མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གི་གོ་སྒྲིག་འོག་གནས་མཇལ་བ་ ༧༥༠ ཨུ་ཌར་ཁན་པུ་ལེག་ལ་དང་འབྲས་ལྗོངས་ཀྱི་སྣ་ཐོད་ལ་བརྒྱུད་བོད་ཀྱི་གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།

ཁ་སང་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་གོ་སྒྲིག་འོག  རྩིས་འཕྲུལ་རྒྱན་དཀྲུག་(Computerized lottery)བྱས་པ་བརྒྱུད། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ནས་གངས་རིན་པོ་ཆེར་གནས་མཇལ་དུ་འགྲོ་མཁན་ ༧༥༠ གཏང་རྒྱུ་ཡིན་འདུག་ལ། འདི་ལོར་གངས་རིན་པོ་ཆེར་གནས་མཇལ་དུ་འགྲོ་འདོད་ཡོད་མཁན་སྐྱེས་པ་ ༤༠༢༤ དང་བུད་མེད་ ༡༥༣༧ བཅས་ཁྱོན་མི་གྲངས་ ༥༥༦༡ གིས་རྒྱན་ཁོངས་སུ་འཛུལ་ཞུགས་བྱས་ཡོད་འདུག

འདི་ལོའི་གནས་མཇལ་བའི་ནང་མི་གྲངས་ ༥༠ ཅན་གྱི་སྡེ་ཚན་མི་འདྲ་བ་ ༡༥ རུ་བགོས་ཡོད་པའི་ཁྲོད། སྡེ་ཚན་ལྔས་རྒྱ་གར་བྱང་རྒྱུད་ཀྱི་ཨུ་ཐར་ཀན་མངའ་སྡེའི་ལི་པུ་ལེག་ལ་ ( Lipulekh Pass) བརྒྱུད་ནས་གནས་མཇལ་དུ་འགྲོ་རྒྱུ་དང་།   སྡེ་ཚན་བཅུས་རྒྱ་གར་བྱང་ཤར་ཁུལ་འབྲས་ལྗོངས་ཀྱི་སྣ་ཐོད་ལ་(Nathu La) བརྒྱུད་ནས་གནས་མཇལ་དུ་འགྲོ་རྒྱུ་ཡིན་ཞིང་།  རྒྱ་གར་བྱང་རྒྱུད་ཀྱི་ཨུ་ཐར་ཀན་མངའ་སྡེའི་ལི་པུ་ལེག་ན་འགྲོ་མཁན་གྱི་གནས་མཇལ་བ་རེ་རེས་འགྲུལ་གླ་སོགས་ཧིན་སྒོར་འབུམ་༡།༧༤ དང་། སྣ་ཐོད་ལ་ནས་འགྲོ་མཁན་ཚོས་ཧིན་སྒོར་འབུམ་ ༢།༨༣ སྤྲོད་དགོས་ཀྱི་ཡོད་འདུག་ལ། སྡེ་ཚན་ཚང་མའི་གནས་མཇལ་དུས་ཡུན་བདུན་ཕྲག་གཉིས་ཡིན་འདུག

གནས་ཚུལ་དེའི་ཐད་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་ཀིར་ཏི་ཝར་དྷན་སིང་(Kirti Vardhan Singh )མཆོག་གིས། གནས་མཇལ་བའི་འགྲོ་ལམ་གཉི་ཀར་རྐང་ཐང་དུ་ཅུང་ཙམ་འགྲོ་དགོས་པ་ལས། རླངས་འཁོར་སོགས་ཀྱིས་འགྲོ་འོང་བྱེད་ཆོག་ལ། དྲ་ལམ་ནས་དྲང་བདེན་དང་ཕོ་མོའི་གྲངས་འབོར་འདྲ་མཉམ་གྱི་ཐོག་ནས་འདེམས་སྒྲུག་བྱུང་བ་རྣམས་ལ་སྒེར་གྱི་ཁ་པར་དང་གློག་འཕྲིན་དུ་བརྡ་འཕྲིན་བསྐུར་ཡོད། རང་ངོས་ནས་གངས་རིན་པོ་ཆེར་གནས་མཇལ་དུ་འགྲོ་བའི་དྲ་ཚིགས་ནས་གནས་ཚུལ་འཚོལ་ཞིབ་དགོས་པའང་གལ་ཆེན་པོ་རེད་ཅེས་གསུངས་འདུག

ཡང་ཁོང་གིས། རྒྱ་གར་གཞུང་གིས་གནས་མཇལ་བ་རྣམས་ལ་མཐུན་རྐྱེན་འཛོམས་པ་དང་། འགྲིམ་འགྲུལ། བདེ་འཇགས་ཀྱི་ཐད་ལ་ཤུགས་སྣོན་རྒྱག་གི་ཡོད། གནས་མཇལ་སྐབས་འགན་འཁྲིའི་འདུ་ཤེས་ཡོད་པ་དང་དོན་སྙིང་ལྡན་པའི་ཐོག་ནས་ཕན་ཚུན་ལ་རོགས་འདེགས་དང་ལྷག་པར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་འགན་ཁུར་དགོས། ཞེས་འབོད་སྐུལ་གནང་འདུག

ཉེ་སྔོན་ཕྱི་ཟླ་ ༣ ཕྱི་ཚེས་ ༢༥ ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་སྐུ་ཞབས་གྷུ་རང་དྷལ་(Gourangalal Das)  མཆོག་གིས་སྣེ་འཁྲིད་པའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱིན་ཏེ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་རྒྱ་མཚོ་དང་རྒྱལ་མཚམས་ལས་དོན་གྱི་འགན་འཛིན་ཧོང་ལིང་(Hong Liang) ཟེར་བས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ཐུག་འཕྲད་གནང་སྟེ། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཐིག་(LAC) གི་གནས་སྟངས་ལ་བསྐྱར་ཞིབ་བྱས་ཏེ། ས་ཐིག་གི་རྒྱུད་དུ་གནས་པའི་ཆུ་བོ་དང་གངས་རིན་པོ་ཆེ་སོགས་རྒྱལ་མཚམས་ལས་བརྒལ་བའི་མཉམ་ལས་དང་བརྗེ་རེས་ཀྱི་ལས་གཞི་ཁག་སླར་གསོ་བྱེད་པར་མོས་མཐུན་བྱུང་ཡོད་པ་སོགས། སྔ་གཞུག་ཏུ་རྒྱ་དཀར་ནག་གཉིས་ཀྱི་གནད་ཡོད་མི་སྣ་བར་གླེང་སློང་བྱས་ནས་གྲོས་མཐུན་བྱུང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་ཕྱི་འབྲེལ་ལྷན་ཁང་དང་ཨུ་ཌར་ཁན་མངའ་སྡེ་གཞུང་གི་མཐུན་འགྱུར་འོག གངས་རིན་པོ་ཆེར་གནས་མཇལ་དུ་འགྲོ་བའི་སྐོར་དང་འབྲེལ་བའི་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་། སྐབས་དེར་གནས་སྐོར་བ་སྣེ་ལེན་སོགས་ཀྱི་འགན་དབང་ཨུ་ཌར་ཁན་མངའ་སྡེ་གཞུང་གི་(Kumaon Mandal Vikas Nigam Limited)མགྲོན་གཉེར་ཁང་ལ་རྩིས་སྤྲད་ཡོད་འདུག

ཕྱི་ལོ་ ༡༩༨༡ ལོར་རྒྱ་དཀར་ནག་གཉིས་ཀྱི་མཉམ་འབྲེལ་གྲོས་ཆོད་ཀྱི་དགོངས་དོན་བཞིན།  རྒྱ་གར་གྱི་ཧིན་དྷུ་ཆོས་པ་རྣམས་བོད་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་སྐོར་དུ་གཏོང་མགོ་ཚུགས་ཡོད་ཀྱང་། ཏོག་དབྱིབས་རིམས་ནད་དང་རྒྱ་དཀར་ནག་གཉིས་ཀྱི་གྷལ་ཝན་ལུང་གཞོང་གི་དམག་འཁྲུག དེ་བཞིན་ཕྱོགས་གཉིས་ཀྱི་མཐའ་མཚམས་ས་ཐིག་(LAC)  གི་རྩོད་རྙོག་མུ་མཐུད་ནས་བྱུང་བའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་རྒྱ་གར་བ་རྣམས་བོད་ཀྱི་གངས་རིན་པོ་ཆེར་གནས་སྐོར་དུ་འགྲོ་རྒྱུར་ཚོད་འཛིན་བཀག་སྡོམ་བྱས་ཡོད་པ་རེད།

གནས་མཆོག་གངས་རིན་པོ་ཆེ་ནི་བོད་ཀྱི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་བྱང་རྒྱུད་ཀྱི་མ་ཕམ་གཡུ་མཚོའི་ཉེ་ཁུལ་དུ་ཆགས་ཤིང་། ནང་པ་དང་ཧིན་དྷུ། རྗེའུ་ཆོས་ལུགས། བོན་བཅས་ཀྱི་གནས་ཁྱད་པར་ཅན་ཞིག་ཡིན་ལ། ལོ་ལྟར་གངས་རིན་པོ་ཆེར་གནས་བསྐོར་དུ་འགྲོ་བ་ནི་ལོ་གསར་པ་ཞིག་གི་ཆོས་ཕྱོགས་ཀྱི་འགྲུལ་བཞུད་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ལ། བོད་རང་དབང་རང་བཙན་ཡིན་པའི་སྐབས་སུ་གནས་མཆོག་དེར་བཀག་སྡོམ་གང་ཡང་མེད་ཀྱང་། བོད་ས་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་རྗེས་གངས་རིན་པོ་ཆེ་སོགས་སུ་གནས་སྐོར་དུ་འགྲོ་བར་ཐ་ན་བོད་ནང་གི་གནས་མཇལ་བ་ཚོ་ལའང་སྟངས་འཛིན་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། ལོ་ལྟར་ཚོང་རྫས་ལྟ་བུ་ཞིག་ཏུ་བསྒྱུར་ནས་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese