅིག་ཚན་རིག་གི་བརྟག་དཔྱད་བྱེད་དགོས་པ་ཞིག་མ་རེད། སཱི་ཤེས་ཡོན་སློབ་གསོས་འཛམ་གླིང་དུ་ཞབས་འདེགས་ཞུ་བཞིན་ཡོད་ཀྱང་། གལ་ཆེ་བ་དེ་སོ་སོའི་ཁྱིམ་ཚང་གི་འཆམ་མཐུན་ནས་མགོ་བཙུགས་དགོས་པ་དང་། དེ་བཞིན་བོད་སྤྱི་པའི་དོན་དུ་ཕན་ཐོགས་པའི་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་བཤད་གནང་། ༢༠༢༥།༥།༢༡ དུས་བབ་ཀྱི་པར།

 ཐེངས་འདིའི་ཟབ་སྦྱོང་ནང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། སཱི་ཤེས་ཡོན་སློབ་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པ་བགྲེས་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་ཁྲིད་གནང་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༢ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༨ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese